སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་སྐུལ་ཚོ་ཆུང་༡༨ས་གནས་ཁག་ཏུ་ལྟ་སྐུལ་ཞིབ་བཤེར་བྱེད་པར་མངགས་གཏོང་བྱས།
སྤེལ་དུས། 2017-07-18   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  མིག་དམར་རྒྱ་མཚོས་བསྒྱུར།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེན་མོ་ཐེངས་བཞི་པའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་གཞིར་བཟུང་། ས་ཁུལ་ཁག་དུ་ཕྱོགས་ཡོངས་ནས་རང་བཤེར་བྱེད་པའི་རྨང་གཞིའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་༡༨མངགས་གཏོང་བྱས་ཏེ། ཁག་སོ་སོར་ཐན་ཅིང་དང་། ནང་སྲོག ཧུ་པའེ་སོགས་ཞིང་ལྗོངས་དང་གྲོང་ཁྱེར་༡༨ལ་ཁག་དགོས་བྱས་ཡོད་པ་རེད། དེ་ཡང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གལ་ཆེའི་བཀོད་ཇུས་བཀོད་སྒྲིག་ཀྱི་གནད་ཚུལ་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ཐད་ས་ཡུལ་དངོས་ཀྱི་ལྟ་སྐུལ་ཞིབ་བཤེར་སྤེལ་འགོ་ཚུགས་ཡོད་པ་རེད།
          ད་ཐེངས་ཀྱི་ས་ཡུལ་དངོས་ཀྱི་ལྟ་སྐུལ་ཞིབ་བཤེར་དེ་ཏང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཐོག་གཏོན་པའི་དམིགས་ཡུལ་དང་བླུང་བྱར་དམིགས་ཏེ། ས་གནས་ཁག་གི་གཙོ་གནད་ལས་དོན་དང་། ཚད་སྒྱུར་དམིགས་ཚད་ཀྱི་ལས་འགན། སྐབས་དེ་གའི་སྲིད་གཞུང་གི་མཁས་ལེན་བྱས་པའི་དོན་ཚན་སོགས་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་རྒྱུ་དང་། དུས་མཚུངས་སུ་གཅིག་བསྡུས་ཐོག་ཕྱོགས་ལྔའི་ཐད་ནས་གཙོ་གནད་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་སྟེ། གཅིག་ནི་ལྷུག་གཏོང་དང་། དོ་དམ། ཞབས་ཞུ་བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་དང་། ཁེ་ལས་ཀྱི་ཐོ་འགོད་ལས་འགོ་གཉེར་རྒྱུ་དང་། འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་འགོ་འཛུགས་པའི་ཆོག་མཆན། བརྟན་ཅག་རྒྱུ་ནོར་མཐོ་འགོད་སོགས་ཚོང་གཉེར་ཁོར་ཡུག་གི་གཙོ་གནད་ཚད་གཞིར་ཞིབ་བཤེར་བྱེད་རྒྱུ་དང་། གཉིས་ནི་ ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་རྒྱུའི་སྲིད་ཞུས་དང་བྱ་ཐབས་དོན་བྱས་ཚུལ་ཐད་དང་། ལྷག་པར་དུ་འདི་ལོའི་འཕྲལ་སྒྲོན་ཆག་ཡངས་སྒོར་དུང་ཕྱུར་ཁྲི་གཅིག་གཏོང་རྒྱུའི་སྲིད་ཞུས་བྱ་ཐབས་དོན་འཁྱོལ་བྱས་ཚུལ་དང་། ཁེ་ལས་ཁག་གཅིག་གི་དེའི་སྔོན་གྱི་འགྲོ་སྒོར་ཞིབ་བཤེར་བྱེད་རྒྱུ་ཡིན་པ། གསུམ་ནི། གཉིས་གཏོད་གསོ་སྤེལ་གྱི་འགུལ་ནུས་གསར་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱས་ཚུལ། ལྷག་པར་དུ་གཉིས་གཏོད་བྱེད་པའི་སྐྱེ་ཁམས་འཁོར་ཡུག་འཛུགས་སྐྲུན་དང་། ཚན་རྩལ་ཞིབ་འཇུག་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་གཏོང་བ། གསར་གཏོད་སྣེ་ཁྲིད་ཁེ་ལས་ཀྱི་ཁྱབ་འགྱེད་སྐུལ་འཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱེད་ཚུལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ། བཞི་ནི་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་རྣམ་གྲངས་འཛུགས་སྐུན་གྱི་གནས་ཚུལ་དང་དམངས་འཕྲོད་ཀྱི་མ་འཇོག་དང་། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་དོན་འཁོལ་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ། ལྔ་ནི་ས་ཁུལ་གཞན་དུ་སྨན་བཅོས་དང་ནད་སྡོད་སྨན་བཅོས་ཀྱི་འགྲོ་གྲོན་ཐད་ཀར་རྩིས་རྒྱག་རྒྱུ་དང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་དང་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་སོགས་ཀྱི་སྤྱི་ཚོགས་ཁྱབ་ཁོངས་སྒྱུར་བཅོས་བྱ་ཐབས་སྐུལ་འདེད་གཏོང་རྒྱུའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་ཡིན་པ་བཅས་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716