སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་གྲོས་མོལ་གནང་བ།
སྤེལ་དུས། 2017-07-07   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  སྒྲོལ་དཀར་གྱིས་བསྒྱུར།

ཟླ་7ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ལིན་དུ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་གྲོས་མོལ་གནང་བ།
          ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ལིན་ནས་ཟླ་7ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་པེར་ལིན་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་འཇར་མན་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་གདེང་འཇོག་ཆེན་པོ་གནང་ནས་ཀྲུང་གོ་དང་འཇར་མན་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་མཚམས་རྗེས་མའི་འཕེལ་རྒྱས་ཆེད་འཆར་གཞི་གསར་པ་འགོད་པ་དང་། དམིགས་ཚད་གསར་པ་གསལ་བཟོ། ཐབས་ལམ་གསར་པ་འཆར་འགོད་བཅས་གནང་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་པོ་གཞོགས་འདེགས་དམ་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་གོ་དང་འཇར་མན་དབར་གྱི་འབྲེལ་བའི་གྲུབ་འབྲས་ཐོག་དེ་བས་འབད་བརྩོན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་མཐའ་གཅིག་ཏུ་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་45སོང་རིང་ཕྱོགས་གཉིས་པོའི་འབྲེལ་བ་གོང་འཕེལ་བྱུང་བ་ནི“གྲུབ་འབྲས་ཐོབ་པའི་གཏམ་རྒྱུད”ཅིག་ཡིན་པས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། 2014ལོར་ང་འཇར་མན་དུ་རྒྱལ་དོན་འཚམས་འདྲིར་ཐེངས་དང་པོ་ཡོང་སྐབས་ཀྲུང་གོ་དང་འཇར་མན་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ངེས་གནས་གསར་པ་གཏན་འཁེལ་བྱས་ཡོད། ལོ་གསུམ་རིང་ཀྲུང་གོ་དང་འཇར་མན་གྱི་ཕྱོགས་གཉིས་པོའི་ལམ་སྲོལ་དེ་རྒྱལ་ཁབ་གཉིས་པོའི་དབར་སྤེལ་རེས་བྱེད་པའི་ཁྱབ་ཁོངས་ཚང་མར་ཁྱབ་ནས་དཔལ་འབྱོར་ཚོང་དོན་དང་། ལག་རྩལ། ཕྱོགས་གཉིས་ཀྱི་མ་འཇོག་མཉམ་ལས་བཅས་ཐད་མཆོང་སྐྱོད་གསར་པ་བྱུང་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཏེ་ཀྲུང་གོ་དང་འཇར་མན་དབར་གྱི་འབྲེལ་བ་དེ་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་མིག་སྔར་འཛམ་གླིང་གི་ཆགས་སྟངས་ལེགས་སྒྲིག་ཆེན་པོ་དང་འཕོ་འགྱུར་ཆེན་པོ་ཡོང་བའི་དུས་སྐབས་སུ་སླེབས་བཞིན་ཡོད་པས་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རང་བཞིན་མང་དུ་འགྲོ་བཞིན་ཡོད། དུས་བབ་འགྱུར་ལྡོག་ཐད་ཆེས་གཞི་རྩ་ནི་འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཅན་དུ་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་འཕེལ་ཕྱོགས་སྟངས་འཛིན་དང་རྒྱལ་ཁབ་ཁག་གི་མི་དམངས་ཚོས་ཞི་བདེ་དང་འཕེལ་རྒྱས་ཀྱི་ཐུན་མོང་རེ་འབོད་དམ་འཛིན་བྱས་ནས་མཉམ་ལས་གཉིས་ཕན་གྱི་འགྲོ་ལམ་ཐོག་བསྐྱོད་དགོས་པའི་ནན་བཤད་གནང་བ་སྟེ། དང་པོ། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་པོའི་གླེང་མོལ་གྱི་ལམ་སྲོལ་ནུས་པ་བཏོན་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་གཏིང་ཟབ་ཏུ་གཏོང་དགོས་པ་དང་།
          གཉིས་པ། ཕྱོགས་གཉིས་པོས་སྒོ་འབྱེད་དང་། གསར་གཏོད། གཉིས་ཕན་བཅས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་འཐབ་ཇུས་རང་བཞིན་གྱི་མཉམ་ལས་བྱས་ནས་ཐུན་མོང་གི་ཁེ་ཕན་ལྡན་པའི་བྱ་བ་ཕྱར་བ་གྲུ་འདེགས་ངང་སྒྲུབ་དགོས་པ།
          གསུམ་པ། ཕྱོགས་གཉིས་པོས་འདི་ལོ་ཟླ་5པར་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པའི་ཀྲུང་གོ་དང་འཇར་མན་དབར་གྱི་རིམ་པ་མཐོ་བའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་གླེང་མོལ་ལམ་སྲོལ་གང་ལེགས་སྤྱད་དེ་སློབ་གསོ་དང་། ཚན་རྩལ། རིག་གནས། གཞོན་ནུ་ལོ་ཆུང་། སྲིད་ཏང་། རིག་མཛོད། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་དང་ཡུལ་སྐོར་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པ།
          བཞི་པ། ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་གླེང་མང་བའི་གནད་དོན་ཐད་དུས་ཐོག་ཏུ་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ་ས་ཁུལ་བརྟན་ལྷིང་དང་། འཛམ་གླིང་ཞི་བདེ་སྲུང་སྐྱོང་། འཛམ་གླིང་གི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་གཏོང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པ་བཅས་ཀྱི་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པ་བཅས་རེད།
          མོ་ཁེར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་འཇར་མན་དུ་འཚམས་འདྲིར་མ་ཕེབས་གོང《འཛམ་གླིང་ཚགས་པར》ཐོག་སྤེལ་བའི་རྩོམ་ཡིག་ངས་ནན་ཏན་ངང་ལྟ་ཀློག་བྱས་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་དང་ཀྲུང་གོའི་དབར་གྱི་འབྲེལ་བར་གདེང་འཇོག་གནང་བར་མོས་མཐུན་ཡོད་ལ་འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་རྒྱ་ཁྱབ་ཁྱབ་ཁོངས་ཀྱི་མཉམ་ལས་དེ་ཕྱོགས་གཉིས་པོའི་ཁེ་ཕན་དང་འཚམ་པ་མ་ཟད་མི་མངོན་པའི་སྟོབས་ཤུགས་དེ་བས་ཆེ་བ་ལྡན་པར་ཡང་མོས་མཐུན་ཡོད། འཇར་མན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་ཡོད། འཇར་མན་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་འཛིན་རྒྱུར་བརྒྱ་ཆ་བརྒྱ་མཐའ་འཁྱོངས་བྱས་ནས་ཀྲུང་གོ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་དཔལ་འབྱོར་ཚོང་དོན་དང་ཕན་ཚུན་སྦྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོའི་སློབ་གསོ་དང་། རིག་གནས། རྐང་རྩེད་སྤོ་ལོ། གཞོན་ནུ། མཛའ་མཐུན་གྲོང་ཁྱེར་བཅས་ཐད་སྤེལ་རེས་དམ་ཟབ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716