སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུའུ་ཀྲང་ཐུག་འཕྲད་ནང་ཞུགས་མཁན་ཕྱི་རྒྱལ་ཕྱོགས་ཀྱི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་མཇལ་འཛོམས་གནང་བ།
སྤེལ་དུས། 2017-06-21   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  པ་སངས་ཀྱིས་བསྒྱུར།

          འདི་ནི་ཟླ་6ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་འབོ་གསེར་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུའུ་ཀྲང་ཐུག་འཕྲད་ནང་ཞུགས་མཁན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཕུའུ་ལུའོ་ཕུའུ་དང་། ལྷོ་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་པུའུ་ཀྲང་མཱ་ཧྲ་པཱ་ནེ། པར་ཙིར་གྱི་ཕྱི་འབྲེལ་པུའུ་ཀྲང་ནུའུ་ནེ་སི། རྒྱ་གར་གྱི་ཕྱི་འབྲེལ་རྒྱལ་དོན་པུའུ་ཀྲང་ཤིན་ཀེ་བཅས་དང་མཇལ་འཛོམས་གནང་བའི་གནས་ཚུལ་ཡིན་པ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་འབོ་གསེར་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུའུ་ཀྲང་ཐུག་འཕྲད་ནང་ཞུགས་མཁན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཕུའུ་ལུའོ་ཕུའུ་དང་། ལྷོ་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་པུའུ་ཀྲང་མཱ་ཧྲ་པཱ་ནེ། པར་ཙིར་གྱི་ཕྱི་འབྲེལ་པུའུ་ཀྲང་ནུའུ་ནེ་སི། རྒྱ་གར་གྱི་ཕྱི་འབྲེལ་རྒྱལ་དོན་པུའུ་ཀྲང་ཤིན་ཀེ་བཅས་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུའུ་ཀྲང་ཐུག་འཕྲད་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་འབོ་གསེར་རྒྱལ་ཁབ་ཁག་གིས་ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་སྐབས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཞི་ཅིན་ཕིང་གིས་མིག་སྔར་ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་འབོ་གསེར་རྒྱལ་ཁབ་ལ་ཐུན་མོང་གི་ལས་འགན་འཕྲད་ཡོད་པར་བརྟེན་རང་ངོས་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་སྤྱིར་ཕན་པའི་ཁོར་ཡུག་གཏོད་དེ་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འབོ་གསེར་མཉམ་ལས་ནི་གསར་གཏོད་ཅིག་ཡིན་པ་དང་ཆབ་སྲིད་དང་དམག་དོན་མནའ་འབྲེལ་གྱི་ལམ་རྙིང་པ་ལས་སྒྲོལ་ཏེ་རོགས་ཟླ་སྒྲིག་པ་ལས་མནའ་འབྲེལ་མི་ཞུགས་པའི་འབྲེལ་བ་གསར་པ་བཙུགས་པ་དང་། འདུ་ཤེས་འཛིན་སྟངས་དབྱེ་འབྱེད་ཀྱི་བསམ་བློ་རྙིང་པ་ལས་སྒྲོལ་ཏེ་ཕན་ཚུན་བརྩི་འཇོག་དང་ཐུན་མོང་ཡར་རྒྱས་ཀྱི་འགྲོ་ལམ་གསར་པར་བསྐྱོད་པ། ཁྱེད་ཕམ་ང་རྒྱལ་དང་རྒྱལ་མཁན་གྱིས་ཚང་མ་ཟ་བའི་འདུ་ཤེས་རྙིང་པ་ལས་སྒྲོལ་ཏེ་གཉིས་ཁེ་གཉིས་ཕན་དང་མཉམ་ལས་གཉིས་ཁེའི་འདུ་ཤེས་གསར་པ་ལག་ལེན་ཐུབ་ཡོད། འབོ་གསེར་མཉམ་ལས་ཀྱི་ལམ་སྲོལ་དེ་རྒྱལ་ཁབ་ལྔ་པོའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་དང་མཐུན་ཡོད་ལ། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཡང་མཐུན་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་འབོ་གསེར་མཉམ་ལས་ལམ་སྲོལ་ལོ་བཅུ་བརྒྱུད་པའི་ནང་འབོ་གསེར་རྒྱལ་ཁབ་ཁག་གིས་འཕེལ་རྒྱས་ཀྱི་གཙོ་རྐང་དེ་དམ་འཛིན་ནན་པོ་བྱས་ཏེ་རྒྱལ་ཁབ་ལྔ་ཡི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། འཛམ་གླིང་ལ་ལྟོ་གོས་དང་བདེ་འཇགས་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་རྩ་བཅོས་ཀྱི་བྱེད་ཐབས་མཁོ་འདོན་བྱས་ཡོད། འབོ་གསེར་རྒྱལ་ཁབ་ནི་ཁེ་ཕན་དང་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན། འདི་ལོ་འབོ་གསེར་མཉམ་ལས་ལམ་སྲོལ་གྱི་ལོ་བཅུ་ཚན་གཉིས་པ་འགོ་ཚུགས་པས་ང་ཚོས་མཉམ་ལས་གཉིས་ཁེའི་འབོ་གསེར་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་མཉམ་གྲོས་དང་། མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་དར་ཆ་ཆེན་པོ་མུ་མཐུད་མཐོན་པོར་སྒྲེང་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ཀྱི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་རྩ་བའི་ཚད་གཞི་དང་བསྟུན་དགོས། ཚང་མས་བསམ་བློ་གཏོང་ས་གཅིག་ཏུ་བསམ་བློ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ཏུ་ཤུགས་བརྒྱབ་ཚེ་འབོ་གསེར་མཉམ་ལས་ལ་འབྲས་བཟང་སྨིན་ངེས་དང་གྲུབ་འབྲས་ཀྱིས་ཕྱུག་པའི་ལོ་བཅུ་ཚན་གཉིས་པ་བསུ་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
          རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོགས་པའི་ཚོགས་གཙོས་ཀྱང་འབོ་གསེར་རེས་སྐོར་སྡོད་བྱའི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལས་དོན་འབོར་ཆེན་བསྒྲུབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབོ་གསེར་རྒྱལ་ཁབ་ནི་གསར་དུ་དར་བ་དང་ཡངས་པའི་མདུན་ལམ་ལྡན་པའི་ལམ་སྲོལ་ཞིག་རེད། དུས་བབ་གསར་པའི་འོག་འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྦྱོར་དང་མཉམ་ལས་དམ་ཟབ་བྱས་ཏེ་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་དགོས། ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་འོག་འབོ་གསེར་མཉམ་ལས་ཀྱིས་འབོ་གསེར་རྒྱལ་ཁབ་ཁག་ལ་དེ་བས་བདེ་སྐྱིད་བསྐྲུན་ངེས་དང་འབོ་གསེར་རྒྱལ་ཁབ་ཀྱི་གནས་བབ་དང་རྒྱལ་སྤྱིའི་ཤུགས་རྐྱེན་ལ་ཤུགས་སྣོན་ཐེབས་ངེས་ཡིན་པའི་ཡིད་ཆེས་ཡོད། རྒྱལ་ཁབ་ཁག་གིས་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོ་ཕྱོགས་ལ་གཞོགས་འདེགས་བྱས་ཏེ་འབོ་གསེར་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་འབྲེལ་ཀྲུང་གོ་ཕྱོགས་ཀྱིས་གྲུབ་འབྲས་ཐོབ་པའི་སྒོ་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཤ་མོན་ཐུག་འཕྲད་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་བཤད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716