སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་རོགས་སྐྱོར་ཞིང་ཆེན་(གྲོང་ཁྱེར)དང་རྒྱལ་ཁབ་ཀྱི་ལས་ཁུངས་འགའ་ཞིག་གིས་བོད་ལྗོངས་ནས་རྒྱ་བོད་སྐད་གཉིས་གཞུང་ཞབས་པ་སྡུད་ལེན་བྱེད་རྒྱུ་རེད།
སྤེལ་དུས། 2017-08-04   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཟླ་༨པའི་ཚེས་༢ཉིན་གྱི་གསར་འགྱུར།  (གསར་འགོད་པ། ཝང་ཡོན་ཧུང་།) ཀྲུང་དབྱང་གི་སྐབས་དྲུག་པའི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་པ་སྔར་བས་ལག་བསྟར་དོན་འཁྱོལ་ཡོད་བ་དང་། ཐབས་ལམ་སྣ་མང་དང་ཁྱབ་ཁོངས་མང་པོ་ནས་རང་ལྗོངས་ཀྱི་མཐར་ཕྱིན་སློབ་མའི་ལས་ཞུགས་ཇེ་མང་དུ་གཏོང་ཕྱིར། ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཐེངས་མང་པོར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་པུའུ་ལ་འབྲེལ་གཏུག་གནང་ནས་བོད་ལྗོངས་ཀྱི་མཐར་ཕྱིན་སློབ་མ་རྣམས་རང་སྐྱོང་ལྗོངས་ཕྱི་རོལ་དུ་ཕྱིན་ནས་ལས་ཞུགས་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་འཐོབ་པར་བརྩོན་ལེན་བྱས།  མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་ལེན་པུའུ་དང་རྒྱལ་ཁབ་གཞུང་ཞབས་པའི་ཅུད་གཉིས་ཀྱི་༢༠༡༧ལོར་བོད་ལྗོངས་ཀྱི་རྒྱ་བོད་སྐད་གཉིས་གཞུང་ཞབས་པ་སྡུད་ལེན་བྱེད་པའི་ལས་ཀ་འདི་ལག་བསྟར་བྱ་རྒྱུ་ཡིན།
          ཐེངས་འདིའི་ལས་ཞུགས་རྒྱུགས་ལེན་གྱི་ས་ཁུལ་དང་ལས་ཁུངས་ལ་པེ་ཅིང་དང་། ཐེན་ཅིན། ཧི་པེ། ལའོ་ཉིན། ཅི་ལིན། ཧེ་ལུང་ཅང་། ཧྲང་ཧེ། ཅང་སུའུ།  ཀྲེ་ཅང་། ཨན་ཧུའེ། ཧྥུ་ཅན། ཧྲན་ཏུང་། ཧུ་པེ། ཧུ་ནན། ཀོང་ཏུང་། ཁྲུང་ཆིན། ཧྲན་ཞི་སོགས་བོད་ལྗོངས་རོགས་སྐྱོར་ཞིང་ཆེན་(གྲོང་ཁྱེར)དང་ཀྲུང་དབྱང་གི་རྒྱལ་ཁབ་ཐད་གཏོགས་ལས་ཁུངས་དུ་མ་འདུས་ཡོད། ལས་ཞུགས་རྒྱུགས་ལེན་གྱི་ཁ་གཏད་ས་གཙོ་བོ་ནི་རྒྱ་བོད་སྐད་གཉིས་ཤེས་པའི་༢༠༡༧ལོའི་བོད་ལྗོངས་ཀྱི་ཉིན་ཧྲིལ་བོའི་ལམ་ལུགས་སློབ་ཆེན་དག་ནས་ད་ལོར་མཐར་ཕྱིན་པའི་སློབ་མ་རྣམས་ཡིན། མཐར་ཕྱིན་སློབ་མ་རྣམས་ཀྱིས་ཐེངས་འདིའི་ལས་ཞུགས་རྒྱུགས་ལེན་དང་༢༠༡༧ལོའི་རང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐའ་ཕྱིན་སློབ་མའི་ལས་ཞུགས་རྒྱུགས་ལེན་རིམ་པ་དང་པོ་གཉི་ག་ཞུགས་ཆོག ལས་ཞུགས་རྒྱུགས་ལེན་གྱི་བརྡ་སྦྱོར་དེ་ཉེ་ལམ་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་ལེན་ཆ་འཕྲིན་དྲ་བ་དང་“བོད་ལྗོངས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས”སྐད་འཕྲིན་སྤྱི་སྟེགས་གཉིས་ནས་བསྒྲགས་རྒྱུ་ཡིན། བོད་ལྗོངས་ཀྱི་རྒྱ་ཆེ་བའི་སློབ་ཆེན་མཐར་ཕྱིན་སློབ་མ་རྣམས་ཀྱིས་ལས་ཞུགས་རྒྱུགས་ལེན་གྱི་བརྡ་སྦྱོར་ཐུགས་ལ་འཇགས་པར་ཞུ། ལྗོངས་ཕྱིའི་ལས་ཞུགས་དང་འབྲེལ་བའི་སྲིད་ཇུས་དག་རང་སྐྱོང་ལྗོངས་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུ་ལྟེ་གནས་སུ་རྩད་འདྲི་བྱས་ཆོག
           (འབྲེལ་གཏུག་ཁ་པར། ༠༨༩༡—༦༨༤༥༨༥༧)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716