སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་༼ ཤང་ཀང་ཀུ་ཀུང་ཕོ་བྲང་རིག་གནས་རྟེན་རྫས་བཤམས་སྟོན་ཁང་འཛུགས་རྒྱུའི་མཉམ་ལས་གྲོས་ཆོད༽ ཅེས་པའི་མིང་བཀོད་མཛད་སྒོར་ཞུགས་གནང་བ།
སྤེལ་དུས། 2017-06-30   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  ཟླ་བས་བསྒྱུར།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༢༩ཉིན་གྱི་ཕྱི་དྲོ་ཤང་ཀང་ཤེ་ཅེའུ་རིག་གནས་ཁུལ་དུ་༼  ཤང་ཀང་ཀུ་ཀུང་ཕོ་བྲང་རིག་གནས་རྟེན་རྫས་བཤམས་སྟོན་ཁང་འཛུགས་རྒྱུའི་མཉམ་ལས་གྲོས་ཆོད ༽ ཅེས་པའི་མིང་བཀོད་མཛད་སྒོར་ཞུགས་གནང་ཡོད་པ་རེད།
          ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལེའང་ཀྲེན་དབྱིན་དང་། སྐབས་རྗེས་མའི་འོད་སྒུག་སྲིད་འཛིན་དཔོན་ལིན་ཀྲེན་ཡོལ་ཨེ་ཡི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་ཤང་ཀང་དམིགས་བསལ་སྲིད་གཞུང་གི་སྲིད་དོན་སེའི་སེ་ཀྲང་དང་ཤེ་ཅེའུ་རིག་གནས་ཁུལ་དོ་དམ་ཅུས་དང་སྤྱི་འདོམས་ཅུས་ཀྱི་ཀྲུའུ་ཞི་ཀྲང་ཅན་ཙུང་དང་ཀུ་ཀུང་རྟེན་རྫས་བཤམས་སྟོན་ཁང་གི་འགོ་འཛིན་ཧྲན་ཅི་ཞང་གིས་༼  ཤང་ཀང་ཀུ་ཀུང་ཕོ་བྲང་རིག་གནས་རྟེན་རྫས་བཤམས་སྟོན་ཁང་འཛུགས་རྒྱུའི་མཉམ་ལས་གྲོས་ཆོད ༽ ལ་མིང་རྟགས་བཀོད་པ་དཔང་པོ་གནང་ཡོད།
          ཤེ་ཅེའུ་རིག་གནས་ཁུལ་ནི་ཤང་ཀང་གི་རིག་གནས་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་། དེའི་ནང་ཤང་ཀང་ཀུ་གུང་རིག་གནས་རྟེན་རྫས་བཤམས་སྟོན་ཁང་དང་། ཁྲང་ཤེའི་ཟློས་གར་ལྟེ་གནས་སོགས་རིག་གནས་སྒྱུ་རྩལ་འཛུགས་སྐྲུན་དངོས་པོ་རིགས་བཅུ་བདུན་ཙམ་གཅིག་བསྡུས་བྱས་ཡོད། ཤང་ཀང་ཀུ་གུང་རིག་གནས་རྟེན་རྫས་བཤམས་སྟོན་ཁང་འཛུགས་སྐྲུན་ལེགས་གྲུབ་ཟིན་རྗེས། ཀུ་གུང་རྟེན་རྫས་བཤམས་སྟོན་ཁང་གིས་ཉར་ཚགས་བྱས་པའི་རིག་དངོས་འགྲེམས་སྟོན་བྱ་རྒྱུ་ཡིན་པས། ཤང་ཀང་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་པ་རེད། ཤེ་ཅེའུ་རིག་གནས་ཁུལ་དོ་དམ་ཅུས་དང་ཀུ་གུང་རྟེན་རྫས་བཤམས་སྟོན་ཁང་གིས་རིག་དངོས་འགྲེམས་སྟོན་དང་། མི་སྣ་སྦྱོང་བརྡར། མི་ཆོས་རིག་གནས་སྣ་ཚོགས་སྤེལ་རེས་སོགས་ཀྱི་ཐད་མཉམ་ལས་བྱ་རྒྱུ་ཡིན་པ་རེད།
          ཞི་ཅིན་ཕིང་གིས་ཤང་ཀང་གི་རིག་གནས་སྒྱུ་རྩལ་གོང་འཕེལ་ལ་ཐུགས་ཁུར་ཟབ་མོ་གནང་བ་དང་། མཉམ་ལས་གན་རྒྱའི་མིང་བཀོད་མཛད་སྒོ་དངོས་སུ་འགོ་མ་ཚུགས་གོང་ཤེ་ཅེའུ་རིག་གནས་ཁུལ་གྱི་འཆར་འགོད་གནས་ཚུལ་དང་ཤང་ཀང་ཀུ་ཀུང་རིག་གནས་རྟེན་རྫས་བཤམས་སྟོན་ཁང་གི་འཛུགས་སྐྲུན་ས་ཆ་གཏན་འཁེལ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་གསན་གནང་ཡོད།
          ཞི་ཅིན་ཕིང་གིས་ད་དུང་བྱིས་པ་གཉིས་དང་མཉམ་དུ་ཡོལ་ཅུལ་ཟློས་གར་གྱི་གཞས་དུམ་བུ་གཉིས་ལེན་པ་དང་། བྱིས་པ་དེ་ཚོའི་འཁྲབ་སྟོན་ལ་ཐལ་མོ་ཡང་ཡང་རྡེབ་པ་དང་། བྱིས་པ་དེ་ཚོ་ལོ་ན་ཆུང་ཡང་གླུ་གར་གྱི་ཉམས་ཆོས་ཡག་པོ་མངོན་ཐུབ་འདུག་ཅེས་བསྟོད་བསྔགས་བཏང་ཡོད།
          ཞི་ཅིན་ཕིང་གིས་ཁྱེད་ཚོས་ཡོལ་ཅུལ་ཟློས་གར་ལ་དགའ་པོ་བྱེད་པ་མཐོང་དུས་ང་རང་ཡང་ཤིན་ཏུ་དགའ་པོ་བྱུང་། དེའི་ཐོག་ནས་ཤང་ཀང་གི་ཡོལ་ཅུལ་ཟློས་གར་ལ་རྗེས་འཛིན་པ་ཡོད་པ་མཚོན་པ་མ་ཟད། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་འཛད་མེད་ཀྱི་གསོན་ཤུགས་ལྡན་པ་ཀྱང་མཚོན་ཐུབ་ཅེས་བསྟན་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716