སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིང་ཕིང་ཧ་སག་སི་ཐན་ལ་འཚམས་འདྲི་གནང་བར་མཇུག་སྒྲིལ་ནས་པེ་ཅིན་དུ་ཕྱིར་ལོག་གནང་བ།
སྤེལ་དུས། 2017-06-12   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།   རྩོམ་སྒྲིག་པ།  སྐྱིད་པོས་བསྒྱུར།
          སྤྱི་ཚེས་༡༠ཉིན། ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་བར་མཇུག་སྒྲིལ་བ་མ་ཟད་ཧྲང་ཧེའི་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་༡༧པ་དང་ཨ་སི་ཐ་ནའི་ཆེད་དོན་འཛམ་གླིང་དངོས་མང་བཤམས་སྟོན་གྱི་འགོ་ཚུགས་མཛད་སྒོར་ཞུགས་རྗེས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་པེ་ཅིན་དུ་ཕྱིར་ལོག་གནང་ཡོད་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཝང་ཧུའུ་ཉིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རིན་སླི་ཀྲེན་ཧྲུའུ། རྒྱལ་དོན་ཨུ་ཡོན་ཡང་ཅེ་ཁྲེ་སོགས་ཕེབས་རོགས་ཞུ་མཁན་མི་སྣ་གནམ་གྲུ་གཅིག་ནང་ཕེབས་འབྱོར་ཟིན་ཡོད་པ་རེད།
          ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༡༠ཉིན་གྱི་སྔ་དྲོ། ཞི་ཅིང་ཕིང་ཨ་སི་ཐ་ན་ནས་ཞལ་གྱེས་ནས་རྒྱལ་ནང་དུ་ཕྱིར་ལོག་ཕེབས་པ་དང་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་མ་མིང་སོགས་གནམ་གྲུ་ཐང་དུ་ཕེབས་སྐྱེལ་ཞུ་བར་བཅར་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716