སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་ཡོངས་ཀྱི་གཞོན་ནུ་དང་ན་ཆུང་གི་ལས་གསེང་ལན་ཆིའུ་སྤོ་ལོའི་ལྷ་ས་ས་ཁུལ་གྱི་འགྲན་བསྡུར་ཟླ་8པའི་ཚེས་10ཉིན་འགོ་རྩོམ་རྒྱུ་རེད།
སྤེལ་དུས། 2017-07-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རྣམ་རྒྱལ་གྱིས་བསྒྱུར།
          ཐེངས་འདིའི་CAAUསྟེ་རྒྱལ་ཡོངས་ཀྱི་གཞོན་ནུ་དང་ན་ཆུང་གི་ལས་གསེང་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ནི་རྩ་འཛུགས་དང་སྒྲིག་ལམ་སོགས་ཀྱི་ངོས་ནས་སྔོན་གྱི་གཞོན་ནུ་དང་ན་ཆུང་གི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་དང་མི་འདྲ་བར། ཐེངས་འདི་ནི་འགྲན་བསྡུར་དང་། སྦྱོང་བརྡར། འདེམས་སྒྲུག སྤེལ་རེས། འགྲོ་འོང་སོགས་གཞི་གཅིག་ཏུ་གྲུབ་པའི་འགྲན་ཚོགས་ཤིག་ཡིན། དམིགས་དོན་ཡང་རྒྱལ་ཡོངས་ཀྱི་གཞོན་ནུ་དང་ན་ཆུང་ཚོར་དྲང་གཞག་དང་། བདེན་སྐྱོང་། ཕན་ཚུན་ལ་སློབ་སྦྱོང་བྱེད་སའི་སྟེགས་བུ་ཞིག་བསྐྲུན་ཆེད་ཡིན། 
          ན་ནིང་ལྷ་སའི་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་གིས་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཐེངས་དང་པོ་བསྡུས་པ་དེས། བོད་ལྗོངས་ཀྱི་གཞོན་ནུ་དང་ན་ཆུང་ཁྲོད་ཀྱི་ལན་ཆིའུ་སྤོ་ལོ་རྩེད་རྒྱུར་སྤྲོ་བ་ཡོད་པ་དག་ལ་ཤུགས་རྐྱེན་ལེགས་པོ་ཐེབས་འདུག་ཅིང་།  ད་ལོ་ཡང་སྤྲོ་སྐྱིད་ཁང་འདིས་མུ་མཐུད་དུ་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བསྡུ་རྒྱུ་ཡིན་པ་མ་ཟད། དེ་རུ་ཞུགས་མཁན་དག་གིས་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཁྲོད་དོན་དམ་གྱི་སྤྲོ་བ་མྱང་ཐུབ་པའི་རེ་བ་བཅངས་ཡོད། ཐེངས་འདིའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་གྱི་བརྗོད་གཞི་ནི་སྔོན་ལྟར“ང་ཡང་འགྲན་ར་ཞུགས་རྒྱུ་ཡིན”ཞེས་པ་གཙོར་བྱས་ཏེ། འགྲན་བསྡུར་ཞུགས་མཁན་རེ་རེར་དེ་ནི་གཟི་བརྗིད་ཞིག་ཡིན་པའི་འདུ་ཤེས་དང་། གང་ལེགས་ཀྱིས་སོ་སོའི་ནུས་པ་དང་དུངས་པ་སྔོག་འདོན་བྱ་རྒྱུ་ཡིན་པ་མ་ཟད། ཐེངས་འདིའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས་པའི་རུ་ཁག་ནི་2017ལོའི་CAAUསྟེ་རྒྱལ་ཡོངས་ཀྱི་གཞོན་ནུ་དང་ན་ཆུང་གི་ལས་གསེང་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་ཞུགས་ཆོག་པའི་ཐོབ་ཐང་ཡོད་པ་རེད། 
          ལྷ་སའི་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་དོན། སྐབས་གཉིས་པའི་CAAUསྟེ་རྒྱལ་ཡོངས་ཀྱི་གཞོན་ནུ་དང་ན་ཆུང་གི་ལས་གསེང་ལན་ཆིའུ་སྤོ་ལོའི་ལྷ་ས་ས་ཁུལ་གྱི་འགྲན་བསྡུར་ནི་ངེད་སྤྲོ་སྐྱིད་ཁང་གིས་གཙོ་སྒྲུབ་གནང་རྒྱུ་ཡིན་པས་བོད་ལྗོངས་ཀྱི་རྒྱ་ཆེ་བའི་ལན་ཆིའུ་སྤོ་ལོར་དུངས་མཁན་དག་གིས་མིང་ཐོ་འགོད་པར་དགའ་བསུ་ཞུ་བཞིན་ཡོད་ཅེས་དང་། ཐེངས་འདིའི་འགྲན་བསྡུར་ནི་ཚོ་ཁག་ཆེ་འབྲིང་ཆུང་བ་གསུམ་དུ་བགོས་ཡོད་ལ། ཚོ་ཁག་ཆེ་བ་རུ་ཞུགས་མཁན་ནི་ངེས་པར་དུ་1998ལོའི་ཟླ་1པོའི་ཚེས་1ཉིན་གྱི་རྗེས་དང་2000ལོའི་ཟླ་12པའི་ཚེས་31ཉིན་གྱི་སྔོན་དུ་སྐྱེས་པ་དག་ཡིན། ཚོ་ཁག་འབྲིང་བ་རུ་ཞུགས་མཁན་ནི་ངེས་པར་དུ་2001ལོའི་ཟླ་1པོའི་ཚེས་1ཉིན་གྱི་རྗེས་དང་2003ལོའི་ཟླ་12པའི་ཚེས་31ཉིན་གྱི་སྔོན་དུ་སྐྱེས་པ་དག་ཡིན། ཚོ་ཁག་ཆུང་བ་རུ་ཞུགས་མཁན་ནི་ངེས་པར་དུ་2004ལོའི་ཟླ་1པོའི་ཚེས་1ཉིན་གྱི་རྗེས་དང་2008ལོའི་ཟླ་12པའི་ཚེས་31ཉིན་གྱི་སྔོན་དུ་སྐྱེས་པ་དག་ཡིན་ཞེས་ལབ་བྱུང་།
          འགྲན་བསྡུར་འདིར་ཞུགས་འདོད་ཡོད་པ་རྣམས་ཀྱིས་གཤམ་གྱི་འབྲེལ་ལམ་དག་ལ་བརྒྱུད་དེ་མིང་ཐོ་འགོད་ཆོག་པ་ཡིན། གཅིག ལྷ་སའི་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་གི་འཕྲིན་ཕྲན་སྟེགས་བུར་དོ་སྣང་བྱས་རྗེས། ལན་དུ“མིང་ཐོ་འགོད་པ(报名)”ཅེས་པའི་རྒྱ་ཡིག་ བསྐུར་ན་མིང་ཐོ་འགོད་སའི་གནས་ཚུལ་མཐོང་ཐུབ། གཉིས། “མིང་ཐོ་འགོད་པ(报名)”ཞེས་པའི་རྒྱ་ཡིག་ཡིག་སྒམ་330994488@qq.comརུ་བསྐུར་ཚེ་ཡིག་ལན་དུ་མིང་ཐོ་འགོད་པའི་རེའུ་མིག་འབྱོར་ཡོང་། གསུམ། གཤམ་གྱི་མི་སྣ་འདི་གསུམ་ལ་ཐད་ཀར་ཁ་པར་གྱིས་འབྲེལ་གཏུགས་བྱས་ན་མིང་ཐོ་འགོད་ཐུབ་པ་ཡིན། སྐུ་ཞབས་ཚའོ་ལགས་ཀྱི་ཁ་པར་ཨང་གྲངས་18082244494  སྐུ་ཞབས་པད་མ་ལགས་ཀྱི་ཁ་པར་ཨང་གྲངས་13518932526  སྐྱེས་མ་ཞའེ་ལགས་ཀྱི་ཁ་པར་ཨང་གྲངས་0891-6511117 བཞི། ཡུལ་དངོས་ནས་མིང་ཐོ་འགོད་ས་ནི་ལྷ་སའི་སང་ཧའེ་ཐེན་ཅུ་ལུས་རྩལ་སྤྱི་གླིང་དུ་ཡོད་པས་གནས་དེ་རུ་ཕྱིན་ཏེ་མིང་ཐོ་འགོད་ཆོག
          དེ་མིན་དོ་སྣང་བྱ་དགོས་པ་ཞིག་ནི། ཐེངས་འདིའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་རུ་རུས་མིང་དངོས་འགོད་དགོས་ཤིང་། རུ་ཁག་རེར་མི་གྲངས་6ནས་12ལས་མིང་ཐོ་འགོད་མི་ཆོག་པ་དང་དེའི་ཁྲོད་རུ་ཁག་གི་སྣེ་ཁྲིད་པ་དང་མཛུབ་སྟོན་དགེ་རྒན་རེ་བཀོད་སྒྲིག་བྱ་རྒྱུ། རུ་ཁག་གི་མི་རེ་རེས་མིང་ཐོ་ཐེངས་གཅིག་ལས་འགོད་མི་ཆོག་ཅིང་།  མིང་ཐོ་འགོད་མཁན་རེ་ལ་སྒོར་300བསྡུ་རྒྱུ་ཡིན་ཞེས་ལྷ་སའི་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ལབ་བྱུང་། 
          གསར་འགྱུར་འགོད་མཁན་གྱིས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། སྐབས་གཉིས་པའི་CAAUསྟེ་རྒྱལ་ཡོངས་ཀྱི་གཞོན་ནུ་དང་ན་ཆུང་གི་ལས་གསེང་ལན་ཆིའུ་སྤོ་ལོའི་ལྷ་ས་ས་ཁུལ་གྱི་འགྲན་བསྡུར་ལ་མིང་ཐོ་འགོད་པའི་དུས་ནི་ཟླ་8པའི་ཚེས་6ཉིན་མཇུག་རྫོགས་རྒྱུ་ཡིན་པ་དང་། དུས་མཚུངས་སུ་ལྷ་སའི་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་གིས་འགྲན་བསྡུར་ལ་བཀོད་སྒྲིག་བྱ་རྒྱུ་དང་། འགྲན་བསྡུར་དངོས་ཀྱི་དུས་ཚོད་ནི་ཟླ་8པའི་ཚེས་10ཉིན་ནས་ཚེས་13ཉིན་གྱི་བར་ཡིན་པ་རེད། 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716