སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་ལགས་ཀྱིས་ཡུལ་མི་རྣམས་ལ་ཏང་དང་མཉམ་དུ་ཕུ་རུང་བརྫེས་ནས་ཧུར་ཐག་བྱེད་ཅེས་གསུངས།
སྤེལ་དུས། 2017-06-23   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པད་མས་བསྒྱུར།

          ཞི་ཅིན་ཕིང་གིས་ཅི་སོ་མཐའ་ཁུལ་གྱི་གསར་བརྗེ་དྲན་གསོ་ཁང་དུ་ལྟ་སྐོར་གནང་སྐབས།  དམག་འཁྲུག་དུས་རབས་ཀྱི་ལུའུ་ལང་སྙིང་སྟོབས་དེས་མི་དམངས་ཀྱིས་མི་རིགས་ཀྱི་བསྐྱར་དར་ལ་འབད་བརྩོན་བྱེད་དགོས་ཞེས་གསུངས།
          ཟླ་༦པའི་ཚེས་༢༡ཉིན་གྱི་སྔ་དྲོ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཧྲན་ཞིར་རྟོག་དཔྱོད་དུ་ཕེབས། པེ་ཅིང་ནས་ལུའུ་ལང་དུ་འཕུར་བ་དང་། དེ་ནས་རླངས་འཁོར་ལ་བཞུགས་ནས་དུས་ཚོད་གཅིག་དང་ཕྱེད་ཀའི་རྗེས་སུ་གཞི་ནས་ཞིན་ཤན་རྫོང་དུ་སླེབས་པ་དང་ཅི་སོ་གསར་བརྗེའི་དྲན་གསོ་ཁང་ལྟ་སྐོར་བྱས་ཤིང་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་གི་ཕྲེང་བ་ཕུལ། ཞི་ཅིན་ཕིང་གིས་གསུང་དོན། གསར་བརྗེའི་དམག་འཁྲུག་གི་དུས་རབས་སུ་ལུའུ་ལང་སྐྱེ་རྒུ་ཕོ་མོ་རྣམས་ཀྱིས་ཁྲག་དྲོན་དང་ཚེ་སྲོག་ལ་མ་འཛེམས་པར་ལུའུ་ལང་སྙིང་སྟོབས་རླབས་ཆེ་བ་བཞེངས་ཡོད་པས་ང་ཚོས་སྙིང་སྟོབས་འདི་རིགས་དེང་གི་དུས་རབས་སུ་བེད་སྤྱོད་གཏོང་བ་དང་། མུ་མཐུད་ནས་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་བཅུག་སྟེ་ཀྲུང་ཧྭ་མི་རིགས་བསྐྱར་དར་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་གསུངས།
 
          ཞི་ཅིན་ཕིང་གིས་གསར་བརྗེའི་དོན་དུ་མགོ་བོ་ཚལ་བརྒྱར་གས་ཤིང་ཁྲག་དྲོན་ས་རུ་གཏོར་མྱོང་བའི་སྔོན་རབས་པ་རྣམས་ཅིས་ཀྱང་བརྗེད་མི་རུང་བར་གསུངས།
          ཅི་སོ་དམག་ཁུལ་གྱི་སི་ལིན་པུའུ་གནའ་ཤུལ་དུ་ཞི་ཅིན་ཕིང་གིས་ཅི་སོ་མཐའ་ཁུལ་དུ་དགྲ་བོར་འཐབ་རྩོད་བགྱིས་པའི་འཐབ་མོ་བ་རྒན་པ་རྣམས་ལ་བྱམས་བརྩེའི་ངང་ནས་ཞལ་བརྡ་གནང་། ཞི་ཅིན་ཕིང་གིས་གསུང་དོན། ལུའུ་ལང་དུ་ང་རང་ཐེངས་དང་པོར་སླེབས་པ་དང་བདག་གི་སེམས་ལ་ཅི་སོ་གནས་གཞི་ས་ཁུལ་དུ་སྔ་མོ་ནས་རེ་སྙེག་བྱེད་བཞིན་ཡོད། དུས་དེ་རིང་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་“ལོ་ངོ་བརྒྱ་ཕྲག་གཉིས”ཀྱི་དམིགས་འབེན་བརྩོན་ལེན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། ང་ཚོས་གསར་བརྗེའི་དོན་དུ་མགོ་བོ་ཚལ་བརྒྱར་གས་ཤིང་ཁྲག་དྲོན་ས་རུ་གཏོར་མྱོང་བའི་སྔོན་རབས་པ་རྣམས་ཅིས་ཀྱང་བརྗེད་མི་རུང་།འཇར་ཕན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་། ཀྲུང་གོ་གསར་བ་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་དེའི་འཛུགས་སྐྲུན་གྱི་ཆེད་དུ་བྱས་རྗེས་ཆེ་བའི་བློ་མཐུན་རྒན་པ་རྣམས་བརྗེད་མི་རུང་ཞེས་གསུངས།

          ཞི་ཅིན་ཕིང་གིས་ལུའུ་ལང་གི་རི་ཁུལ་དུ་ཕྱིན་ནས་དབུལ་ཕོང་ཛ་དྲག་ས་ཁུལ་གྱི་དབུལ་ཐར་ཇུས་ཆེན་ལ་རྟོག་དཔྱོད་ཟབ་མོ་གནང་།
          དབུལ་ཕོང་ཛ་དྲག་ས་ཁུལ་ནི་དབུལ་ཐར་སྲ་བརྟན་གཏོང་བའི་གནད་ཀྱི་གཙོ་བོ་ཡིན། དབུལ་ཕོང་ཛ་དྲག་ས་ཁུལ་དེ་རྒྱལ་ཡོངས་ས་ཁུལ་གཞན་རྣམས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྱིས་སེམས་འཁུར་བྱེད་ས་གཙོ་བོར་གྱུར། ཟླ་༦པའི་ཚེས་༢༡ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་ལགས་ཧྲན་ཞི་ཞིང་ཆེན་ཁི་ལན་རྫོང་ཀྲའོ་ཅ་བ་གྲོང་ཚོར་ཕྱིན་ནས་དབུལ་ཕོང་མང་ཚོགས་ལ་བལྟ་རུ་ཕྱིན།  གནས་འདིར་ལུའུ་ལང་རི་ཁུལ་དུ་གཏོགས་ཤིང་བྲག་རོང་འཕྲེད་དུ་ཡོད་ལ་ས་རྒྱུ་གཤིན་པོ་མེད་པར་འཚོ་བའི་ཆ་རྐྱེན་ཧ་ཅང་ངན་ངོན་ཡིན་ཏེ། ས་དེའི་འབྲས་བུས་མི་ཡི་ལྟོགས་སྐོམ་མི་སེལ་བའི་གནས་སུ་གྱར་ཡོད། ཞི་ཅིན་ཕིང་གིས་གྲོང་ཚོའི་ས་ལམ་ཀྱག་ཀྱོག་བརྒྱུད་དེ་གྲོང་ཚོའི་དུད་ཁྱིམ་གསུམ་དུ་ཕྱིན་ནས་ཁོང་ཚོའི་འཚོ་བའི་ཆ་རྐྱེན་དང་དབུལ་ཕོང་གི་རྒྱུ་མཚན་དེ་མིན་ཡོང་སྒོ་མང་དུ་གཏོང་བའི་ཐབས་ཤེས་བཅས་ལ་ཞལ་བརྡ་གནང་སྟེ་ལས་བྱེད་མི་སྣ་མང་ཚོགས་བཅས་མཉམ་དུ་དབུལ་ཐར་བྱེད་པའི་ཇུས་ཆེན་ལ་བགྲོ་གླེང་བྱས།  སྤྱི་ཁྱབ་ཧྲུའུ་ཅི་ལགས་ཀྱིས་ས་དེ་གའི་གནས་སྤོར་སྦྲགས་ནས་གྲོང་ཚོའི་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱེད་པའི་ཐབས་ཤེས་ལ་བདེན་ཁ་བྱིན་པ་དང་། དེ་འབྲེལ་གྱི་དབུལ་སྐྱོར་བྱེད་ཐབས་རྗེས་ཆོད་པ་བྱས་ནས་མང་ཚོགས་ཀྱིས་སྡོད་ཁང་ལེགས་སྒྱུར་བྱེད་པ་མ་ཟད་ད་དུང་ཡོང་འབབ་གཏན་འཇགས་ངང་འཕེལ་ཐུབ་དགོས་པར་གསུངས།
 
          སྤྱི་ཁྱབ་ཧྲུའུ་ཅི་ལགས་ཞིང་ཁ་དང་ཁྲོན་ཁར་ཕྱིན་ནས་གྲོང་ཚོའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་།
          ཞི་ཅིང་ཕེང་ལགས་ཀྲའོ་ཅ་བ་གྲོང་ཚོའི་ཞིང་ཁར་ཕྱིན་ནས་མ་རྨོས་ལོ་ཏོག་དང་སྲན་མའི་སྐྱེས་ཚད་ལ་གཟིགས་ཞིབ་གནང་། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ལགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ལགས་ལ་ཞུ་རྒྱུར། ཐན་པ་ཆེ་དྲགས་པས་ལོ་ཏོག་གི་སྐྱེ་ཐུང་ཞིང་ཐོན་ཚད་ཉུང་ལ་མང་ཚོགས་རྣམས་ཀྱིས་ཆར་བ་ཁོ་ནར་བརྟེན་ནས་ཁ་ཟས་འཚོལ་གྱི་ཡོད་པར་ཞུས། སྤྱི་ཁྱབ་ཧྲུའུ་ཅི་ལགས་ཀྱིས་གྲོང་ཚོའི་ཡུལ་མི་རྣམས་ལ་ས་རྒྱུའི་གཤིན་ཚད་ཀྱི་བྱེད་ནུས་ལ་རྒྱུས་ལོན་གནང་། སྤྱི་ཁྱབ་ཧྲུའུ་ཅི་གྲོང་ཚོའི་ཁྲོན་ཆུ་གཅིག་པུའི་ཁར་ཕྱིན་ནས་དེའི་ཆུའི་གསོག་ཚད་ལ་ཞིབ་ཏུ་གཟིགས་མོ་གནང་བ་རེད།
 
          ཞི་ཅིན་ཕིང་ལགས་ཀྱིས་ཞིང་གྲོང་གཞི་རིམ་ས་ཁུལ་ནས་ལས་བྱེད་པ་སྦྱོར་བརྡར་དང་། ལས་བྱེད་པ་མཐོང་ཆེན། ལས་བྱེད་པ་གསོ་སྐྱོང་བཅས་བྱེད་དགོས་པར་གསུངས།
          ཞི་ཅིན་ཕིང་གིས་ཀྲའོ་ཅ་བ་གྲོང་ཚོར་ཁི་ལན་རྫོང་གི་དམངས་ཆེན་མངགས་སྡོད་བྱས་པའི་ལས་བཟོ་མི་སྣར་བལྟ་རུ་ཕྱིན་ཏེ་ཁོང་ཚོར་དུད་ཁྱིམ་དུ་ཞུགས་ནས་དབུལ་སྐྱོར་ལ་རོགས་རམ་བྱེད་པར་སྐུལ་ལྕག་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ང་ཚོས་གཞི་རིམ་དུ་ཧྲུའུ་ཅི་ཨང་དང་པོ་དང་དབུལ་སྐྱོར་ལས་བཟོ་བ་མངགས་ཏེ་སྡེ་དཔོན་ལམ་ལུགས་བཙུགས། འདི་དག་ཐམས་ཅད་ནི་“ཞིང་ལས་གསུམ”གྱི་ལས་ཀ་དང་ལྷག་པར་དུ་དབུལ་ཐར་སྲ་བརྟན་གཏོང་བའི་ལས་ཀའི་ཐབས་ཤེས་ཡིན་ལ་ལས་བྱེད་མི་སྣ་སྦྱོང་བརྡར་བྱེད་པའི་སྟེགས་བུ་ཞིག་ཀྱང་ཡིན། ང་ཚོའི་སྐབས་འདི་དག་ལ་བློ་མཐུན་ལེགས་ཤོས་དང་ལས་བྱེད་པ་ལེགས་ཤོས་རྙེད་ཐུབ་པ་ཡིན་པ་མ་ཟད་བྱེད་ཐབས་འདི་དག་བརྒྱུད་ནས་ཁོང་ཚོར་གསོ་སྐྱོང་གང་ལེགས་བྱེད་དགོས་ཞེས་གསུངས།

          ཞི་ཅིན་ཕིང་ལགས་ཀྱིས་ཡུལ་མི་རྣམས་ལ་ཏང་དང་མཉམ་དུ་ཕུ་རུང་བརྫེས་ནས་ཧུར་ཐག་བྱེད་ཅེས་གསུངས།
          ཀྲའོ་ཅ་བ་ནས་ཕྱིར་སླེབས་རྗེས་ཞི་ཅིན་ཕིང་འཛུགས་སྐྲུན་ལེགས་པར་གྲུབ་ཟིན་པའི་དབུལ་སྐྱོར་གནས་སྤོར་སྡོད་ཁུལ་སོང་ཅ་ལུང་པའི་གྲོང་ཚོར་ཕྱིན། གནས་འདི་ནི་རི་ཁུལ་གྲོག་རོང་ཁྲོད་ཀྱི་གྲོང་ཚོ་རྙིང་པ་དང་གནམ་སའི་ཁྱད་པར་ཡོད་དེ། གྲོང་ཚོའི་འཁོར་ཡུག་གཙང་མ་དང་ཡུལ་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་པོ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཡི་ཐུགས་ཧ་ཅང་རྒྱས།  ཁོང་གིས་ཡུལ་མི་རྣམས་ལ་གསུང་དོན། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཕུགས་འདུན་ལེགས་པོ་མངོན་འགྱུར་བྱེད་པ་དེ་ནི་ང་ཚོས་འབད་བརྩོན་བྱེད་པའི་དམིགས་འབེན་ཡིན་ལ། ད་ལྟ་ཏང་ཀྲུང་དབྱང་གིས་བློ་གཅིག་སེམས་གཅིག་ངང་དམངས་རྣམས་དབུལ་ཐར་ཕྱུག་འགྱུར་བྱུང་ནས་འཚོ་བ་སྐྱིད་པོ་རོལ་དུ་འཇུག་རྒྱུ་བརྩོན་ལེན་བྱེད་ཀྱི་ཡོད།  ཟན་མའི་མེ་ཏོག་ཚིགས་ལྟར་མཐོ་བ་བཞིན་ཁྱེད་ཡུལ་མི་རྣམས་ཀྱང་ཏང་ཀྲུང་དབྱང་དང་མཉམ་དུ་ཕུ་རུང་བརྫེས་ནས་ཧུར་ཐག་བྱེད་དགོས་ཞེས་གསུངས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716