སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སུན་ཁྲུན་ལན་གྱིས་ཀྲུང་གུང་ཀྲུང་དབྱང་གིས་མངགས་བཅོལ་གནང་བ་ལྟར་ཏང་ཕྱིའི་མི་སྣར་རྒྱལ་ཡོངས་དངུལ་རྩའི་ལས་དོན་སྐོར་གྱི་དགོངས་དོན་ཁྱབ་བསྒྲགས་གནང་བ།
སྤེལ་དུས། 2017-07-21   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རྒྱལ་མཚན་གྱིས་བསྒྱུར།
                ཟླ་༧པའི་ཚེས་༢༠ཉིན་ཀྲུང་གུང་ཀྲུང་དབྱང་གིས་མངགས་བཅོལ་གནང་བ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་སུན་ཁྲུན་ལན་གྱིས་ཏང་ཕྱིའི་མི་སྣར་རྒྱལ་ཡོངས་དངུལ་རྩའི་ལས་དོན་སྐོར་གྱི་དགོངས་དོན་ཁྱབ་བསྒྲགས་གནང་བ་རེད། 
           སུན་ཁྲུན་ལན་གྱིས་བསྟན་དོན། རྒྱལ་ཡོངས་དངུལ་རྩའི་ལས་དོན་གྲོས་ཚོགས་ནི་ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ཚོགས་ཆེན་བཅུ་དགུ་པ་མ་འཚོགས་སྔོན་ལ་སྐོང་འཚོགས་བྱས་པའི་ ཚོགས་འདུ་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་མཐའ་དག་འཐུས་ཚང་སྒོ་ནས་རང་རྒྱལ་གྱི་དངུལ་རྩའི་བཅོས་སྒྱུར་གོང་སྤེལ་ཐད་དུ་གྲུབ་འབྲས་གལ་ཆེན་ཞིག་བླངས་ཡོད་པ་དང་། རང་རྒྱལ་དངུལ་རྩའི་ལས་དོན་དང་འཕྲད་པའི་གནས་བབ་ལ་གཏིང་ཟབ་པའི་སྒོ་ནས་དབྱེ་ཞིབ་གང་ལེགས་ཤིག་གནང་ཡོད་པ་དང་། དངུལ་རྩའི་ལས་དོན་ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་འོས་འགན་གཙོ་བོ་བཏོན་ཡོད་པ་དང་། དེང་སྐབས་རང་རྒྱལ་གྱི་དངུལ་རྩའི་ཁྱབ་ཁོངས་སུ་ཁྱོན་ཡོངས་རང་བཞིན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་མངོན་གསལ་དོད་པོས་ལན་བསྐྱོན་ཡོད་པ་རེད། བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་དངུལ་རྩའི་འཕེལ་རྒྱས་ཆོས་ཉིད་དང་། དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་འགྲན་སློང་གི་ཕུལ་བྱུང་ནུས་ཤུགས་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་ཁ་ལོ་སྒྱུར་ནས་གནས་བབ་གསར་པའི་འོག་ཏུ་དངུལ་རྩའི་ལས་དོན་གྱིས་མདུན་བསྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བ་ནས་བརྩི་སྲུང་བྱེད་པར་མཁོ་འདོན་ལེགས་པོ་གནང་ཡོད་པ་རེད། 
          སུན་ཁྲུན་ལན་གྱིས་ནན་གྱིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་གྱིས་རྒྱལ་ཡོངས་དངུལ་རྩའི་ལས་དོན་གྲོས་ཚོགས་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་། ནང་སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལེགས་པོ་བྱེད་པ། ཀྲུང་གུང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་རང་རྒྱལ་གྱི་དངུལ་རྩའི་ལས་དོན་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད་པའི་ངེས་རྟོགས་གཏིང་ཟབ་དུ་གཏོང་བ་དང་། དེང་སྐབས་དང་དེང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་རང་རྒྱལ་གྱི་དངུལ་རྩའི་ལས་དོན་གྱི་མཛུབ་སྟོན་བསམ་བློ་དང་། རྩ་དོན་གལ་ཆེན་དང་འོས་འགན་གཙོ་བོའི་ངེས་ཟིན་གཏིང་ཟབ་དུ་གཏོང་བ། རང་འགུལ་གྱིས་བསམ་བློ་དང་ལག་ལེན་གཉིས་ཀྲུང་གུང་ཀྲུང་དབྱང་གི་དངུལ་རྩའི་ལས་དོན་དང་འབྲེལ་ཡོད་ཀྱི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བ་བྱེད་དགོས་ཤིང་། དངུལ་རྩའི་བཅོས་སྒྱུར་གོང་སྤེལ་གཏན་འཇགས་ཐད་ལ་མཛད་རྗེས་ཕུལ་བར་ཧུར་བརྩོན་བྱེད་དགོས་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་བར་བསུ་མ་བྱེད་དགོས།
          སུན་ཁྲུན་ལན་གྱིས་རེ་འདུན་ཡིན་ན། དམངས་གཙོ་ཏང་སོ་སོ་དང་བཟོ་ཚོང་མཉམ་འབྲེལ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་སོགས་འཐབ་ཕྱོགས་གཅིག་གྱུར་ཁོངས་མིས་རྒྱལ་ཡོངས་ཀྱི་དངུལ་རྩའི་ལས་དོན་ཚོགས་འདུ་དགོངས་དོན་དེ་ཉིད་ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པའི་གལ་ཆེའི་ནང་དོན་ཞིག་ཡིན་པ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་སྙོམས་སྒྲིག་དང་ལྟ་སྐུལ་དོ་དམ་ཁ་ཤོ་སོགས་དངུལ་རྩའི་བཅོས་སྒྱུར་གོང་སྤེལ་གཏན་འཇགས་ཀྱི་གལ་ཆེའི་གནད་དོན་ལ་སྐོར་ནས་གཏིང་ཟབ་པའི་ངང་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། རྒྱུ་སྤུས་ལེགས་པའི་བསམ་འཆར་འདོན་དགོས་ཞེས་གསུངས་པ་རེད། 
          ཁྲུན་ཁྲང་ཀྲི་དང་། དབྱན་ཅུན་ཆི། ཝན་པའོ་ཝུན། ཁྲེན་ཀྲུའུ།  ཧན་ཆི་ཏེ། ལུའོ་ཧྥུའུ་ཧའོ། ཆི་ཞུས་ཁྲུན། ཁྲུན་ཞའོ་ཀོང་། མ་ཕའེ་ཧྭ། ཝང་ཆན་རྨེ་སོགས་ཁྱབ་བསྒྲགས་ཚོགས་འདུར་ཞུགས་ཤིང་། དམངས་གཙོ་ཏང་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་འབྲེལ་ཡོད་བློ་མཐུན་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རྣམས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716