སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ།
སྤེལ་དུས། 2017-08-07   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཆོས་སྒྲོན།
          ཉིན་ཤས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད་པ་རེད། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧའོ་པིན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི“7·26”གི་གསུང་བཤད་གལ་ཆེན་ནི་རང་རེའི་ཏང་གིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྲོག་ཤིང་དེར་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་དང་། ཁྱོན་ཡོངས་ཀྱི་ལས་འགན་ཆེ་ཤོས། སྒྲིག་ཁྲིམས་ནན་ཤོས་བཅས་ལ་བརྩིས་ནས་རང་རྟོགས་ངང་ཏང་ཀྲུང་དབྱང་ལ་མིག་ལྟོས་དང་། ཏང་གི་སྲོག་ཤིང་ལ་མིག་ལྟོས། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་ལ་མིག་ལྟོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་མིག་ལྟོས་བཅས་བྱས་ཚེ་གཞི་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཐུབ་ནས་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་བསམ་མངོན་འགྱུར་བཅས་བྱུང་སྟེ་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཐུབ་ངེས་ཡིན་ཞེས་བརྗོད་པ་རེད།
          ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལིའུ་ཡེ་ཆང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འདས་ཟིན་པའི་ལོ་འགའི་རིང་རང་རེའི་ཏང་ལ་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ་དགོངས་པ་གསར་པ་དང་། འདུ་ཤེས་གསར་པ། ཆོད་གཏམ་གསར་པ་བཅས་བཏོན་ནས་དུས་བབ་གསར་པའི་འོག་གི་ཏང་འཛུགས་སྐྱོང་གི་ལས་དོན་ལེགས་པར་སྒྲུབ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་གསལ་སྟོན་ཡང་བྱས་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“7·26”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་དགོས་ཞེས་བརྗོད།
          རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཝང་ཅུན་གྱིས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སྔོན་ལ་སློབ་སྦྱོང་དང་། སློབ་སྦྱོང་གཏིང་ཟབ། སློབ་སྦྱོང་ཏན་ཏིག་བཅས་བྱས་ནས་ཨུ་ལྷན་དང་ཐིང་ལས་ཁུངས་ཙམ་མ་ཟད། ཐ་ན་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་དགོངས་དོན་གྱི་ངོ་བོར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་གནད་འཁེལ་ཆུད་རྒྱུར་སྐུལ་ཁྲིད་བྱེད་དགོས་ཞེས་བརྗོད།
          ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱེད་པའི་གྲུབ་འབྲས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་གྱུར་པར་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལྷོ་ཁར་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ་དོན་འཁྱོལ་བྱས་ཏེ་ལྷོ་ཁའི་མི་དམངས་འཐུས་ཚོགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བརྗོད།
          གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཨུད་ཀྱི་ཧྲུའུ་ཅི་ལི་རེན་ཤིན་གྱིས་ཁང་དམར་རྫོང་ནི་འཕེལ་རྒྱས་འགྲོ་འགོར་བའི་མཐའ་མཚམས་རྫོང་དང་རྫོང་དབུལ་པོ་ཞིག་ཡིན་པས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ཕྱོགས་ཡོངས་ནས་བྱས་ཏེ་སྲོལ་རྒྱུན་ལེགས་ཆ་ལྡན་པའི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ་དང་སྤུས་ཚད་ལེགས་སུ་བཏང་སྟེ་གཟན་རྩྭ་འདེབས་པ་དང་གམ་པའི་ལུག་གསོ་ཚགས་སོགས་ཀྱི་སྲོལ་རྒྱུན་ལེགས་ཆ་ལྡན་པའི་ཐོན་ལས་གཙོ་གནད་འཕེལ་རྒྱས་ཡག་པོ་བཏང་བས་ཞིང་འབྲོག་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་བྱུང་ཡོད་ཅེས་བརྗོད།
          ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཞིང་འབྲོག་ཅུས་ཀྱི་ཁོའོ་ཡོན་ཏུའུ་ཁྲུན་ཞ་ཡིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་བརྗིད་ཆེའི་དམིགས་ཚད་དུས་བཀག་བཞིན་མངོན་འགྱུར་བྱེད་པར་ངེས་པར་དུ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལག་ལེན་བསྟར་ནས་གྲོང་གསེབ་ཀྱི་དབུལ་པོའི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་བརྗོད།
          ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ཅིང་གིས་འགན་འཁྲི་འཁུར་ཕོད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་དང་ལོ་རྒྱུས་ཀྱི་སྦྲེལ་མཐུད་ལས་དོན་ལེགས་པར་བསྒྲུབས་ནས་རིམ་ཁག་ཏང་རྩ་འཛུགས་འགྱུར་མེད་སྟོབས་ལྡན་གྱི་དམག་འཐབ་མཁར་རྫོང་ཞིག་ཏུ་བཏོད་དེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གྲུབ་པར་སྣེ་ཁྲིད་བྱེད་དགོས། ཅང་སུའུ་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་པིན་གྱིས“ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་ཏང་གི་གོང་བུ་འགྲིལ་ནུས་དང་། དམག་འཐབ་བྱེད་ནུས། འགོ་ཁྲིད་བྱེད་ནུས། འབོད་སྐུལ་བྱེད་ནུས་བཅས་ཆེ་རུ་ཕྱིན་ནས་ཏང་གཞི་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་རྟེན་ས་ཞིག་ཏུ་འགྱུར་ངེས་རེད”ཅེས་བརྗོད། ཁོང་གིས་ཆུ་ཤུར་རྫོང་གི་འཕེལ་རྒྱས་ལ་ངེས་པར་དུ་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ་རྫོང་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་དང་གནད་སྨིན་དབུལ་སྐྱོར་སོགས་ཀྱི་ལས་དོན་ལ་སྐུལ་ཁྲིད་བྱེད་དགོས་ཞེས་བརྗོད།
          ནག་ཆུ་ས་ཁུལ་འབྲི་རུ་རྫོང་རླན་ཆུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཉི་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“7·26”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པས་ང་ཚོར་འགན་འཁྲི་ཧ་ཅང་ལྕི་པོ་ཡིན་པའི་མྱོང་ཚོར་བྱུང་། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ་ལས་དོན་ཁག་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བ་དང་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་། མི་སེར་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་དེ་བས་མང་བ་བསྒྲུབས་ཏེ་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བརྗོད།
 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716