སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་ཨ་སི་ཐ་ནར་ཕེབས་འབྱོར་ཟིན་ནས་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས།
སྤེལ་དུས། 2017-06-09   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།   རྩོམ་སྒྲིག་པ།  བདེ་སྐྱིད་ཀྱིས་བསྒྱུར།

          སྤྱི་ཚེས་༧ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་སི་ཐ་ནར་ཕེབས་འབྱོར་ཟིན་ནས་། ཧ་སག་ཐི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་མ་ཟད་ཧྲང་ཧེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བདུན་པ་དང་ཨ་སི་ཐ་ན་ཆེད་དོན་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་གནང་རྒྱུ་རེད།
          ས་གནས་དེ་གའི་དུས་ཚོད་དགོང་མོ་ཆུ་ཚོད་༧དང་སྐར་མ་༡༥ཙམ་ལ། ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཨ་སི་ཐ་ན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཡོད་པ་རེད། ཞི་ཅིན་ཕིང་གནམ་གྲུའི་སྒོ་ནས་ཆིབས་སྒྱུར་གནང་སྐབས། ཧ་སག་སི་ཐན་ཙུང་ལི་གཞོན་པ་དང་པོ་མ་མིང་སོགས་ཀྱིས་སྐོར་སྐས་འགྲམ་དུ་སྤྲོ་སེམས་འཁོལ་བའི་ངང་ནས་ཕེབས་བསུ་ཞུས་ཡོད་པ་རེད། ས་གནས་དེ་གའི་གཞོན་ནུ་ཞིག་གིས་ཞི་ཅིན་ཕིང་ལ་མེ་ཏོག་སོས་པ་ཕུལ་བ་དང་། གུས་ཞབས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་ཕྲེང་སྟར་བསྒྲིགས་ཡོད་པ་རེད།
          ཞི་ཅིན་ཕིང་གིས་ཧ་སག་སི་ཐན་མི་དམངས་ལ་ཀྲུང་གོའི་མི་དམངས་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་བ་དང་། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧ་སག་སི་ཐན་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་༢༥སོང་རིང་། རྒྱལ་ཁབ་གཉིས་པོས་རྒྱུན་མཐུད་ངང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་བཏང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱལ་སྤྱིའི་བྱ་དོན་ནང་གི་གཞོགས་འདེགས་དང་མཉམ་ལས་དམ་ཟབ་གཏོང་བ་བཅས་བྱས་ཡོད། ཀྲུང་ཧ་འབྲེལ་བ་གོང་འཕེལ་བཏང་བ་ཡིས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། ད་ཐེངས་ནི་ངས་ཧ་སག་སི་ཐན་ལ་འཚམས་འདྲི་ཞུ་ཐེངས་གསུམ་པ་ཡིན་ཞིང་། ངོས་ནས་ཙུང་ཐུང་ན་ཀྲར་པ་ཡེ་ཧྥུ་དང་ལྷན་དུ་ཀྲུང་ཧ་འབྲེལ་བའི་ལྟ་ན་སྡུག་པའི་དཔེ་རིས་འཆར་གཞི་བཀོད་ནས། ཀྲུང་ཧ་བར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་དང་མཉམ་ལས་ཆུ་ཚད་སྔར་བས་མཐོ་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་ཞུ་གི་ཡོད་ཅེས་གསུངས་བསྟན་གནང་བ་དང་།
          ཞི་ཅིན་ཕིང་གིས། ངོས་ནས་ཧྲང་ཧེ་མཉམ་ལས་སྒྲིག་འཛུགས་ཀྱི་དབུ་ཚོགས་ཐོག་ཕྱོགས་ཁག་དང་ལྷན་དུ་སྒྲིག་འཛུགས་དེའི་གལ་ཆེའི་བྱ་དོན་དང་དེ་བཞིན་ཐིན་མོང་ཐོག་སེམས་འཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་ནས། འབྱུང་འགྱུར་གོང་འཕེལ་ཐད་མཐུན་འབྱོར་སྒྲིག་འཛུགས་བྱེད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་ཞུ་གི་ཡོད་ཅེས་ནན་སྟོན་གནང་འདུག
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716