སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དམག་བསྡུའི་བརྡ་ཁྱབ།
སྤེལ་དུས། 2017-08-02   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།

          ད་ལོའི་དམག་བསྡུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས། རྒྱ་ཆེའི་ལོ་ཚད་རན་པའི་གཞོན་ནུ་རྣམས་ཀྱིས་ད་ལོའི་དམག་བསྡུའི་འབྲེལ་ཡོད་སྲིད་ཇུས་ལ་རྒྱུས་ལོན་བྱེད་པ་དང་། ཧུར་ཐག་གིས་དམག་ཞུགས་ཐོ་འགོད་བྱེད་ཆེད། འབྲེལ་ཡོད་གནས་ཚུལ་གྱི་བརྡ་ཐོ་གཤམ་གསལ།

          གཅིག དམག་མི་བསྡུ་བའི་དུས་ཚོད།

          ད་ལོའི་དམག་བསྡུའི་ལས་དོན་ཟླ་4པའི་ཚེས་10ནས་བཟུང་འགོ་ཚུགས་པ་དང་། ཟླ་8ཚེས་5ཉིན་མིང་ཐོ་འགོད་མཚམས་འཇོག་རྒྱུ་ཡིན། ཟླ་8ཚེས་25ཉིན་གྱི་སྔོན་དུ་གཟུགས་པོ་བརྟག་དཔྱད་དང་ཆབ་སྲིད་དཔྱད་ཞིབ་འགྲུབ་དགོས། ཟླ་9པའི་ཚེས་1ཉིན་དམག་བསྡུའི་དགོངས་འཁྲོལ་གནང་རྒྱུ་ཡིན། ཟླ་9པའི་ཚེས་5ཉིན་ནས་དམག་མི་གསར་བ་སྐྱེལ་བ་དང་། ཟླ་9པའི་ཚེས་30ཉིན་དམག་བསྡུའི་ལས་ཀ་མཇུག་བསྒྲིལ་འཆར་ཡོད། མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མའི་ལུས་ཕུང་ཞིབ་བཤེར་དང་ཆབ་སྲིད་ཐོག་མའི་ཞིབ་བཤེར་ཟླ་8པའི་ཚེས་1ཉིན་གོང་དུ་ལེགས་གྲུབ་བྱ་རྒྱུ་རེད།

          གཉིས། དམག་བསྡུའི་ཁྱབ་ཁོངས།

          དམག་མི་ཕོ་བསྡུ་བར་མཐོ་རིམ་སློབ་འབྲིང་(ལས་རིགས་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་གྲྭ། ལག་རྩལ་སློབ་གྲྭ་འདུས།)ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་གཞོན་ནུ་གཙོ་བོ་ཡིན། དུས་མཚུངས་སུ་དམའ་རིམ་སློབ་འབྲིང་གི་མཐར་ཕྱིན་སློབ་མ་ཁག་གཅིག་བསྡུ་རྒྱུ་ཡིན།  དམག་མི་མོ་ནི་མཐོ་རིམ་སློབ་འབྲིང་དཀྱུས་མའི་ད་ལོའི་མཐར་ཕྱིན་སློབ་མ་དང་ཉིན་ཧྲིལ་པོ་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་ད་ལོའི་མཐར་ཕྱིན་སློབ་མ། ཡང་ན་སློབ་གྲྭར་ཡོད་པའི་སློབ་མ་ཡིན།

ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་ཡོན་གནས་མཐོ་བའི་གཞོན་ནུ་དང་ད་ལོའི་མཐར་ཕྱིན་སློབ་མ་དམག་མིར་བསྡུ་རྒྱུ་རེད། 2017ལོར་མཐོ་རིམ་སློབ་གྲྭ་དཀྱུས་མར་བསྡུས་ཟིན་ཀྱང་འབྱོར་ཐོ་བཀོད་ནས་སློབ་གྲྭར་མ་ཞུགས་པའི་སློབ་མ་ཡང་འཚོལ་བསྡུ་བྱེད་པའི་ཁྱབ་ཁོངས་སུ་བཞག་ཆོག

བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ལས་བྱེད་པའི་བུ་ཕྲུག་རྣམས་ཆ་རྐྱེན་དང་མཐུན་ཚེ་དམིགས་བསལ་གྱིས་བསྡུ་རྒྱུ་ཡིན།

          གསུམ། དམག་བསྡུའི་ལོ་ཚད།  

          གཞོན་ནུ་ཕོ་ནི་2017ལོའི་ཟླ་12པའི་ཚེས་31ཉིན་སྔོན་དུ་ལོ་18ནས་20སོན་པ།(1997ལོའི་ཟླ་1པའི་ཚེས་1ཉིན་ནས་1999ལོའི་ཟླ་12པའི་ཚེས་31ཉིན་བར་སྐྱེས་པ།)མཐོ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ཡོད་ཚེ་ལོ་21བར་བསྲིངས་ཆོག(1996ལོའི་ཟླ་1པའི་ཚེས་1ཉིན་ནས་1999ལོའི་ཟླ་12པའི་ཚེས་31ཉིན་བར་སྐྱེས་པ།)མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ་ལོ་22བར་བསྲིངས་ཆོག(1995ལོའི་ཟླ་1པའི་ཚེས་1ཉིན་ནས་1999ལོའི་ཟླ་12པའི་ཚེས་31ཉིན་བར་སྐྱེས་པ།)མཐོ་རིམ་ལས་རིགས་(ཆེད་ལས་ཚན་ཁག་)མཐར་ཕྱིན་སློབ་མ་ལོ་23བར་བསྲིངས་ཆོག(1994ལོའི་ཟླ་1པའི་ཚེས་1ཉིན་ནས་1999ལོའི་ཟླ་12པའི་ཚེས་31ཉིན་བར་སྐྱེས་པ།) དངོས་གཞིའི་ཚན་ཁག་ཡན་གྱི་ཡོན་གནས་ལྡན་པའི་མཐར་ཕྱིན་སློབ་མའི་ལོ་ཚད་ལོ་24བར་བསྲིངས་ཆོག(1993ལོའི་ཟླ་1པའི་ཚེས་1ཉིན་ནས་1999ལོའི་ཟླ་12པའི་ཚེས་31ཉིན་བར་སྐྱེས་པ།)རང་མོས་ལྟར་ལོ་ཧྲིལ་པོ་17ལོན་པའི་མཐོ་འབྲིང་མཐར་ཕྱིན་སློབ་མ་དམག་ཏུ་བསྡུས་ཆོག(2000ལོའི་ཟླ་1པའི་ཚེས་1ཉིན་ནས་2000ལོའི་ཟླ་12པའི་ཚེས་31ཉིན་བར་སྐྱེས་པ།)

          གཞོན་ནུ་མོ་ནི་མཐོ་རིམ་སློབ་འབྲིང་དཀྱུས་མའི་ད་ལོའི་མཐར་ཕྱིན་སློབ་མ་ལོ་17ནས་19སོན་དགོས།(1998ལོའི་ཟླ་1པའི་ཚེས་1ཉིན་ནས་2000ལོའི་ཟླ་12པའི་ཚེས་31ཉིན་བར་སྐྱེས་པ།) མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་གྲྭའི་སློབ་མ་དང་ད་ལོའི་མཐར་ཕྱིན་སློབ་མ་ལོ་22བར་བསྲིངས་ཆོག(1995ལོའི་ཟླ་1པའི་ཚེས་1ཉིན་ནས་2000ལོའི་ཟླ་12པའི་ཚེས་31ཉིན་བར་སྐྱེས་པ།)

          བཞི་བ། དམག་བསྡུའི་ཆ་རྐྱེན

          ཆབ་སྲིད་ཀྱི་ཆ་རྐྱེན། 《དམག་བསྡུའི་ཆབ་སྲིད་དཔྱད་ཞིབ་ལས་དོན་གྱི་གཏན་འབེབས་》གཞིར་བཟུང་ལག་བསྟར་བྱེད་རྒྱུ། གཙོ་བོ་དམག་བསྡུ་སྤྱི་དམངས་ཀྱི་ལོ་ཚོད་དང་ཁྱིམ་ཐོ། ལས་རིགས། ཆབ་སྲིད་ཀྱི་གནས་བབ། ཆོས་ལུགས་དད་མོས། རིག་གནས་ཆུ་ཚད་སོགས་གནས་ཚུལ་གཞན་དག་ལ་ཞིབ་བཤེར་བྱེད་པ།

གཟུགས་པོའི་ཆ་རྐྱེན། 《དམག་བསྡུ་སྤྱི་དམངས་ཀྱི་གཟུགས་གཞི་བརྟག་དཔྱད་ཀྱི་ཚད་གཞི་》དང་《དམག་བསྡུ་སྤྱི་དམངས་ཀྱི་གཟུགས་གཞི་བརྟག་དཔྱད་བྱ་ཐབས་》ལག་བསྟར་བྱེད་རྒྱུ། སྐྱེས་པ་གཞོན་ནུའི་གཟུགས་པོའི་རིང་ཚད་ལིས་སྨི་160དང་། སྐྱེས་མ་གཞོན་ནུའི་གཟུགས་པོའི་རིང་ཚད་ལིས་སྨི་158ཡན་དགོས།

ཐེམ་ཐོའི་ཆ་རྐྱེན། བོད་ལྗོངས་ཀྱི་ཐེམ་ཐོ་ཡིན་པའི་སློབ་ལོ་རན་པའི་ན་གཞོན་དམག་བསྡུ་བྱེད་པ་མ་ཟད། ལྗོངས་ནང་ཁུལ་གྱི་མཐོ་སློབ་ཀྱི་སློབ་མས་(ད་ལོའི་མཐར་ཕྱིན་སློབ་མ་དང་སློབ་གྲྭའི་སློབ་མ་འདུས།) མིང་ཐོ་བཀོད་ཆོག་པ་མ་ཟད། ཐེམ་ཐོ་ཞིང་ཆེན་(ལྗོངས་དང་གྲོང་ཁྱེར་)གཞན་གྱི་ཡིན་ཡང་བོད་ལྗོངས་ས་ཁུལ་གྱི་གནས་སྡོད་ལག་ཁྱེར་ལོ་3ཡན་ཐོབ་ཡོད་པའི་ལོ་ཚད་རན་པའི་ན་གཞོན་གྱིས་དམག་བསྡུ་མིང་ཐོ་བཀོད་ཆོག

          ལྔ། མིང་ཐོ་འགོད་ཐབས།

          དམག་བསྡུའི་ལས་དོན་ཚང་མ་དྲ་ཐོག་སྒྲུབ་ཆོག་པ་སྟེ། ལོ་ཚད་རན་པའི་ན་གཞོན་ཚོས་“རྒྱལ་ཡོངས་དམག་བསྡུའི་དྲ་བར་”ཐོ་འགོད་དང་དམག་ཞུགས་མིང་ཐོ་འགོད་དགོས། 

          ལོ་ཚད་རན་པའི་གཞོན་ནུ་རང་ཉིད་“རྒྱལ་ཡོངས་དམག་བསྡུའི་དྲ་བར་”ནང་འཇུག་བྱས་ཏེ་ཐོ་འགོད་དང་དམག་ཞུགས་མིང་ཐོ་འགོད་ཆོག ཡང་ན་ཐེམ་ཐོ། ཐོབ་ཐང་ལག་འཁྱེར། མཐར་ཕྱིན་འཛིན་ཡིག མངགས་གཏོང་ཁང་གི་ངོ་སྤྲོད་ཡི་གེ ལས་ཁུངས་ཀྱི་ངོ་སྤྲོད་ཡི་གེ་སོགས་བཟུང་ནས་ཐེམ་ཐོ་གནས་སའི་རྫོང་(ཆུས་)མི་དམངས་དྲག་ཆས་པུས་རོགས་སྐྱོར་འོག་དྲ་ཐོག་ནས་ཐོ་འགོད་དང་དམག་ཞུགས་མིང་ཐོ་བཀོད་ཀྱང་ཆོག ད་ལོའི་མཐོ་སློབ་ཀྱི་མཐར་ཕྱིན་སློབ་མ་དང་། སློབ་གྲྭའི་སློབ་མ། སློབ་མ་གསར་བས་ཐེམ་ཐོ་གནས་སའི་རྫོང་(ཆུས་)མི་དམངས་དྲག་ཆས་པུར་མིང་ཐོ་བཀོད་ཆོག་པ་དང་། ཡང་ན་སློབ་གྲྭ་གནས་སའི་རྫོང་(ཆུས་)མི་དམངས་དྲག་ཆས་པུའུ་རུ་དམག་ཞུགས་ཐོ་འགོད་བྱས་ཆོག

           དྲུག  ལྟ་སྐུལ་ཁ་པར།

          སྤྱི་ཚོགས་ཀྱི་མང་ཚོགས་དང་ལོ་ཚན་རན་པའི་གཞོན་ནུ་རྣམས་ཀྱིས་དམག་བསྡུའི་ལས་དོན་ལ་ལྟ་སྐུལ་བྱ་བར་དགའ་བསུ་ཞུ།

          ལྟ་སྐུལ་ཁ་པར། 0891-6739382

          ཡིག་སྒམ་སྡོད་གནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྡོ་སེང་གེ་ལམ་གྱི་རང་སྐྱོང་ལྗོངས་དམག་བསྡུ་གཞུང་དོན་ཁང་།

          ཆེད་དུ་བརྡ་ཁྱབ་བཏང་བ་ཡིན།

 

          བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དམག་བསྡུ་གཞུང་དོན་ཁང་།

          2017ལའི་ཟླ་7པའི་ཚེས་19ཉིན།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716