སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་ཧ་སག་སི་ཐན་ཡིག་རིགས་ཀྱི་དཔེ་དེབ་ཐོག་མར་འགྲེམ་སྤེལ་བྱེད་པའི་མཛད་སྒོ་ཨ་སི་ཐ་ན་ནས་བསྡུས།
སྤེལ་དུས། 2017-06-07   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  གཡུ་སྒྲོན་གྱིས་བསྒྱུར།
          ཟླ་6ཚེས་5ཉིན། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་ཧ་སག་སི་ཐན་ཡིག་རིགས་ཀྱི་དཔེ་དེབ་ཐོག་མར་འགྲེམ་སྤེལ་བྱེད་པའི་མཛད་སྒོ་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ན་ནས་བསྡུས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་རིགས་ཁག་གི་མི་སྣ་ཉིས་བརྒྱ་ལྷག་དཔེ་དེབ་ཐོག་མར་འགྲེམ་སྤེལ་བྱེད་པའི་མཛད་སྒོར་ཞུགས།
          ཕྱོགས་གཉིས་ཀྱི་འཐུས་མིས་བཤད་རྒྱུར། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་ཧ་སག་སི་ཐན་ཡིག་རིགས་ཀྱི་དཔེ་དེབ་པར་སྐྲུན་དང་འགྲེམ་སྤེལ་བྱས་པ་དེས་ཧ་སག་སི་ཐན་གྱི་མི་དམངས་ཀྱིས་ཀྲུང་གོར་སྔར་ལས་རྒྱུས་ལོན་བྱེད་ཐུབ་ལ། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་ཐུབ་ཟེར།
          ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་དཔེ་དེབ་དེ་ཡིག་རིགས་ཉེར་གཅིག་དང་པར་གཞི་ཉེར་བཞི་པར་སྐྲུན་བྱས་ནས། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་ཏུ་འགྲེམ་སྤེལ་བྱས་པ་དང་། འགྲེམ་སྤེལ་བྱས་ཚད་དེབ་ས་ཡ་དྲུག་དང་འབུམ་གཉིས་ཁྲི་ལྔ་ལས་བརྒལ་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716