སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་གསུང་བཤད་གལ་ཆེན་གནང་བ།
སྤེལ་དུས། 2017-07-19   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  བསོད་དབང་གིས་བསྒྱུར།
བརྟན་པོ་དང་། དྲང་གཞག ཁ་གསལ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་ནས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་མགྱོགས་མྱུར་འཛུགས་དགོས་པའི་ནན་བཤད་གནང་བ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་17ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི།ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་དྲུག་པ་གཙོ་སྐྱོང་གནང་ནས་མ་འཇོག་དང་ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་བ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བའི་གནད་དོན་ལ་ཞིབ་འཇུག་གནང་བ་རེད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་མ་འཇོག་དང་ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་བར་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་མགྱོགས་སུ་གཏོང་བ་དང་། ཁྲོམ་རའི་འཁོར་རྒྱུག་མ་གནས་དམའ་རུ་གཏོང་བ། བརྟན་པོ་དང་། དྲང་གཞག ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་པ། སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་མགྱོགས་མྱུར་འཛུགས་པ་བཅས་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          ཚོགས་འདུའི་ཐོག་ཕྱི་རྒྱལ་ཚོང་པའི་མ་འཇོག་ཐད་ཆོག་འཐུས་མ་བཀོད་གོང་རྒྱལ་དམངས་ཀྱི་ཐོབ་ཐང་ཐོག་བཀག་རྒྱའི་གསལ་ཐོ་སྣོན་རྒྱུའི་སྐོར་གྱི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་དོ་དམ་བྱ་ཐབས་གྱི་སྙན་ཞུ་དང་། ཉོ་ཚོང་དོ་སྙོམས་དང་ཀྲུང་ཨ་ཕྱོགས་གཉིས་པོའི་མ་འཇོག་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཚོང་དོན་པུའི་འབྲེལ་ཡོད་གནད་དོན་གྱི་སྙན་ཞུ། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་གྲུབ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དངུལ་རྩའི་ལས་རིགས་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མི་དམངས་དངུལ་ཁང་གི་སྙན་ཞུ་བཅས་གསན་པ་རེད། ཚོགས་འདུའི་ཐོག་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིས་དེའི་ཐད་གྲོས་བསྡུར་གནང་བ་རེད།
          ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ང་ཚོས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་འཛུགས་དགོས་ཞེས་བཏོན་པའི་དམིགས་ཡུལ་གལ་ཆེན་ཞིག་ནི་སྒོ་མོ་འབྱེད་རྒྱུར་བརྟེན་ནས་ང་ཚོ་རང་ངོས་ཀྱི་ལམ་ལུགས་འཛུགས་སྐྱོང་དང་ཁྲིམས་སྲོལ་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་ཚོང་གཉེར་ཁོར་ཡུག་དང་གསར་གཏོད་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཁྲོམ་རའི་འཁོར་རྒྱུག་མ་གནས་དམའ་རུ་གཏོང་བ། འཁོར་རྒྱུག་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད། ཕྱི་རྒྱལ་ཚོང་པའི་མ་འཇོག་གིས་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་ལ་སྐུལ་འདེད་ཐུབ་པ་དང་ཁྲོམ་ར་ཅན་སྒྱུར་བཅོས་ལ་སྐུལ་འདེད་ཐུབ་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་ཐོན་ཡོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་དེ་བས་མཐོ་བའི་ཆུ་ཚད་ཐོག་འཕེལ་རྒྱས་ཡོང་བ་དང་གོ་ལ་ཧྲིལ་པོའི་ཚན་རྩལ་ཡར་ཐོན་གོམ་སྟབས་ཀྱི་རྗེས་སྙེགས་པ་བཅས་བྱས་ནས་ཕྱོགས་ཚང་མའི་ཐད་ཕྱི་རྒྱལ་གྱི་མ་དངུལ་མུ་མཐུད་བེད་སྤྱོད་ཡག་པོ་བྱེད་དགོས། ཕྲུ་གུ་གསོ་སྐྱོང་དང་རྒན་གསོ་དང་། བཟོ་སྐྲུན་ཇུས་འགོད། རྩིས་གཉེར་རྩིས་བཤེར། ཚོང་དོན་ཟོག་འགྲེམས། དྲ་ཐོག་ཚོང་དོན་བཅས་དང་དེ་བཞིན་སྤྱིར་བཏང་བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་སོགས་ཀྱི་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་ཀྱིས་ཕྱི་རྒྱལ་མ་དངུལ་ཆོག་འཐུས་ཚོད་འཛིན་དང་མ་རྐང་འཛིན་ཤོག་བསྡུར་གྲངས་ཀྱི་ཚོད་འཛིན་མགྱོགས་མྱུར་ལྷུག་ཏུ་གཏོང་དགོས། རྒྱལ་ཡོངས་སུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་མྱོང་བའི་ཕྱི་རྒྱལ་ཚོང་པའི་མ་འཇོག་གི་བཀག་རྒྱའི་གསལ་ཐོ་ཁྱབ་སྤེལ་མགྱོགས་མྱུར་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས་ཕྱི་ནང་མ་དངུལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་གང་མགྱོགས་གཅིག་གྱུར་བཟོས་ནས་ཕྱི་རྒྱལ་མ་དངུལ་གྱི་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་གསར་པ་བཟོ་དགོས། ཕྱི་རྒྱལ་གྱི་མ་དངུལ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། སྲིད་ཇུས་ཀྱི་ཡིག་ཆ་བཅས་གཙང་བཤེར་བྱས་ནས་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁ་ཕྱོགས་ཆེན་པོ་དང་རྩ་དོན་ཆེན་པོ་དང་མི་མཐུན་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལམ་ཡང་ན་དོན་ཚན་ཡིན་ཕྱིན་དུས་བཀག་བཞིན་ལག་བསྟར་བྱེད་མཚམས་འཇོག་པའམ་ཡང་ན་བཟོ་བཅོས་རྒྱག་དགོས། ཕྱི་རྒྱལ་མ་དངུལ་གྱི་ཁེ་ལས་ལ་ཆོག་འཐུས་བཀོད་རྗེས་ཀུང་སིའི་བཅའ་ཁྲིམས་བཞིན་ཁྲིམས་ལྟར་གཉེར་སྐྱོང་བྱ་ཐབས་གཞིར་བཟུང་བཅའ་ཁྲིམས་ཐད་འདྲ་མཉམ་དང་སྲིད་ཇུས་ཐད་གཅིག་མཐུན་ཡོང་བ་བྱས་ཏེ་རྒྱལ་དམངས་ཀྱི་ཐོབ་ཐང་ལག་བསྟར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་བདག་དབང་སྲུང་སྐྱོང་དང་ལྷག་དོན་དུ་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་རྒྱུ་ནི་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་པའི་ཕྱོགས་གལ་ཆེན་ཞིག་རེད། ཤེས་བྱའི་བདག་དབང་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཤེས་བྱའི་བདག་དབང་གི་ཞིབ་བཤེར་སྤུས་ཚད་མཐོ་རུ་དང་ཞིབ་བཤེར་ལས་ཕྱོད་ཆེ་རུ་གཏོང་དགོས། གསར་དར་ཁྱབ་ཁོངས་དང་ལས་རྣམ་ཤེས་བྱའི་བདག་དབང་སྲུང་སྐྱོང་ལམ་ལུགས་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས་དངུལ་རྩའི་ལས་རིགས་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཁྱབ་ཆེ་རུ་གཏོང་རྒྱུ་ནི་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཕྱོགས་གལ་ཆེན་ཞིག་རེད། སྒོ་དབྱེའི་གོ་རིམ་བཀོད་སྒྲིག་ལུགས་མཐུན་བྱེད་རྒྱུ་དེ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་རྒྱུར་ཕན་པ་དང་། དངུལ་རྩའི་གོ་རིམ་ལྡན་པའི་འགྲན་རྩོད་ཆེ་རུ་གཏོང་རྒྱུར་ཕན་པ། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་དོགས་ཟོན་བྱེད་རྒྱུར་ཕན་པ་བཅས་ཀྱི་ཁྱབ་ཁོངས་ཐད་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། མ་རྩའི་རྣམ་གྲངས་སྒོ་མོ་འབྱེད་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛང་ཐང་གྲུབ་པའི་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལུགས་མཐུན་དོ་སྙོམས་ཀྱི་ཆུ་ཚད་ཐོག་སྤྱིར་ན་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716