སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་འཚོགས་པ།
སྤེལ་དུས། 2017-08-03   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  བསོད་དབང་གིས་བསྒྱུར།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།
ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ་དང་། ཀྲང་ཏེ་ཅང་དང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཕེབས་པ།

          ཟླ་8ཚེས་1ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ།

          ཟླ་8ཚེས་1ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་དེ་བཞིན་ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཚོགས་ཆེན་ལ་ཕེབས་པ།
          ཚེས་1ཉིན་གྱི་སྔ་དྲོ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་མི་དམངས་དམག་དཔུང་གི་ལོ་རྒྱུས་དང་འོད་སྟོང་ནི་ཁྲག་དྲོན་དང་ཚེ་སྲོག་གིས་བཏོད་པ་ཞིག་ཡིན་པས་ང་ཚོས་ནམ་ཡང་བློ་ལ་ངེས་དགོས་པ་ཞིག་རེད། མི་དམངས་དམག་དཔུང་གི་ལོ་རྒྱུས་ཉམས་མྱོང་ནི་དཀའ་ཚེགས་ཆེན་པོས་འཚོལ་ཞིབ་བྱས་པ་ལས་བྱུང་བ་ཞིག་ཡིན་པས་ནམ་ཡང་དར་སྤེལ་གཏོང་དགོས། མི་དམངས་དམག་དཔུང་གི་ལོ་རྒྱུས་འཕེལ་རྒྱས་ནི་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་ཕོད་པར་བརྟེན་ནས་སྐུལ་འདེད་བཏང་བ་ཞིག་ཡིན་པས་ནམ་ཡང་ང་ཚོ་མདུན་སྐྱོད་བྱེད་རྒྱུར་སྐུལ་ལྕག་གཏོང་བཞིན་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་དང་ཀྲུང་གོ་མི་དམངས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་པར་ངེས་པར་དུ་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་མྱུར་འཛུགས་སྐྱོང་བྱེད་དགོས། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་མུ་མཐུད་མདུན་སྐྱོད་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་བསྐྱོད་དེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་ནས་དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          སྔ་དྲོའི་ཆུ་ཚོད་10པའི་ཐོག་ལི་ཁེ་ཆང་གིས་རྟེན་འབྲེལ་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་ཚང་མ་ཡར་བཞེངས་ཏེ་རྒྱལ་གླུ་མཐོན་པོར་བླངས་པ་རེད།
          སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དེ་རིང་ང་ཚོས་འདི་གར་འདུ་འཛོམས་གཟབ་རྒྱས་བྱས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་དམངས་དམག་དཔུང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་གི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ལ་རྒྱང་བལྟ། ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མུ་མཐུད་འབད་འཐབ་བྱེད་རྒྱུར་སྐུལ་སློང་། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་སྟོབས་ཤུགས་ཧ་ཅང་ཆེན་པོ་གཅིག་སྒྲིལ་བཅས་བྱས་ཏེ་ཐུན་མོང་ཐོག“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། 1927ལོའི་ཟླ་8ཚེས་1ཉིན་ནན་ཁྲང་གྲོང་ཁྱེར་དུ་མེ་མདའི་སྒྲ་གྲགས་པ་དང་བསྟུན་ནས་རང་རེའི་ཏང་གིས་དྲག་ཆས་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་ལ་འགོག་རྒོལ་བྱེད་འགོ་ཚུགས་ཡོད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་གི་རླབས་ཆེའི་དོན་ཆེན་ཞིག་དང་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་གི་རླབས་ཆེའི་དོན་ཆེན་ཞིག་ཡིན་ལ་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་རླབས་ཆེན་དོན་ཆེན་ཞིག་ཀྱང་ཡིན། དུས་དེ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་མི་དམངས་དམག་དཔུང་གིས་ཀྲུང་གོ་མི་དམངས་ལ་བཅིངས་འགྲོལ་འབྱུང་ཐབས་དང་བདེ་སྐྱིད་ཡོང་ཐབས་བྱ་བའི་ནང་དཔའ་ངར་ཆེན་པོས་ཞུགས་ཏེ་ཀྲུང་ཧྭ་མི་རིགས་རང་བཙན་དང་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་ནང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་དུ་སྦྲེལ་ཡོད། ལོ་90ཡི་རིང་མི་དམངས་དམག་དཔུང་གིས་མེ་རྫས་ཀྱི་དུ་ཞག་འཁྲིགས་པའི་དམག་འཐབ་ནང་དཀའ་ངལ་ཁྱད་བསད་ཀྱིས་བློས་གཏོང་ཆེན་པོ་བྱས་པས་གཟི་བརྗིད་ལྡན་པའི་རྒྱལ་ཁ་ཡང་ཡང་ཐོབ་ནས་ཏང་དང་མི་དམངས་ཆེད་རླབས་ཆེའི་ལོ་རྒྱུས་ཀྱི་མཛད་རྗེས་བཞག་ཡོད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་90ཡི་རིང་རང་རེའི་རྒྱལ་ཁབ་དང་རང་རེའི་མི་རིགས་ཀྱིས་འགལ་རྐྱེན་སྣ་ཚོགས་ཁྱད་དུ་བསད་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་དང་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་རླབས་ཆེའི་གྲུབ་འབྲས་བཏོད་པས་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་སྟེ་ཡར་ལངས་ནས་ཕྱུག་འགྱུར་བར་དང་སྟོབས་ཆེན་དུ་གྱུར་བའི་བར་གྱི་རླབས་ཆེའི་འཕུར་མཆོང་བྱུང་ཡོད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་ནས་ཐོབ་པའི་རྒྱལ་ཁ་དང་ཀྲུང་གོ་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་ལས་ཐོབ་པའི་རྒྱལ་ཁ་ཞིག་ཡིན་ལ་མི་དམངས་དམག་དཔུང་གིས་དཔའ་ངར་ཆེན་པོས་འཐབ་འཛིང་བྱས་པ་ལས་ཐོབ་པའི་རྒྱལ་ཁ་ཞིག་ཡིན།
          ཞི་ཅིན་ཕིང་གིས་གསུངས་དོན། གཟི་བརྗིད་ཆེ་ལ་བརྗིད་ཉམས་ལྡན་པའི་དུས་སྐབས་འདིར་ང་ཚོས་མི་དམངས་དམག་དཔུང་བཏོད་པ་དང་སྐྱེད་སྲིང་གནང་མཁན་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་བཅས་དང་དེ་བཞིན་བློ་མཐུན་ཕེང་ཏེ་ཧོའེ་དང་། ལིའུ་པོ་ཁྲེང་། ཧོ་ལུང་། ཁྲེན་དབྱི། ལུའོ་རུང་ཧོན། ཞུས་ཤང་ཆན། ཉེ་རུང་ཀྲེན། ཡེ་ཅན་དབྱིང་སོགས་གསར་བརྗེ་མཁས་ཅན་དང་དམག་དོན་མཁས་ཅན་རྒན་གྲས་ལ་དྲན་གསོ་ཟབ་མོ་ཞུ་རྒྱུ་ཡིན། ཁོང་ཚོའི་མཛད་རྗེས་རླབས་ཆེན་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་ནམ་ཡང་འཁོད་ངེས་ཡིན།
          ཞི་ཅིན་ཕིང་གིས་གཟི་བརྗིད་ཆེ་ལ་བརྗིད་ཉམས་ལྡན་པའི་དུས་སྐབས་འདིར་ང་ཚོས་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་ཆེད་དཔའ་ངར་ཆེན་པོས་ཚེ་སྲོག་ལེགས་སྐྱེས་འབུལ་མཁན་མི་དམངས་དམག་དཔུང་གི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་དྲན་གསོ་ཟབ་མོ་ཞུ་རྒྱུ་ཡིན། ཁོང་ཚོས་ཚེ་སྲོག་ལེགས་སྐྱེས་ཕུལ་བ་དེ་ཀྲུང་གོ་མི་དམངས་ཀྱི་སེམས་ནང་དུས་ནམ་ཡང་གནས་ངེས་ཡིན་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་མེས་རྒྱལ་སྲུང་སྐྱོབ་དང་མེས་རྒྱལ་འཛུགས་སྐྲུན་གྱི་ལས་གནས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག གྲ་སྒྲིག་དམག་ཞབས་དམག་མི་དང་དེ་བཞིན་རྒྱ་ཆེའི་ཡུལ་དམག་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་གལ་ཆེན་འབུལ་མཁན་མི་དམངས་དམག་དཔུང་གི་ལས་འཁྱུར་ངལ་གསོ་བརྒྱབ་པའི་བློ་མཐུན་རྒན་གྲས་ལ་ཟོལ་མེད་འཚམས་འདྲི་གནང་བ། དུས་སྐབས་ཁག་ཏུ་མི་དམངས་དམག་དཔུང་འཛུགས་སྐྱོང་ཆེད་ལེགས་སྐྱེས་འབུལ་མཁན་ལས་སྒྱུར་དང་དམག་ཞབས་ཐིམ་པའི་དམག་མི་དང་། གསར་བརྗེའི་དབང་སྐྱོན་དམག་མི་དང་སྔོན་གཤེགས་དཔའ་བོའི་ནང་མིར་ཟོལ་མེད་འཚམས་འདྲི་གནང་བ། རྒྱལ་སྲུང་དང་ཚན་རྩལ་བཟོ་ལས་འཐབ་ཕྱོགས་སུ་སྙིང་རུས་ཆེན་པོས་འབད་འབུངས་བྱེད་མཁན་ཚན་རིག་མཁས་ཅན་དང་། ལས་གྲྭའི་ལག་རྩལ་མི་སྣ། རྒྱ་ཆེའི་ལས་བྱེད་ལས་བཟོ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ། དུས་ཡུན་རིང་པོའི་ནང་མི་དམངས་བཅིངས་འགྲོལ་དམག་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
          ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ལོ་90ཡི་རིང་གི་དུས་ཡུན་རིང་པོའི་ལག་ལེན་ནང་ཏང་དར་འོག་མི་དམངས་དམག་དཔུང་གིས་མདུན་སྐྱོད་བྱས་ནས་དམག་འཛུགས་དམག་སྐྱོང་གི་རྩ་དོན་ཆ་ཚང་ཞིག་ཆགས་ནས་མི་དམངས་དམག་འཁྲུག་གི་འཐབ་ཇུས་འཐབ་རྩལ་འཕེལ་རྒྱས་ཕྱིན་པ་དང་ཐུན་མོང་མ་ཡིན་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་སྐྱེད་སྲིང་ཐུབ་ཡོད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གིས་མེ་མདར་བཀོད་འདོམས་བྱེད་རྒྱུ་ནི་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་འགན་ལེན་ཞིག་རེད། དེ་ནི་རང་རེའི་ཏང་གིས་ཁྲག་དྲོན་དང་མེ་ལྕེའི་འཐབ་རྩོད་ནང་ནས་ཐོབ་པའི་གཞོམ་ཞིག་མེད་པའི་བདེན་དོན་ཞིག་ཡིན་པས་མི་དམངས་དམག་དཔུང་གིས་དུས་གང་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ངེས་པར་དུ་ཏང་གི་དར་ཆ་དར་ཆར་བརྩི་བ་དང་། ཏང་གི་ཁ་ཕྱོགས་ཁ་ཕྱོགས་སུ་བརྩི་བ། ཏང་གི་འདོད་འདུན་འདོད་འདུན་དུ་བརྩི་བ་བཅས་བྱེད་དགོས་པ་དང་།
          བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ནི་མི་དམངས་དམག་དཔུང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་བསམ་པའི་སྟོབས་ཤུགས་ཡིན་པས། མི་དམངས་དམག་དཔུང་གིས་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ངང་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་མཐའ་འཁྱོངས་བྱས་ནས་དུས་གང་ཞིག་དང་གནས་ཚུལ་གང་རུང་ཞིག་གི་འོག་ཏུའང་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ཆེད་རང་སྲོག་བློས་གཏོང་གིས་འབད་འཐབ་བྱེད་ཕོད་པ་བྱེད་དགོས། མི་དམངས་དམག་དཔུང་གི་སྟོབས་ཤུགས་ནི་སྒྱུར་བཅོས་དང་གསར་གཏོད་ལས་བྱུང་བ་ཞིག་ཡིན་པས། མི་དམངས་དམག་དཔུང་གིས་ངེས་པར་དུ་སྒྱུར་བཅོས་བྱེད་ཕོད་པ་དང་གསར་གཏོད་བྱེད་མཁས་པ་བྱས་ཏེ་དུས་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ནམ་ཡང་རེངས་འགྱུར་དང་འཕེལ་མེད་རང་སོར་གནས་མི་རུང་། མི་རབས་ནས་མི་རབས་བར་གྱི་གསར་བརྗེའི་དམག་མིས་ཤི་རྒྱུར་མི་སྐྲག་པར་མདུན་སྐྱོད་བྱས་པས། དགྲ་བོ་ཐམས་ཅད་ཟིལ་གྱིས་གནོན་ལ་དགྲ་བོའི་མདུན་དུ་དཔའ་གཏན་ནས་མི་ཞུམ་པའི་རླབས་ཆེའི་དཔའ་ཉམས་ཆགས་སྟབས་མི་དམངས་དམག་དཔུང་གིས་ངེས་པར་དུ་དམག་རྒྱག་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པའི་བསམ་པའི་གཤིས་རྒྱུད་དར་སྤེལ་ཤུགས་ཆེན་བཏང་ནས་དུས་དང་གནས་ཚུལ་གང་རུང་ཞིག་གི་འོག་ཏུའང་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱེད་པ་དང་། སྒྲིག་ཁྲིམས་རང་བཞིན་ལ་ཤུགས་སྣོན་བརྒྱབ་ཚེ་གསར་བརྗེར་རྒྱལ་ཁ་མི་ཐོབ་པ་མི་སྲིད་པས། མི་དམངས་དམག་དཔུང་གིས་ངེས་པར་དུ་སྒྲིག་ཁྲིམས་ནན་པོར་བརྟེན་ནས་བློ་སྟོབས་ཆེན་པོ་གཅིག་སྒྲིལ་བྱེད་པ་དང་། སྤྱོད་ཚུལ་ནན་པོར་བཞུན་བརྡར་བྱེད་པ། སྒྲིག་ཁྲིམས་ནན་པའི་དཔུང་ཁག་གཏོད་པ་བཅས་བྱས་ཏེ་དུས་དང་གནས་ཚུལ་གང་རུང་ཞིག་གི་འོག་ཏུའང་བྱ་སྤྱོད་ཚང་མ་བཀོད་འདོམས་ལ་ཉན་པ་དང་གོམ་སྟབས་གཅིག་གྱུར་གྱིས་མདུན་སྐྱོད་བྱེད་དགོས་ལུགས་ལོ་རྒྱུས་ཀྱིས་ང་ཚོར་གསལ་སྟོན་བྱས་ཡོད།
          ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་རྒྱུར་དམིགས་ནས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་མི་དམངས་དམག་དཔུང་འཛུགས་སྐྱོང་གིས་དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་བཏོན་ནས་དུས་བསྟུན་མདུན་སྐྱོད་ཀྱིས་དམག་དོན་འཐབ་ཇུས་མཛུབ་ཁྲིད་གསར་གཏོད་བྱེད་པ་དང་། དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་བཟོ་བ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་བློ་བརྟན་འགྱུར་མེད་ངང་སྤེལ་བ། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཁྲིམས་ལྟར་དམག་སྐྱོང་དང་དམག་སྐྱོང་ནན་པོ་མཐའ་འཁྱོངས་བྱེད་པ། དམག་སྦྱོང་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་མི་དམངས་དམག་དཔུང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་དང་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ལུགས་བཏོན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས་དུས་བབ་གསར་པའི་འོག དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ཐད་བླང་བྱ་ཁག་6བཏོན་གནང་བ་སྟེ། གཅིག་ནས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་ངང་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་ངེས་པར་དུ་ཏང་གི་དམག་དོན་མཛུབ་ཁྲིད་རིགས་པའི་གཞུང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ། གསུམ་ནས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་དམག་གྲབས་དམག་རྒྱག་ལ་དོ་ཁུར་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བཞི་ནས་ངེས་པར་དུ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལ་བརྟེན་ནས་དམག་སྐྱོང་བཅས་མཐའ་འཁྱོངས་བྱེད་དགོས་པ། ལྔ་ནས་ངེས་པར་དུ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། དྲུག་ནས་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་དགོས་པ་བཅས་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྱོང་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་ཡིན་པ་དང་། ཀྲུང་གོའི་དམག་དཔུང་ནི་དུས་ནམ་ཡང་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་བརྟན་པོ་ཞིག་རེད་ཅེས་གསུངས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716