སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲའར་པ་ཡེ་ཕུའུ་དང་མཇལ་འཛོམས་གནང་བ།
སྤེལ་དུས། 2017-06-10   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  བློ་གྲོས་ཀྱིས་བསྒྱུར།
 རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཧའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་སྐྱོན་བྲལ་དང་བརྟན་ པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་མོས་མཐུན་གནང་བ།

                      ཟླ་6ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲའར་པ་ཡེ་ཕུའུ་དང་མཇལ་འཛོམས་གནང་ཞིང་། མཇལ་འཛོམས་མ་གནང་གོང་ཞི་ཅིན་ཕིང་ན་ཀྲའར་པ་ཡེ་ཕུའུ་ཡིས་ཙུང་ཐུང་ལས་ཤག་ཏུ་གཉེར་བའི་དགའ་བསུའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ་རེད།
               ཤིན་ཧྭ་གསར་འགྱུར་ཁང་ཨ་སི་ཐ་ན་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲའར་པ་ཡེ་ཕུའུ་དང་མཇལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཧའི་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་25སོང་རིང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་པར་དགེ་མཚན་ལྡན་པའི་གདེང་འཇོག་གནང་བ་དང་། རྒྱལ་ཁབ་གཉིས་པོའི་དུས་མཚམས་རྗེས་མའི་མཉམ་ལས་ཀྱི་ཁ་ཕྱོགས་དང་ཁྱབ་ཁོངས་གཙོ་བོ་འཆར་འགོད་གནང་བ། ཀྲུང་ཧའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་རྒྱུའི་ཐག་བཅད་གནང་བ་རེད།
               ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཧའི་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་25སོང་བའི་ལོ་ཞིག་རེད། ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནས་བཟུང་། ཀྲུང་ཧའི་འབྲེལ་བ་འཕེལ་རྒྱས་ལ་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་དགོས་པའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བྱུང་མ་མྱོང་བའི་མཐོ་ཚད་ཐོག་སླེབས་ནས་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཡག་པོ་བྱུང་ཡོད། ཕྱོགས་གཉིས་པོས་མཐོ་རིམ་མི་སྣའི་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་གཞོགས་འདེགས་དམ་ཟབ་བྱས་པ། ལྟེ་བའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ཡོད། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་རྒྱ་ཁྱོན་ཆེ་རུ་དང་། གཏིང་ཚད་ཟབ་ཏུ། གཞི་ཁྱོན་ཆེ་རུ། སྤུས་ཚད་ལེགས་སུ་བཅས་ཟམ་མི་ཆད་པར་ཕྱིན་པ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅེས་གསུངས་པ་རེད།
               ཞི་ཅིན་ཕིང་གིས་ཀྲུང་ཧའི་འབྲེལ་བ་དུས་ཐུང་ནང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བའི་འགག་རྩ་ནི་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཁྱིམ་མཚེས་རྒྱལ་ཁབ་མཛའ་གྲོགས་དང་གཉིས་ཕན་རོགས་རེས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་རྩ་དོན་རྒྱུན་འཁྱོངས། ཐོག་མཐའ་བར་གསུམ་དུ་མི་རབས་ནས་མི་རབས་བར་མཛའ་གྲོགས་དང་ཐུན་མོང་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛིན་པ་བཅས་བྱས་པས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཕྱོགས་ཡོངས་ནས་འཆར་འགོད་བྱེད་པ་དང་། ཁྱབ་ཁོངས་ཁག་གི་མཛའ་གྲོགས་སྤེལ་རེས་དང་གཉིས་ཕན་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། དེ་བས་དམ་ཟབ་ཀྱི་ཁེ་ཕན་གཅིག་མཐུན་འདུས་གྲུབ་དང་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་བཅས་བྱས་ཏེ་ནམ་ཡང་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
              ན་ཀྲའར་པ་ཡེ་ཕུའུ་ཡིས་ཧ་ཀྲུང་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་25འཁོར་བའི་མཚམས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་ཧ་སག་སི་ཐན་དུ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ད་རེས་འཚམས་འདྲིར་ཕེབས་པ་དེས་ཧ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་ཤུགས་ཆེན་ཐེབས་རྒྱུའི་ཡིད་ཆེས་ཡོད། མིག་སྔར་ཧ་ཀྲུང་འབྲེལ་བའི་འཕེལ་ཕྱོགས་ཡག་པོ་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཐད་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་། ཆབ་སྲིད། རིག་གནས་སོགས་ཁྱབ་ཁོངས་ནང་གཉིས་ཕན་མཉམ་ལས་བྱེད་ཟབ་ཏུ་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་མཐུན་སྦྱོར་རོགས་ལས་བྱེད་ཟབ་ཏུ་གཏོང་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་དང་ཐོག་འབོད་སྐུལ་གནང་བའི“རྒྱུད་གཅིག་ལམ་གཅིག”ལ་འཛུགས་སྐྲུན་གྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་གི་མངའ་ཁོངས་སྒྲོལ་བའི་སྐྱེལ་འདྲེན་དང་། ཐོན་ནུས། བཟོ་ལས་གླིང་། དངུལ་རྩ། ཞིང་ལས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཐད་ཀྱི་མཉམ་ལས་ནང་ཧུར་ཐག་ཞུགས་འདོད་ཡོད་ཅེས་གསུངས་པ་རེད།
             གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཚན་རྟགས་བཀོད་གནང་བ་མ་ཟད། དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཆུ་བེད། སྤུས་བཤེར། ཁྲལ་དོན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་བཀོད་པའི་དཔང་པོ་གནང་བ་རེད།
 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716