སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་110འཚོགས་པ།
སྤེལ་དུས། 2017-05-18   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  གཡུ་སྒྲོན་གྱིས་བསྒྱུར།
      བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་དང་འབྲེལ་གསུང་བཤད་ཀྱང་གནང་བ།
      ཚེས་16ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་110འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
      རྡོ་ཐོགས་དང་། སྐར་མ། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ལི་ཝུན་ཧན། ཉི་མ་ཚེ་རིང་། ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
      ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་དུས་ཚིགས་དང་པོའི་དཔལ་འབྱོར་དུས་བབ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་27གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
      ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་32དང་33གྱི་གྲོས་རིམ(འཆར་ཟིན)དང་དེ་བཞིན་ཉིན་རེའི་ལས་རིམ་བཀོད་སྒྲིག་ལ་ཞིབ་འཇུག་བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་32པ་ཟླ་5ཚེས་17ཉིན་ལྷ་སར་འཚོག་རྒྱུ་དང་། གྲོས་འགོ་བཏོན་པའི་ཚོགས་འདུའི་གྲོས་རིམ་གཙོ་བོའི་ནང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་27གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་བསྐོ་འཐེན་བྱ་རྒྱུའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་སོགས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་33པ་ཟླ་ལྔ་པའི་ཟླ་མཇུག་ཏུ་ལྷ་སར་འཚོག་རྩིས་ཡོད་པ་དང་། གྲོས་འགོ་བཏོན་པའི་ཚོགས་འདུའི་གྲོས་རིམ་གཙོ་བོའི་ནང《བོད་རང་སྐྱོང་ལྗོངས་ཀྱི་ཐན་འགོག་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་དང་།《བོད་རང་སྐྱོང་ལྗོངས་ཀྱི་བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་གཟེངས་བསྟོད་བྱ་དགའ་དང་ཁེ་དབང་འགན་ལེན་སྐོར་གྱི་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ།《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ།《བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་སྲུང་སྐྱོང་དང་འཕེལ་རྒྱས་སྐོར་གྱི་སྲོལ་ཡིག(འཆར་ཟིན)ལ་གྲོས་ཞིབ།《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བཅས་དང་།《ཉིང་ཁྲི་གྲོང་ཁྱེར་ས་གནས་ཀྱི་ཁྲིམས་འཛུགས་སྲོལ་ཡིག》ལ་ཞིབ་བཤེར་ཆོག་མཆན་སྤྲད་རྒྱུ་དང་།《ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག》ལ་ཞིབ་བཤེར་ཆོག་མཆན་སྤྲད་རྒྱུ།《རང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་ལོག་རང་མིའི་ཁྱིམ་མིའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས〉ལག་བསྟར་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛིན་བྱེད་པོར་དབང་ཆ་སྤྲོད་པའི་གཏན་འབེབས(འཆར་ཟིན)》སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཆོས་ལུགས་ཕྱི་འབྲེལ་ལས་དོན་དང་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ལྷན་གྱིས་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་གྲོས་གཞིར་གྲོས་ཞིབ་བྱེད་པ།《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》དང《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཁྲིམས ་འཛིན་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུར་གྲོས་ཞིབ། བསྐོ་འཐེན་བྱ་རྒྱུའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་སོགས་ཡོད།
      ཚོགས་འདུའི་ཐོག《རང་ལྗོངས་ཀྱི“ལྔ་དྲུག”བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྒྲིག་ལས་དོན་བསྒྲུབས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུའི》སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། སྲིད་གཞུང་གཞུང་དོན་ཐིང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་སྒྲུབ་གཉེར་བྱ་རྒྱུར་པར་བརྒྱབ་ནས་སྐྱེལ་བ་དང་ཆབས་ཅིག་བསྒྲུབ་རྒྱུར་ལྟ་སྐུལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      ཚོགས་འདུའི་ཐོག་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཀྱི་གནས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ་གསན་ཞིང་། མི་དམངས་འཐུས་ཚོགས་གཞུང་དོན་ཐིང་དང་ཆེད་དམིགས་ལས་དོན་ཨུ་ལྷན་ཁག་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དང་དཔྱད་གཞིར་ནན་ཏན་འཛིན་ནས་ལས་ཀའི་བསམ་ཕྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
      བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་གྲུབ་ཆའི་མི་སྣ་དང་། ཆེད་དམིགས་ལས་དོན་ཨུ་ལྷན། གཞུང་དོན་ཐིང་བཅས་ཀྱིས“འདུ་ཤེས་བཞི”དང་ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་བརྟན་པོ་འཆང་བ་དང་། ཁྲིམས་འཛིན་གྱི་འགན་འཁྲི་འཁུར་བའི་བྱ་སྤྱོད་ངོ་མར་བརྟེན་ནས་ཏང་གི་བྱ་གཞག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ལྷག་བསམ་རྣམ་དག་བྱེད་པ་མཚོན་པ་དང་། བློ་བརྟན་འགྱུར་མེད་ཀྱི་མིག་ལྟོས་བྱ་སྤྱོད་ལ་བརྟེན་ནས་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་བྱེད་པ།“རང་རྟོགས་དང་། ནན་ཏན། ཕན་འབྲས”བཅས་ཀྱི་བླང་བྱ་དང་ཚད་གཞིར་བརྟེན་ནས་ནན་ས་ནས་དམ་འཛིན་དང་ཕན་པ་ཐོན་སར་ཤུགས་རྒྱག་པ་དང་། གཏན་འཁེལ་བྱས་རྗེས་བཀོད་སྒྲིག་ལ་ལག་ལེན་ནན་པོ་བསྟར་བ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་ཀྱིས་ལོ་འཁོར་གྱི་ལས་དོན་ཁག་སྦྲེལ་མཐུད་དམ་ཟབ་དང་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
      ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716