སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ནང་སར་ལས་ཞུགས་ཐུབ་པའི་མི་གྲངས་ཉིན་བཞིན་མང་དུ་ཕྱིན་པ།
སྤེལ་དུས། 2017-06-13   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་བཟང་གིས་བསྒྱུར།
          གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་བོད་ལྗོངས་མཐོ་སློབ་སློབ་ཐོན་སློབ་མ་ནང་སར་ལས་ཞུགས་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལམ་ལུགས་སྒྱུར་བཅོས་འཁོར་རྒྱུག་བྱེད་པ་དང་སྦྲགས། ཁྲོམ་ར་ཅན་གྱི་ལས་ཞུགས་ལམ་ལུགས་ལས་བོད་ལྗོངས་སློབ་ཐོན་སློབ་མ་ནང་སར་ལས་ཞུགས་ཐུབ་པའི་མི་གྲངས་ཉིན་བཞིན་མང་དུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། འདི་ལོ་བོད་རང་སྐྱོང་ལྗོངས་མི་སྤྱི་སྡེ་ཚན་གྱིས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་15དང་མཉམ་ལས་དམ་ཟབ་བྱས་ཏེ་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་བོད་ནས་ཐོན་ཏེ་ནང་སར་ལས་ཀ་བྱེད་པར་སྐྱོད་པར་སྐུལ་འདེད་བཏང་ནས་ཟླ་6པ་ནས་བཟུང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཁག་དང་མཐུན་སྦྱོར་གྱིས་གདན་ཞུའི་འདུ་ཚོགས་དང་དེ་བཞིན་རྒྱུགས་བསྡུའི་འདུ་ཚོགས་ཐེངས་མང་སྤེལ་རྒྱུ་རེད།
          བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྲུབ་འབྲས་ཐོབ་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་སྲིད་ཇུས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་ཆབས་ཅིག བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དགོས་མཁོ་ཤེས་རྟོགས་བྱས་ཏེ་སློབ་གྲྭ་ནས་ཐོན་རུང་ལས་ཞུགས་མ་ཐུབ་པའི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད།
          བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་འཁུར་བས་རོགས་སྐྱོར་བྱ་ཡུལ་ཞིག་ཡིན་པའི་ངོས་ནས་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་མཐོ་སློབ་སློབ་ཐོན་སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་ཀྱི་ལས་ཞུགས་ལྟ་བ་ཧུར་ཐག་བསྒྱུར་ནས་ནང་སར་ལས་ཞུགས་ཐུབ་པའི་ཧུར་བརྩོན་རང་བཞིན་མཐོ་རུ་དང་མི་སྤྱི་སྡེ་ཚན་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་སྦྲེལ་མཐུད་མཐུན་སྦྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ནང་སར་ལས་ཞུགས་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མར་དོ་དམ་ཞབས་ཞུ་དང་རྗེས་བསྙེགས་ཚུར་ལེན་ལས་དོན་ཡག་པོ་བསྒྲུབས་ཏེ་ལས་ཞུགས་བོད་སྐྱོར་གྱི་སྲིད་ཇུས་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ཡོད་ཅེས་བརྗོད།
          ཤེས་རྟོགས་བྱུང་བར་གཞིགས་ན། ལོ་5ཡི་རིང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་སྐྱེ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ཁེ་ལས་བྱ་གཞག་ཚན་པ་སྣ་ཚོགས་སུ་ལས་ཞུགས་ཐུབ་པ་བྱས་པ་དང་། སྦྲེལ་མཐུད་འདུ་ཚོགས་དང་། རྒྱུགས་བསྡུའི་འདུ་ཚོགས། ཆེད་ལས་གདན་ཞུའི་འདུ་ཚོགས། དྲ་རྒྱའི་ལས་བསྡུའི་འདུ་ཚོགས་བཅས་ཁྱོན་80ལྷག་ཙམ་འཚོགས་པ། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་1500ལྷག་ཙམ་ལས་ཞུགས་བོད་སྐྱོར་ཐབས་ལམ་བརྒྱུད་ལྗོངས་ཕྱིར་ལས་ཞུགས་ཐུབ་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གང་ལེགས་གཏོང་རྒྱུར་ཁ་གསབ་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716