སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རང་རྒྱལ་གྱིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གསར་པ་17བཙུགས་པ།
སྤེལ་དུས། 2017-07-14   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  སྤེན་ཚེས་བསྒྱུར།
          ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཧེ་ལུང་ཅང་གི་ཕན་ཀྲུང་སོགས་གསར་དུ་བཙུགས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་17གྱི་མིང་ཐོའི་བརྡ་ཐོ་ཁྱབ་བསྒྲགས་བྱས་ཤིང་། རང་རྒྱལ་དུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གསར་པ་17བཙུགས་པའི་ནང་ཧེ་ལུང་ཅང་དུ་ཕན་ཀྲུང་དང་ཧེ་ཤ་ཙེ་གླིང་ཕྲན་སོགས་6ཡོད་པ་དག་ཨང་རིམ་དང་པོར་འཁོད་པ་དང་། ཧུའུ་པེ་ཞིང་ཆེན་དུ་ཁྲང་དབྱང་པོང་ཅན་ཙེ་སོགས་3ཡོད་པ། ཤིན་ཅང་དུ་ཨ་ལེ་ཐའེ་ཁེ་ཁེ་སུའུ་འདམ་ར་སོགས་2ཡོད་པ། དེ་བཞིན་ཀྲེ་ཅང་དང་། ཅང་ཤིས། སི་ཁྲོན། བོད་ལྗོངས། ཧྲའན་ཤིས། ཀན་སུའུ་བཅས་སོ་སོར་གཅིག་རེ་ཡོད་པ་རེད།
          གསར་དུ་བཙུགས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དག་གི་རྒྱ་ཁྱོན་དང་། ཁྱབ་ཁོངས། ནུས་པའི་ཁུལ་ཚན་སོགས་ཁོར་ཡུག་སྲུང་སྐྱོང་པུས་ཟུར་དུ་ཁྱབ་བསྒྲགས་བྱ་རྒྱུ་རེད། འབྲེལ་ཡོད་ས་ཁུལ་གྱིས་ཆོག་མཆན་ཐོབ་པའི་རྒྱ་ཁྱོན་དང་ཁྱབ་ཁོངས་གཞིར་བཟུང་མི་སྣ་སྒྲིག་འཛུགས་བྱས་ནས་ས་མཚམས་འབྱེད་རྒྱུ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་ས་ཆའི་བདག་དབང་དོན་འཁྱོལ་བྱ་རྒྱུ་མ་ཟད། ད་དུང་གཏན་འབེབས་བྱས་པའི་དུས་བཀག་ནང་ཁུལ་མཚམས་གསལ་པོར་ཕྱེ་ནས་ཁྱབ་བསྒྲགས་ཀྱང་བྱ་རྒྱུ་རེད།
          རང་བྱུང་སྲུང་སྐྱོང་ཁུལ་ནི་སྣོད་བཅུད་ཤེས་དཔལ་ལ་སྐུལ་འདེད་གཏོང་བ་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་རེད། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་དང་། སྣོད་བཅུད་སྲུང་སྐྱོང་དམར་ཐིག་དོན་འཁྱོལ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་ལེན་གལ་ཆེན། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་དང་རང་བྱུང་སྣོད་བཅུད་མ་ལག་སྣ་ཚོགས་བདེ་འཇགས་བརྟན་ལྷིང་ཡོང་བ་བྱེད་པ་དང་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བའི་བྱེད་ཐབས་ནུས་ལྡན་བཅས་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་གྱིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག་སོགས་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ནན་གྱིས་འཁུར་བ། རྩ་འཛུགས་ཀྱི་འགོ་ཁྲིད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། རང་བྱུང་སྲུང་སྐྱོང་ཁུལ་དང་འབྲེལ་བ་ཡོད་པའི་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་སྣ་ཚོགས་ལ་ལྟ་སྐུལ་དང་། དོ་དམ། ཁྲིམས་འཛིན་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། རང་བྱུང་སྲུང་སྐྱོང་ཁུལ་དང་ས་གནས་དེ་གའི་དཔལ་འབྱོར་འཛུགས་སྐྲུན་དང་གྲོང་མིའི་ཐོན་སྐྱེད་འཚོ་བའི་དབར་གྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱེད་པ་བཅས་བྱས་ཏེ་དོ་དམ་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་དོ་དམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བཤད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716