སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་མཆོག་གིས་ཧཱ་སག་སི་ཐན་དུ་འཚམས་འདྲིར་ཕེབས་ཏེ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ཐད་གསོན་ཤུགས་གསར་པ་བསྩལ་བ།
སྤེལ་དུས། 2017-06-08   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན་གྱིས་བསྒྱུར།
          རྩོམ་ཡིག་འདིའི་སྙིང་དོན། ཀྲུང་གོ་དཔལ་འབྱོར་དྲ་བའི་ཆེད་ལེའི་རྩོམ་པ་པོ་ཀྲའོ་ཧུའུ་ཆི་ཡི་གཟིགས་ཚུལ་ལྟར་ན། ཀྲུང་གོ་དང་ལྷན་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྱོང་བྱས་པ་དེས་ཀྲུང་གོ་དང་ཧཱ་སག་བར་གྱི་མཉམ་ལས་སྤུས་ཚད་མཐོར་འདེགས་དང་རིམ་སྤར་བྱེད་པར་འགུལ་ཤུགས་བླ་མེད་བསྩལ་བ་དང་། ཕྱོགས་མཚུངས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྔར་བས་མང་བ་བསྐྲུན་ཡོད་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་གི་ཐེངས་འདིའི་འཚམས་འདྲིའི་མཛད་འཆར་གྱིས་ཀྲུང་གོ་དང་ཧཱ་སག་བར་གྱི་ཁྱབ་ཁོངས་མི་འདྲ་བའི་མཉམ་ལས་དང་། ཕྱོགས་ཡོངས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གཏིང་ཇེ་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་སྐྱོན་བྲལ་ངང་ནས་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད།
          ཧཱ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ནཱ་ཌེར་བྷ་ཡེ་མཆོག་གི་གདན་ཞུ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་ཟླ་6ཚེས་7ཉིན་ནས་ཚེས་10ཉིན་བར་ཧཱ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲིར་ཕེབས་ཤིང་། ཕྱོགས་མཚུངས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་དབུ་ཁྲིད་ལས་འཛིན་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་དང་། ཨ་ཟི་ཐཱ་ནེའི་ཆེད་དམིགས་ཚོང་འདུས་ཀྱི་དབུ་འབྱེད་མཛད་སྒོར་ཞུགས་གནང་མཛད་པ་རེད།
          ཞི་ཅིན་ཕིང་གི་ཐེངས་འདིའི་ཧཱ་སག་སི་ཐན་གྱི་འཚམས་འདྲི་ནི། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྒོ་ཀུན་ནས་ལེགས་པར་གྲུབ་རྗེས། ཀྲུང་གོའི་རྒྱལ་ཁབ་དབུ་ཁྲིད་ཐོག་དང་པོར་ཕྱི་ཕྱོགས་སུ་འཚམས་འདྲིར་ཕེབས་ཐེངས་དང་པོ་དེ་དང་། ཞི་ཅིན་ཕིང་མཆོག་གིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཐུགས་འགན་བཞེས་རྗེས་ཧཱ་སག་ལ་འཚམས་འདྲིར་ཕེབས་ཐེངས་གསུམ་པ་དེར་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་གི་ཐེངས་འདིའི་འཚམས་འདྲི་ལས། ཀྲུང་གོ་དང་ཧཱ་སག་སི་ཐན་སོགས་ཡུ་རོབ་དང་ཨེ་ཤར་རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཁྱབ་ཁོངས་མང་པོའི་གཉིས་ཕན་མཉམ་ལས་གཏིང་ཇེ་ཟབ་ཏུ་གཏོང་བ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱུན་མཐུད་ངང་སྐྱོན་བྲལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ནུས་པ་སོགས་གལ་ཆེའི་དོན་སྙིང་ལྡན་ཡོད།
          འདི་ལོ་ནི་ཀྲུང་གོ་དང་ཧཱ་སག་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་25འཁོར་བའི་ལོ་དེ་ཡིན་ཞིང་། འདས་པའི་ལོ་ངོ་25ནང་དུ་ཀྲུང་གོ་དང་ཧཱ་སག་བར་གྱི་འབྲེལ་བ་མགྱོགས་ནས་མྱུར་དུ་འཕེལ་རྒྱས་ཕྱིན་ཡོད་པ་དང་། ཉེ་འབྲེལ་ཁྱིམ་མཚེས་ཀྱི་འབྲེལ་བ་ནས་འཐབ་ཇུས་མཛའ་གྲོགས་ཀྱི་འབྲེལ་བ། དེ་ནས་ཕྱོགས་ཡོངས་ནས་འཐབ་ཇུས་མཛའ་གྲོགས་ཀྱི་འབྲེལ་བ་སྟེ། “རིམ་གསུམ་འཕག་མཆོང”གི་མཛའ་འབྲེལ་བར་འཕེལ་རྒྱས་ཕྱིན་ཡོད་ལ། རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབུ་ཁྲིད་བར་གྱི་འབྲེལ་ལམ་ཟབ་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་སོགས་དགེ་མཚན་རྨད་དུ་བྱུང་བ་ཐོན་ཡོད་ཅིང་། འདི་དག་ཡོད་ཚད་ནི་ཀྲུང་གོ་དང་ཧཱ་སག་སི་ཐན་བར་གྱི་འབྲེལ་བ་སྔར་བས་དམ་ཟབ་དང་སྔར་བས་མཛའ་མཐུན་དུ་གྱུར་བའི་དན་རྟགས་ལེགས་པོ་དེ་ཡིན་པ་རེད་ཅེས་འགྲེལ་བརྗོད་བྱེད་བཞིན་ཡོད།
          མིག་སྔར“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྱོང་ནི་འདྲེས་གཤིབ་གཏིང་ཟབ་དང་། ཕན་ཚུན་སྐུལ་འདེད་ཀྱི་འཕེལ་རིམ་གསར་པ་ཞིག་ཏུ་སོན་ཡོད་པ་དང་། ང་ཚོས་རྒྱུ་མཚན་ཡང་དག་ལ་བརྟེན་ནས་ཡིད་རྟོན་འཕེར་རུང་བ་ཞིག་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་གི་ཐེངས་འདིའི་ཧཱ་སག་གི་རྒྱལ་དོན་འཚམས་འདྲི་ལས། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་བག་ལ་ཞ་བའི་ནུས་པ་དག་སྔར་བས་ལྷག་པའི་སྒོ་ནས་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཧཱ་སག་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཛའ་གྲོགས་ཀྱི་འབྲེལ་བ་ཆུ་ཚད་གསར་པ་ཞིག་དང་། གཏིང་ཚད་གསར་པ་ཞིག བར་སྟོང་གསར་པ་ཞིག་ཏུ་མདུན་སྐྱོད་བྱེད་སྲིད་པ་དེའོ།།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716