སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་བྱེད་པ།
སྤེལ་དུས། 2017-06-06   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོ།
——བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དོན་འཁྱོལ་གྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བའི་སྐོར་གྱི་དངོས་བྲིས།
          ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ལག་བསྟར་གྱི་མཐོ་རླབས་འཕྱུར་བའི་དུས་མཚམས་སུ་སླེབས་ཡོད། ཞི་ཅིན་ཕིང་གིས་རེས་སྐོར་འདིའི་སྒྱུར་བཅོས་བྱེད་འགོ་འཛུགས་སྐབས“བྱས་པའི་རྗེས་དང་འདྲུད་པའི་ཤུལ”དགོས་པ་དང་། “བཀོད་སྒྲིག་བཅུ་ཆ་གཅིག་དང་དོན་འཁྱོལ་བཅུ་ཆ་དགུ”ཞེས་བཏོན་གནང་བ་དེ་སྒྱུར་བཅོས་ལས་ཀའི་ལེགས་བཤད་དུ་གྱུར་ཡོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་34པའི་ཐོག་ལྟ་ཞིབ་ནི་དོན་འཁྱོལ་དམ་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་སྔར་བས་བསྟན་གནང་ཡོད། དང་ཐོག་ཆེད་མངགས་ལྟ་ཞིབ་སྟོབས་ཤུགས་བཀོད་སྒྲིག་བྱེད་དགོས་པའི་ནན་བཤད་བྱས་པ་ནས་ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་སྒྱུར་བཅོས་ལྟ་ཞིབ་དོན་འཁྱོལ་གྱི་ལས་དོན་སྐོར་ལ་ཆེད་དོན་ཞིབ་འཇུག་བྱས་པའི་བར་དང“ལྟ་སྐུལ་གསུམ་དང་ཞིབ་བཤེར་གསུམ”གསལ་པོ་བཏོན་པ་དང་ལྟ་ཞིབ་ལས་ཀའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་སྔར་བས་མཐོ་རུ་གཏོང་བའི་བར་བཅས་ཕྱོགས་ཡོངས་ནས་སྒྱུར་བཅོས་་གཏིང་ཟབ་ཏུ་གཏོང་རྒྱུར་གོམ་གང་སྐུལ་འདེད་བཏང་ཚེ་ཏང་ཀྲུང་དབྱང་གིས་ལྟ་ཞིབ་ལ་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་བླང་བྱ་སྔར་བས་མཐོ་རུ་བཏང་ཡོད།
          2015ལོ་ནས་བཟུང་ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་ཕྲའི་ལས་ཀའི་བཀོད་སྒྲིག་ཐེངས་མང་གནང་བ་དང་ལྟ་ཞིབ་དོན་འཁྱོལ་བྱེད་པའི་ཐད་སྐུལ་འདེད་དང་། ཚད་ལྡན། མཛུབ་ཁྲིད་བཅས་བྱས་པ་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལྟ་ཞིབ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ལྟ་ཞིབ་ལས་དོན་དེ་གནས་བབ་དེ་བས་གལ་ཆེ་བའི་ཐོག་བཞག་ཡོད།
          ད་ཆ་སྒྱུར་བཅོས་ལྟ་ཞིབ་ལས་དོན་དེ་འཆར་གཞི་བཟོ་བ་ནས་ལམ་སྲོལ་འཛུགས་པའི་བར་དང་། གཙོ་གནད་ལ་དམ་འཛིན་བྱེད་པ་ནས་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བའི་བར། ཀྲུང་དབྱང་གིས་སྐུལ་འདེད་གཏོང་བ་ནས“མཐའ་མའི་འགག་གནད”དོན་འཁྱོལ་བྱེད་པའི་བར་ཤུགས་འདོན་གནད་འཕིགས་དང་གོམ་རེར་སྒར་རེ་བརྒྱབ་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ་རེད།
          “སྒྱུར་བཅོས་གང་དུ་འབྱོར་ཚེ་ལྟ་ཞིབ་ཀྱང་དེ་གར་རྗེས་སྙེག་བྱེད་དགོས”——བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ལྟ་ཞིབ་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་དོ་སྣང་ཆེན་པོ་གནང་ཡོད།
          2014ལོའི་ཟླ་9ཚེས་29ཉིན་པེ་ཅིང་དུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་5པ་འཚོགས་པ་རེད།
          “ཆེད་དོན་ལྟ་ཞིབ་སྟོབས་ཤུགས་བཀོད་སྒྲིག་གང་ལེགས་བྱས་ཏེ་སྒྱུར་བཅོས་ཇུས་གཞི་འགངས་ཆེན་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱེད་པ་དང་སྒྱུར་བཅོས་གང་དུ་སླེབས་ཚེ་ལྟ་ཞིབ་ཀྱང་དེ་གར་རྗེས་སྙེག་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་སྒྱུར་བཅོས་ཀྱི་ཇུས་གཞི་བཟོ་བ་དང་དོན་འཁྱོལ་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྒྱུར་བཅོས་ལྟ་ཞིབ་ཀྱི་འགག་སྒོ་ནན་པོ་སྲུང་དགོས་ཞེས་གསལ་པོ་བཏོན་གནང་བ་རེད།
          ལོ་གསུམ་ལྷག་ཙམ་རིང་ལྟ་ཞིབ་ལས་དོན་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལས་དོན་ཁག་ལ་གཞོགས་འདེགས་དམ་ཟབ་བྱ་རྒྱུ་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་དམ་འཛིན་ལྷོད་མེད་དང་གཏིང་ཟབ་ཏུ་དང་ཞིབ་ཚགས་སུ་ཟམ་མི་ཆད་པར་གཏོང་བའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན།
          —— ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་21པས་སྒྱུར་བཅོས་དོན་འཁྱོལ་དང་ལྟ་ཞིབ་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་ཏེ་ལྟ་ཞིབ་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལྟ་ཞིབ་ཀྱི་འགན་ནུས་ཤུགས་ཆེར་གཏོང་བ་དང་། ལྟ་ཞིབ་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གོང་འོག་སྦྲེལ་མཐུད་དང་གཡས་གཡོན་མཉམ་འགུལ་བཅས་ཀྱི་ལྟ་ཞིབ་ལས་ཀའི་བཀོད་པ་སྐྲུན་རྒྱུར་དམ་འཛིན་བྱས་པ་རེད།
          —— ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་26པའི་ཐོག《ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྒྱུར་བཅོས་ལྟ་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་ལྟ་ཞིབ་ལས་ཀའི་བརྟག་ཐབས་སྨྲ་བ་ཅུང་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་ཏེ“ལྟ་སྐུལ་གསུམ་དང་ཞིབ་བཤེར་གསུམ”གསལ་པོ་བཏོན་པ་སྟེ། ལས་འགན་དང་། མྱུར་ཚད། ཕན་འབྲས་བཅས་ལ་ལྟ་སྐུལ་བྱེད་དགོས་ལ་ངོས་འཛིན་དང་། འགན་འཁྲི། སྤྱོད་ཚུལ་བཅས་ལའང་ཞིབ་བཤེར་བྱེད་དགོས་ཀྱི་ཡོད།
          —— ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་33པའི་ཐོག་རིམ་ཁག་འགན་ཁུར་བློ་མཐུན་གཙོ་བོས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་བྱས་ཚུལ་སྐོར་གྱི་སྙན་ཞུ་ཆེད་མངགས་ཉན་པ་དང“འགོ་ཁྲིད་གཙོ་བོས”སྒྱུར་བཅོས་ཀྱི་ཇུས་གཞི་བཟོ་བ་དང་། བཀོད་སྒྲིག་ལག་བསྟར། སྲིད་ཇུས་འདོན་པ། ལྟ་ཞིབ་དོན་འཁྱོལ་བཅས་ལ་དམ་འཛིན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
          —— ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་34པའི་ཐོག་ལྟ་ཞིབ་ལས་ཀའི་བརྟག་ཐབས་སྨྲ་བར་སླར་ཡང་གནད་སྨིན་རྒྱས་བཤད་བྱས་ཏེ་ལྟ་ཞིབ་ལས་དོན་ཁྲོད་ཇི་ལྟར་བྱས་ཏེ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པ་དང་འགན་འཁྲིའི་བྱེད་པོར་ཇི་ལྟར་བྱས་ཏེ་དམིགས་རྒྱུར་སྣང་ཆེན་བྱས་ནས་ལྟ་ཞིབ་ཀྱི་དངོས་ཕན་ཆེ་རུ་བཏང་བ་རེད།
          གསར་འགོད་པས་ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་འདས་ཟིན་པའི་ཚོགས་འདུ་ཐེངས་35ཡི་ཡོངས་བསྒྲགས་གནས་ཚུལ་ལེགས་སྒྲིག་བྱེད་སྐབས“དོན་འཁྱོལ”ཞེས་པའི་མིང་ཚིག་དེ་ཐེངས་219ཐོན་ཡོད་པ་དང“ལྟ་ཞིབ”ཅེས་པའི་མིང་ཚིག་དེ་ཐེངས་69ཐོན་པ་ཤེས་རྟོགས་ཐུབ་ཅིང་། ཐེངས་མང་པོ་དེ་ལྟ་བུ་ཐོན་པ་ལས་ལྟ་ཞིབ་དོན་འཁྱོལ་བྱ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལས་ཀའི་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་སྙིང་དོན་ཇེ་ཟབ་ཏུ་འགྲོ་བ་མཚོན་ཡོད།
          ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་34པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇི་ལྟར་བྱས་ཏེ་ལྟ་ཞིབ་ལས་དོན་བརྒྱུད་སྒྱུར་བཅོས་ཀྱི་དངོས་ཕན་ལ་ལྟ་ཞིབ་བྱ་རྒྱུར་རྒྱས་བཤད་གསལ་པོ་གནང་བ་སྟེ།
          —— གཙོ་གནད་སྒྱུར་བཅོས་ཀྱི་ལས་འགན་ལ་དམ་འཛིན་བྱེད་དགོས་ལ་ངོས་ཀྱི་སྒྱུར་བཅོས་ལས་དོན་ལའང་དམ་འཛིན་བྱེད་དགོས་པ་དང་ལྷག་པར་དུ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་སྒྱུར་བཅོས་བཀོད་སྒྲིག་ལག་བསྟར་བྱས་ཚུལ་ལའང་དམ་འཛིན་བྱེད་དགོས། དྲང་ཕྱོགས་ཀྱི་དཔེ་མཚོན་ལ་དམ་འཛིན་ལེགས་པོ་བྱས་ཏེ་གཞི་རིམ་གྱི་གསར་གཏོད་བྱེད་ཐབས་དང་གསོན་ཉམས་དོད་པའི་ཉམས་མྱོང་དུས་ཐོག་ཏུ་ཤེས་རྟོགས་དང་ཕྱོགས་སྡོམ་བྱས་ནས་གནད་ཀྱིས་ཁྱོན་ཁྲིད་པ་དང་སྒྱུར་བཅོས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པ་དང་།
          —— གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་ཐད་འབད་བརྩོན་བྱས་ནས་ལྟ་ཞིབ་ཀྱི་དངོས་ཕན་ཆེ་རུ་གཏོང་དགོས། དོན་དངོས་དང་ཟུང་འབྲེལ་དང་གཞི་རིམ་དུ་བསྐྱོད་དེ་གནད་དོན་ཁ་ཤས་ཐག་གཅོད་དཔྱིས་ཕྱིན་པ་བྱེད་དགོས། གཙོ་གནད་སྒྱུར་བཅོས་དང་རྙོག་འཛིང་ཆེ་བའི་གནད་དོན་ཐད་དགོས་ངེས་སྐབས་ཕྱིར་མིག་བལྟ་དགོས། ལྟ་ཞིབ་བྱས་ཏེ་ཤེས་རྟོགས་ཐུབ་པའི་གནད་དོན་ལ་ཞིབ་འཇུག་དང་གསེད་བཀྲོལ་ནན་ཏན་བྱས་ཏེ་གནད་དོན་དང་འགན་འཁྲིའི་གསལ་ཐོ་བཟོས་ནས་དུས་ཚད་ཀྱི་བླང་བྱ་གསལ་པོ་བཟོ་བ་དང་གནད་དོན་གང་ཡོད་ཚེ་དེ་དག་ཐེར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་སུའི་གནད་དོན་ཡིན་ཚེ་དེས་དག་ཐེར་བྱེད་འགན་ཁུར་དགོས་པ་དང་དུས་མཚུངས་གཅིག་ཤེས་ཀུན་གྲོལ་དང་གནད་ཀྱིས་ཁྱོན་ཁྲིད་དེ་ཁྱབ་ཁོངས་དེ་བས་ཆེ་བའི་ནང་དག་ཐེར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ།
          —— འགན་འཁྲིའི་བྱེད་པོར་དམིགས་ནས“འགག་རྩའི་ཉུང་ཤས”དམ་འཛིན་བྱེད་པ་དང་དོན་འཁྱོལ་ཡག་པོ་མ་བྱུང་བ་དང་དག་ཐེར་གནད་ལ་འཁེལ་མེད་ཚེ་འགན་འཁྲི་རྩད་གཅོད་བྱེད་དགོས། སྣེ་ཁྲིད་སྡེ་ཚན་དང་ས་གནས་ནི་སྒྱུར་བཅོས་དམ་འཛིན་བྱེད་པའི་འགན་འཁྲིའི་བྱེད་པོ་ཡིན་པས་སྒྱུར་བཅོས་རང་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་བཀག་ལྟར་སྒྱུར་བཅོས་དོན་འཁྱོལ་བྱས་ཚུལ་རྗེས་སྙེག་བྱེད་པ་དང་འབྲེལ་སྙན་སེང་ཞུ་དགོས་པ།
          —— ལྟ་ཞིབ་ལས་ཀ་སྤྱི་འདོམས་བྱས་ནས་མཉམ་ཤུགས་ཆགས་པ་བྱེད་དགོས་པ་བཅས་རེད།
          ཀྲུང་གོའི་སྒྱུར་བཅོས་ལ་དུས་ད་ལྟ་བ་ལས་འདས་པ་མེད། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགག་སྒྲོལ་དུས་སུ་ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགན་ཁུར་བློ་མཐུན་གཙོ་བོས་ཕུ་ཐུང་བརྫེས་པ་དང་ལུས་ཚུགས་ནས་རྟག་ཏུ་ལྟ་ཞིབ་བྱ་རྒྱུར་དམ་འཛིན་བྱེད་པ་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
          “གནད་དོན་གྱི་འགག་གནད་དམ་འཛིན་བྱེད་པ་དང་གཞི་རིམ་དུ་བསྐྱོད་ནས་ལག་ལེན་ཁྲོད་ཀྱི་ཐུན་མོང་གི་གནད་དོན་ཤེས་རྟོགས་ཐུབ་པ་བྱེད་དགོས་ལ། མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དོ་ཁུར་བྱེད་དགོས། ལྟ་ཞིབ་ལས་ཀའི་བླང་བྱར་ནན་པོ་གཞིགས་ནས་ལྟ་ཞིབ་ལས་ཀའི་དབང་གྲགས་རང་བཞིན་དང་ལག་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྟ་ཞིབ་ལས་ཀར་ཕན་འབྲས་ཐོན་མིན་དེ་དག་ཐེར་ལ་ལྟ་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ས་གནས་ཁག་དང་སྡེ་ཚན་ཁག་གི་སྒྱུར་བཅོས་ལྟ་ཞིབ་ལས་དོན་ལ་དམ་འཛིན་བྱེད་པའི་མཛུབ་ཁྲིད་གསལ་པོ་དང་གཞི་འཛིན་ས་ཁ་གསལ་དུ་གྱུར་ཡོད།
          “འབྲེལ་ཚིགས་ཤར་གཏོང་དང་། འགག་གནད་སེལ་བ། སྤུས་ཚད་མཐོར་གཏོང་བཅས་ཁྲོད་ཀྱི་ལྟ་ཞིབ་ཀྱི་ནུས་པ་དེ་བས་འདོན་སྤེལ་ཡག་པོ་བྱེད་དགོས”——ཀྲུང་དབྱང་ནས་ས་གནས་བར་གྱི་སྒྱུར་བཅོས་ལྟ་ཞིབ་ལས་ཀར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
          “ལྟ་ཞིབ་ཀྱི་འགན་ནུས་ལ་ཤུགས་སྣོན་བརྒྱབ་སྟེ་ལྟ་ཞིབ་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་ཚིགས་ཤར་གཏོང་དང་། འགག་གནད་སེལ་བ། སྤུས་ཚད་མཐོར་གཏོང་བཅས་ཁྲོད་ཀྱི་ལྟ་ཞིབ་ཀྱི་ནུས་པ་དེ་བས་འདོན་སྤེལ་ཡག་པོ་བྱེད་དགོས”ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ལྟ་ཞིབ་ལས་ཀའི་ནུས་པ་འདོན་སྤེལ་བྱ་རྒྱུའི་ཐད་གནད་བསྡུས་འཕྱུགས་མེད་བྱས་ཡོད་ལ། ལྟ་ཞིབ་ལས་ཀར་བླང་བྱ་ཁ་གསལ་བཏོན་གནང་ཡོད།
          དོན་འཁྱོལ་ཡག་པོ་བྱེད་པ་དང་གྲུབ་འབྲས་ཡག་པོ་ཐོན་པ་བྱེད་དགོས།
          ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་དང་བཀོད་འདོམས་འོག ས་གནས་ཁག་དང་སྡེ་ཚན་ཁག་གིས་སྒྱུར་བཅོས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུའི་ལྟ་ཞིབ་ཀྱི་དྲང་ཕྱོགས་ཕན་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་སོང་ཡོད།
          ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་འགའ་ཤས་སུ་སྒྱུར་བཅོས་བྱེད་པར་ལྟ་ཞིབ་ལ་ཚད་བརྒལ་ཡོང་བ་བྱེད་དགོས་པ་དང་། སྒྱུར་བཅོས་ཁག་གཅིག་ཁྲོད་ཀྱི་འགལ་རྐྱེན་བདེ་བླག་ངང་སེལ་དགོས།
          2016ལོའི་ཟླ་12པའི་ཟླ་འགོར་ཤར་རྒྱུད་གྲོང་ཁྱེར་ཞིག་གི་ཁུལ་ཆུང་ཞིག་ནང་ལོ་བཅུ་ལྷག་ཙམ་སྦགས་བཙོག་བཟོ་མཁན་ལག་ཁྱེར་མེད་པའི་བཟའ་བཏུང་ཁང་ཞིག་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱས་རྗེས་མེད་པ་བཟོས་པས་མང་ཚོགས་ཚོས་མཉམ་དུ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ལ་ཡི་གེ་བསྐུར་ནས“ལོ་བཅུ་ལྷག་ཙམ་རེ་འབོད་བྱས་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་ལྟ་ཞིབ་ཚོགས་ཆུང་ལ་སྙན་སེང་ཞུས་ནས་ཉིན་གསུམ་མ་འགོར་བར་ཐག་གཅོད་ཐུབ་སོང་བས་སེམས་ནང་དགའ་ཚོར་ཆེན་པོ་བྱུང”ཞེས་འཁོད་ཡོད།
          སྤུ་གྲི་ཞིག་དང་འདྲ་བར། 2016ལོའི་ཟླ་7པ་ནས་བཟུང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་བཟོད་བསྲན་གཏན་ནས་མི་བྱེད་པ་དང་། ལྟ་ཞིབ་རེས་སྐོར་ཐེངས་གསུམ་བྱས་པར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་22སུ་ཁྱབ་པ་དང་། མི་ཁྲི་1ཙམ་གྱི་འགན་འཁྲི་བདའ་འདེད་བཏང་བས་འདི་ལོར་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཡོངས་ཁྱབ་ཐུབ་རྒྱུ་རེད།
          རིམ་པ་དེ་བས་རྒྱ་ཆེ་བའི་ཁྲོད་ཀྲུང་དབྱང་གིས་ཆེད་དོན་ལྟ་ཞིབ་ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་འགལ་རྐྱེན་རབ་དང་རིམ་པ་སེལ་བ་སྟེ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྣེ་ཁྲིད་དེ་ཆེད་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ནས་གློག་ཤུགས་སྒྲིག་སྲོལ་སྒྱུར་བཅོས་ཐད་ཀྱི་ཕྱོགས་མང་པོའི་ཁེ་ཕན་མཐུན་སྦྱོར་བྱེད་དཀའ་བའི་གནད་དོན་བདེ་བླག་ངང་ཐག་གཅོད་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྲོས་མོལ་ལམ་ལུགས་སྒྱུར་བཅོས་ཀྱི་ལེ་ལག་ཚང་བའི་ཇུས་གཞི་ཡུན་རིང་བཟོས་མེད་པའི་ས་གནས་སུ་ཟླ་གཅིག་ནང་ཚུན་དུ་ཚང་མ་བཟོས་པ། ཆུ་དཔོན་ལམ་ལུགས་སྒྱུར་བཅོས་བྱས་མེད་པའི་ཞིང་ཆེན་ཁ་ཤས་སུ་སྔ་སྣུར་དུ་ལེ་ལག་ཚང་བའི་ཇུས་གཞི་བཟོས་པ་དང་འགའ་ཤས་ཀྱིས་ཆུ་དཔོན་གཞུང་དོན་ཁང་མགྱོགས་མྱུར་བཙུགས་པ་བཅས་རེད།
          ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དཔེ་མཚོན་ཡག་པོ་འཚོལ་ཞིབ་དང་གསར་གཏོད་བྱས་ནས་ལད་ཟློས་ཆོག་པ་དང་ཁྱབ་གདལ་ཐུབ་པའི་ཉམས་མྱོང་བཟང་པོ་ཁག་གཅིག་ཆགས་ཡོད།
          སྒྱུར་བཅོས་ལྟ་ཞིབ་བྱེད་པར་གནོན་ཤུགས་སྤྲོད་དགོས་ལ། སྒུལ་ཤུགས་ཀྱང་སྤྲོད་དགོས།
          2016ལོའི་ཟླ་11པར་ལས་བྱེད་པ་ལ་ལས་འགན་འཁྲི་ཁུར་མི་ཐུབ་པ་དང་ཁུར་མི་ཕོད་པ་སོགས་ཀྱི་གནད་དོན་ཁ་ཤས་ལ་དམིགས་ནས་ཀྲེ་ཅང་ཞིང་ཆེན་གྱིས《སྒྱུར་བཅོས་གསར་གཏོད་བྱེད་སྐབས་ནོར་འཛོལ་རུང་བ་དང་སྐྱོན་བརྗོད་མི་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》འགའ་ཞིག་བཏོན་ནས་གཞི་རིམ་ལས་བྱེད་པར་བློ་ཁོག་ཆེན་པོས་སྒྱུར་བཅོས་གསར་གཏོད་བྱ་རྒྱུར་ལྕག་སྐུལ་བྱས་ནས་སྒྱུར་བཅོས་ཁྲོད་ནོར་འཁྲུལ་ཐོན་པར་བཟོད་སྒོམ་བྱས་པ་རེད། 2016ལོར་ཀྲེ་ཅང་ཞིང་ཆེན་གྱིས་ཀྲུའུ་ཅི་གྲོང་ཁྱེར་གྱི་ལས་བྱེད་པ་བཞི་ལ་འབྲེལ་ཡོད་ཀྱི་སྐྱོན་བརྗོད་མི་བྱེད་པའི་བྱ་ཐབས་ལྟར་སྐྱོན་བརྗོད་ཡང་བའམ་ཡང་ན་མི་བྱེད་པའི་ཐག་གཅོད་བྱས་པ་རེད།
          སྒྱུར་བཅོས་ལྟ་ཞིབ་ཀྱི་རྒྱུན་རྣམ་ལམ་སྲོལ་ཞིག་ཆགས་པ་བྱ་ཆེད། ཧྲན་ཏུང་ཞིང་ཆེན་ཙི་པོ་གྲོང་ཁྱེར་གྱིས“གཅིག་རེ་དྲུག”གི་ལྟ་ཞིབ་ལམ་ལུགས་ལག་ལེན་བསྟར་ཏེ་ཟླ་བ་རེར་སྐུལ་གཏོང་རེ་བྱེད་པ་དང་དུས་ཐོག་ཏུ་སྒྱུར་བཅོས་འཕེལ་རིམ་གྱི་གནས་ཚུལ་རྗེས་སྙེག་བྱེད་པ་དང་། ཟླ་བ་རེར་ལྟ་ཞིབ་ཐེངས་རེ་བྱས་ནས་འགལ་རྐྱེན་བཟོ་བའི་ལྷུ་ཚིགས་ནུས་ཤུགས་ཡོད་རྒུས་ཤར་གཏོང་བྱེད་པ། ཟླ་བ་རེར་བཀོད་སྒྲིག་རེ་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སྒྱུར་བཅོས་ལས་ཀའི་ཕན་འབྲས་གྲངས་འགྱུར་བྱེད་པ། ཟླ་བ་རེར་བརྡ་ཁྱབ་རེ་བཏང་ནས་སྒྱུར་བཅོས་ལས་ཀའི་འཕེལ་རིམ་ཕྱོགས་ཡོངས་ནས་ཡོངས་བསྒྲགས་བྱེད་པ། ཟླ་བ་རེར་དྲིལ་བསྒྲགས་ཐེངས་རེ་བྱས་ནས་སྒྱུར་བཅོས་ཀྱི་དཔེ་མཚོན་ཉམས་མྱོང་འོས་སྦྱོར་ཧུར་ཐག་བྱེད་པ། ཟླ་བ་རེར་ལྷན་འཛོམས་ཞིབ་འཇུག་རེ་བྱས་ནས་སྒྱུར་བཅོས་དོན་འཁྱོལ་བྱེད་པའི་ཞན་ཆ་གནད་ལ་འཁེལ་པོས་འཚོལ་བ་བཅས་རེད།
          གཞན་ཡང་ཧུའུ་ནན་གྱིས་སྒྱུར་བཅོས་ལྟ་ཞིབ་ཀྲོན་ཡོན་མཛོད་བཙུགས་པ་དང་། ཡུན་ནན་གྱིས་སྒྱུར་བཅོས་ལྟ་ཞིབ་ཀྱི་འགན་འཁྲི་རིམ་པ་བཞིན་མཉམ་འགུལ་དང་གནད་སྨིན་བརྒྱུད་སྤྲོད་བྱས་པ། ཀོང་ཏུང་ཞིང་ཆེན་སྒྱུར་བཅོས་གཞུང་དོན་ཁང་གིས“ལྟ་ཞིབ་པ”ཡག་པོ་ཞིག་བྱེད་པའི་འབོད་སྐུལ་བྱས་པ་དང་ལྟ་ཞིབ་དང་ཚོད་སྐོར་ཕྱོགས་བསྡུས་ངང་སྤྱོད་རྒྱུར་མཐོང་ཆེན་བྱས་ཏེ་སྒྱུར་བཅོས་བྱ་ཐབས་དོན་འཁྱོལ་གནད་སྨིན་ཡོང་རྒྱུར་སྐུལ་འདེད་བཏང་བ་ལ་སོགས་བྱས་ཏེ་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྒྱུར་བཅོས་ལྟ་ཞིབ་ལས་ཀའི་ཉམས་མྱོང་འཚོལ་ཞིབ་བྱས་ནས་ལྟ་ཞིབ་ཀྱི་ཕན་འབྲས་འདྲི་རྩད་ལ་སྔར་བས་དམ་འཛིན་ཡག་པོ་བྱ་ཆེད་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།
          སྒྱུར་བཅོས་ཚོད་ལྟ་གཙང་བཤེར་དང་ཚད་ལྡན་བྱུང་བ་དང་ཚོད་ལྟའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ། ——
          ཚོད་ལྟ་ནི་སྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་དང་བྱ་ཐབས་གལ་ཆེན་ཞིག་ཡིན་པས་ཚོད་ལྟའི་ལམ་བུ་འཚོལ་ཞིབ་དང་ཉམས་མྱོང་འཚོལ་ཞིབ་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་མོད། འོན་ཀྱང་ས་གནས་དང་སྡེ་ཚན་ཁག་གཅིག་གི་སྒྱུར་བཅོས་ཚོད་ལྟ་མང་དྲགས་པ་དང་ཐལ་དྲགས་པ་དང་། ཚོད་ལྟ་ཡུན་རིང་བྱས་ཀྱང་འབྲས་བུ་མི་ཐོན་པ་སོགས་ཀྱི་གནད་དོན་ལྷག་ཡོད། དེར་བརྟེན་ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གིས་ཆེད་མངགས་སྒྱུར་བཅོས་ཚོད་ལྟ་བཀོད་སྒྲིག་བྱས་ནས་གཙང་བཤེར་དང་ཚད་ལྡན་ཡོང་བ་བྱས་ཡོད།
          གྲངས་གཞི་ལས་མངོན་པར། དུས་མཚམས་ཤིག་རིང་གི་སྤྱི་འདོམས་ཚད་ལྡན་དང་ལྟ་ཞིབ་ལྟ་སྒྲུབ་ལས་དོན་ནང་རྒྱལ་ཡོངས་ཀྱི་ཚན་པ་ཁག་གི་སྔར་ཡོད་ཚོད་ལྟའི་ལས་དོན་རྣམ་གྲངས་3169དེ་རྣམ་གྲངས་1596དུ་གཙང་བཤེར་དང་ཚད་ལྡན་དུ་བཏང་ནས་ཕྱེད་ཀ་ཙམ་རང་སོར་བཞག་ཡོད། དེ་དང་དུས་མཚུངས་སྒྱུར་བཅོས་ཚོད་ལྟའི་རྗེས་སྙེགས་ཚོད་སྐོར་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱོད་གོ་ཆོད་པའི་ཉམས་མྱོང་དང་བྱ་ཐབས་དུས་ཐོག་ཏུ་ཕྱོགས་སྡོམ་ལེགས་འདེམས་དང་སྤྱོད་རྒྱུར་ཁྱབ་གདལ་བཏང་སྟེ་རིམ་བཞིན་འཚོལ་ཞིབ་བྱས་ནས་ཚོད་ལྟའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་བཙུགས་ཡོད།
          ཅང་སུའུ་ལྟ་བུར་ཆ་མཚོན་ན་གཙང་བཤེར་ཐེངས་གཉིས་བྱས་པ་བརྒྱུད་ཞིང་ཆེན་རིམ་པའི་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས་141དེ་27དུ་བསྡུ་སྒྲིལ་བྱས་པ་དང་། ཁྱོན་རྣམ་གྲངས་54ཐག་གཅོད་དང་ཕྱོགས་སྡོམ་བྱས་པ། ཚོད་ལྟའི་གནས་60རང་སོར་བཞག་པ་བཅས་བྱས་ཡོད། དེ་དང་དུས་མཚུངས་རྒྱལ་ཁབ་རིམ་པའི་སྒྱུར་བཅོས་ཚོད་ལྟ་55དང་ཞིང་ཆེན་རིམ་པའི་སྒྱུར་བཅོས་ཚོད་ལྟ་66གི་ཉམས་མྱོང་རིམ་པ་མི་འདྲ་བའི་ཐོག་ལད་ཟློས་བྱས་ནས་ཁྱབ་གདལ་བཏང་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716