སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་ལ་མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་འབུར་དུ་དོད་དགོས་ཞེས་མཆན་བཀོད་བཀའ་ལན་གནང་བ།
སྤེལ་དུས། 2017-08-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པད་མས་བསྒྱུར།
          ཟླ8པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཀྲུང་གོ་སྲིད་གཞུང་དྲ་ཐོག་ནས《 ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱིའི་འཆར་འགོད( 2009 - 2020 ལོ་) ( 2017 ལོར་བཟོ་བཅོས་བརྒྱབ་པ)》 སྐོར་གྱི་མཆན་བཀོད་བཀའ་ལན་ཁྱབ་བསྒྲགས་བྱས་ཤིང་། མཆན་བཀོད་བཀའ་ལན་ནང་ལྷ་ས་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་། གངས་ལྗོངས་མཐོ་སྒང་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་ཞིག་ཡིན་ཞེས་བསྟན་ཡོད། 《སྤྱིའི་འཆར་འགོད》 ནང་གཏན་འཁེལ་བྱས་པའི་སྤྱི་ལེ་ངོས་གྲུ་བཞི་མ4326ཡི་གྲོང་ཁྱེར་འཆར་འགོད་ཁུལ་གྱི་ཁྱབ་ཁོངས་ནང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱིའཆར་འགོད་དོ་དམ་དོ་དམ་བྱ་རྒྱུ་དང་། 2020 ལོར་སླེབས་ཚེ།  ལྟེ་བའི་གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་མི་ཁྲི་50 ནང་ཚུན་དུ་ཚོད་འཛིན་དང་། གྲོང་ཁྱེར་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྤྱི་ལེ་ངོས་གྲུ་བཞི་མ་77.88ནང་ཚུན་དུ་ཚོད་འཛིན་བྱ་དགོས། གྲོང་ཁྱེར་ཁོངས་ཀྱི་ས་ཁུལ་མི་འདྲ་བའི་ཆ་རྐྱེན་ལ་གཞིགས་ནས་རྫོང་དང་རྨང་གཞིའི་ཆ་རྐྱེན་ལེགས་པ་དང་། འཕེལ་རྒྱས་ཀྱི་ནུས་པ་ཆེན་པོ་ལྡན་པའི་ལྟེ་བའི་གྲོང་རྡལ་དང་གྲོང་རྡལ་གྱི་ཆགས་སྟངས་ཇེ་ལེགས་སུ་གཏོང་བ་དང་གཙོ་གནད་འཕེལ་རྒྱས་སུ་བཏང་སྟེ།  གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་གྱི་མཛུབ་ཁྲིད་ལ་ཤུགས་སྣོན་དང་། ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་ དང་གྲོང་གསེབ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། མཆན་བཀོད་བཀའ་ལན་གྱིས་བསྟན་དོན། གནམ་མཚོ་ཕྱུག་མོ་དང་གཉན་ཆེན་ཐང་ལྷ་སོགས་མཛེས་ལྗོངས་ཁུལ་གྲགས་ཅན་དང་། རང་བྱུང་སྲུང་སྐྱོབ་ཁུལ་དང་དེ་བཞིན་འདམ་ར་དང་། ཆུ་འགོ་ཁུལ་སོགས་དམིགས་བསལ་གྱི་སྐྱེ་ཁམས་ནུས་པའི་ཁུལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲུང་སྐྱོབ་བྱེད་ཐབས་བཅས་ལག་བསྟར་ནན་མོ་བྱ་དགོས་ཤིང་། བར་སྐོར་ཁྲོམ་གཞུང་སོགས་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་སོགས་དང་། པོ་ཏ་ལ་དང་། ལྷ་ལྡན་གཙུག་ལག་ཁང་། ནོར་བུ་གླིང་ཁ་སོགས་འཛམ་གླིང་གི་རིག་གནས་ཤུལ་བཞག་དང་། ར་མོ་ཆེ་དང་། འབྲས་སྤུངས་དགོན་སོགས་རིག་དངོས་སྲུང་སྐྱོབ་ཀྱི་ལས་ཁུངས་དང་དེའི་མཐའ་སྐོར་གྱི་ཁོར་ཡུག་སོགས་གཙོ་གནད་དུ་བཟུང་ནས་སྲུང་སྐྱོབ་བྱ་རྒྱུ་དང་། “གླིང་ཁ”རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱ་དགོས། སྔོ་སྒྱུར་གྱི་ལས་དོན་ལ་ཤུགས་སྣོན་དང་།གྲོང་ཁྱེར་གྱི་སྤང་ལྗོངས་ཀྱི་ལྗང་ཐིག་སྲུང་སྐྱོབ་བྱེད་ཁོངས་དབྱེ་འབྱེད་གཏན་འབེབས་བྱ་དགོས་པར་མ་ཟད། གྲོང་ཁྱེར་སྤྱི་ཡོངས་ཀྱི་ཇུས་འགོད་ཡག་པོ་བསྒྲུབ་རྒྱུ་དང་།   གྲོང་ཁྱེར་གྱི་མཛེས་ལྗོངས་ལྟ་བའི་བར་འཁྱམས་ཀྱི་ཚོད་འཛིན་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་ཡུལ་ལྗོངས་གྲགས་ཅན་ཁུལ་གྱི་མཐའ་འཁོར་གྱི་ཨར་ལས་ཀྱི་མཐོ་ཚད་ཚོད་འཛིན་ནན་མོ་བྱས་ཏེ་གངས་ལྗོངས་ས་མཐོ་དང་མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་པའི་གྲོང་ཁྱེར་གྱི་རྣམ་པ་འབུར་དུ་ཐོན་དགོས། 
          ཟུར་བཀོད། 《 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱིའི་འཆར་འགོད་སྐོར་གྱི་མཆན་བཀོད་བཀའ་ལན》གྱི་ནང་དོན་ཆ་ཚང་། 
          བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། ཁྱོད་ཚོའི་ས་ཁུལ་གྱི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱིའི་འཆར་འགོད་ཞིབ་མཆན་བྱེད་རོགས་ཞུ་རྒྱུའི་སྐོར་གྱི་དགོངས་སྐོར་ལས་གནས་ཚུལ་འབྱོར་སོང་།  ད་ལྟ་མཆན་བཀོད་བཀའ་ལན་བྱས་པ་གཤམ་གསལ་ལྟར། 
          གཅིག རྩ་བའི་ཆ་ནས《 ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱིའི་འཆར་འགོད( 2009 - 2020 ལོ) ( 2017 ལོར་བཟོ་བཅོས་བྱས་པ) 》 ( གཤམ་དུ་བསྡུས་མིང་ལ་《 སྤྱིའི་འཆར་འགོད》 ཞེས་བརྗོད་རྒྱུ)ལ་མོས་མཐུན་བྱུང་ཡོད། 
          ལྷ་ས་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བ་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་ཞིང་། གངས་ལྗོངས་ས་མཐོ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་ཞིག་ཡིན། 《 སྤྱིའི་འཆར་འགོད》 ལག་བསྟར་བྱ་བར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ།  ལྔ་པ། དྲུག་པ་དང་། ཀྲུང་དབྱང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གསར་གཏོད་དང་། རྒྱུན་མཐུད་ཐུབ་པ། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་ནན་ཏན་དང་། གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ལ་ངོས་འཛིན་དང་། བརྩི་བཀུར། ཆོས་ཉིད་དང་བསྟུན་ཏེ་དཔལ་འབྱོར་དང་། སྤྱི་ཚོགས། མི་གྲངས། ཁོར་ཡུག་དང་ཐོན་ཁུངས་ཕན་ཚུན་མཐུན་སྦྱོར་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ་གསར་དུ་དར་བའི་གྲོང་རྡལ་ཅན་དུ་འགྱུར་བའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་དང་།ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་གཞི་དང་། འཛུགས་སྐྲུན། དོ་དམ་གྱི་ལས་དོན་ཁག་གི་གཅིག་གྱུར་འཆར་གཞི་ཡག་པོར་བསྒྲུབས་ནས་རིམ་བཞིན་ལྷ་ས་གྲོང་ཁྱེར་གྱི་འཛུགས་སྐྲུན་འདི་ཉིད་དཔལ་འབྱོར་དར་རྒྱས་དང་། ཞི་མཐུན་སྡོད་ཁུལ། སྣོད་བཅུད་བཟང་བ་དང་། གསོན་ཤུགས་དང་ལྡན་པ། ཁྱད་ཆོས་མངོན་གསལ་ལྡན་པའི་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། 
          གཉིས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་ལ་མཐོང་ཆེན་བྱ་རྒྱུ།  《 སྤྱིའི་འཆར་འགོད》 ནང་གཏན་འཁེལ་བྱས་པའི་སྤྱི་ལེ་ངོས་གྲུ་བཞི་མ4326གི་གྲོང་ཁྱེར་འཆར་འགོད་ཁུལ་གྱི་ཁྱབ་ཁོངས་ནང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཆར་འགོད་དོ་དམ་ལག་བསྟར་བྱེད་དགོས་། ས་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བཅས་འཛུགས་སྐྲུན་བྱ་རྒྱུར་ཉེ་འཁོར་གྱི་ས་ཁུལ་ལ་ཞབས་ཞུ་བསྒྲུབ་པར་གཅིག་གྱུར་འཆར་འགོད་ཀྱི་བསམ་གཞིགས་གཏོང་དགོས།  གྲོང་ཁྱེར་ཁོངས་ཀྱི་ས་ཁུལ་མི་འདྲ་བའི་ཆ་རྐྱེན་ལ་གཞིགས་ནས་ རྫོང་མཁར་དང་རྨང་གཞིའི་ཆ་རྐྱེན་ལེགས་པ་དང་། འཕེལ་རྒྱས་ཀྱི་ནུས་པ་ཆེ་བའི་ལྟེ་གནས་གྲོང་རྡལ་གཙོ་གནད་དུ་བཟུང་ནས་འཕེལ་རྒྱས་སུ་གཏོང་རྒྱུ་དང་། གྲོང་ཚོ་དང་གྲོང་རྡལ་གྱི་བཀོད་སྒྲིག་ཇེ་ལེགས་སུ་བཏང་ནས་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་གྱི་མཛུབ་ཁྲིད་ལ་ཤུགས་སྣོན་དང་། ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་དང་གྲོང་གསེབ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། 
          གསུམ། གྲོང་ཁྱེར་གྱི་གཞི་ཁྱོན་ཚོད་འཛིན་ལུགས་མཐུན་བྱ་དགོས། 2020ལོར་སླེབས་ཚེ། ལྟེ་བའི་གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་མི་ཁྲི་50ནང་ཚུན་དུ་ཚོད་འཛིན་དང་། གྲོང་ཁྱེར་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྤྱི་ལེ་ངོས་གྲུ་བཞི་མ77.88ཀྱི་ནང་ཚུན་དུ་ཚོད་འཛིན་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་བཅའ་ཁྲིམས་ལས་སྔོན་ལ་འཆར་འགོད་དང་རྗེས་སུ་འཛུགས་སྐྲུན་བྱེད་པའི་རྩ་དན་ལག་ལེན་མཐར་ཕྱིན་བྱ་དགོས་ཤིང་། 《སྤྱིའི་འཆར་འགོད》ཀྱིས་གཏན་ཁེལ་བྱས་པའི་འཛུགས་སྐྲུན་ས་སྤྱོད་ཀྱི་ཁྱབ་ཁོངས་ཀྱི་ཕྱི་རོལ་དུ་གསར་འབྱེད་ས་ཁུལ་དང་གྲོང་ཁྱེར་གསར་པའི་རིགས་འདྲ་མིན་འཛུགས་པར་གཏན་འགོག་བྱ་རྒྱུ།
          《སྤྱིའི་འཆར་འགོད》ནང་གཏན་འཁེལ་བྱས་པའི་འཛུགས་སྐྲུན་ས་སྤྱོད་ཁྱབ་ཁོངས་དོན་ཐོག་ཏུ་ཡག་པོར་འཁྱོལ་བ་དང་། ས་མཚམས་དོ་དམ་གྱི་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་གྱི་བཀོད་པ་ཚགས་དམ་ལ་སྐུལ་འདེད་གཏོང་དགོས།
          གྲོང་ཁྱེར་ནང་ཁུལ་གྱི་བཀོད་པ་ལུགས་མཐུན་རང་བཞིན་ཇེ་ཆེར་གཏོང་རྒྱུ་དང་གྲོང་ཁྱེར་གྱི་བརྒྱུད་བརྟོལ་རང་བཞིན་དང་འཁོར་རྒྱུན་ཕྲ་མོའི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། ས་ཞིང་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་རྒྱུན་འཁྱོངས་དང་། གསར་དུ་ཁ་བསྣན་པའི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཞིང་བཀོལ་སྤྱོད་ལ་ཚོད་འཛིན་ནན་མོ་བྱས་ཏེ་ས་ཆ་ལྷག་མ་སྤྱོད་པའི་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་ས་འོག་བར་སྟོང་གི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་བཀོལ་སྤྱོད་བྱ་རྒྱུ་དང་། ས་ཞིང་བེད་སྤྱོད་ཀྱི་ནུས་ཚད་མཐོར་འདེགས་སུ་བཏང་ནས་རྨོ་ཞིང་དང་ལྷག་པར་དུ་གཞི་རྩའི་ས་ཞིང་ལ་སྲུང་སྐྱོང་ཡག་པོ་དང་ཏན་ཏིག་བྱ་དགོས།
          བཞི། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཐུས་ཚང་དུ་གཏོང་བ་། ལྗང་མདོག་འཁོར་རྒྱུག་གི་ཐཱན་ཉུང་བའི་འདུ་ཤེས་ལྟར་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འཆར་འགོད་བྱ་དགོས་ཤིང་། གཞུང་ལམ་དང་ལྕགས་ལམ། གནམ་གྲུ་འབབ་ཐང་སོགས་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་ཕྱི་ནང་གི་འགྲིམ་འགྲུལ་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་བསྡུས་རང་བཞིན་གྱི་འགྲིམ་འགྲུལ་ལྟེ་བའི་ནུས་པ་འདོན་སྤེལ་བྱེད་དགོས། ལྕགས་ལམ་འགྲིམ་འགྲུལ་གོང་འཕེལ་དང་། སྤྱི་པའི་འགྲིམ་འགྲུལ་འཛུག་རྒྱུ་གཙོ་བོར་བཟུང་སྟེ་འགྲིམ་འགྲུལ་བྱེད་སྟངས་སྣ་ཚོགས་ཟུང་འབྲེལ་བྱེད་པའི་རིམ་པ་མང་བ་དང་། རིགས་མང་པོའི་གྲོང་ཁྱེར་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་བཙུགས་ཏེ་འགྲིམ་འགྲུལ་མི་འདྲ་བ་བརྗེ་འགྱུར་བྱ་བར་སྟབས་བདེ་གཏོང་དགོས། རླངས་འཁོར་འཇོག་སར་བཀོད་སྒྲིག་ཡག་པོ་བཏང་སྟེ་གྲོང་ཁྱེར་གྱི་རླངས་འཁོར་འཇོག་སའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཤིང་། སྔོན་ལ་ས་འོག་དང་། དེ་ནས་ས་ཐོག་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་གྲོང་ཁྱེར་གྱི་ཆུ་མཁོ་འདོན་གྱི་ཆུ་ཁུངས་དང་། ཆུ་འགྲོ་དང་གད་སྙིགས་གཙང་སེལ་སོགས་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ། བླང་བྱ་གཞིར་བཟུང་ནས་ས་འོག་ཕྱོགས་བསྡུས་ཀྱི་དོང་ལམ་འཛུགས་སྐྲུན་བྱེད་དགོས།  རྨང་གཞིའི་སྒྲིག་བཀོད་ཀྱི་ཐིག་སེར་སྲུང་སྐྱོབ་ཁྱབ་ཁོངས་དབྱེ་འབྱེད་གཏན་འབེབས་དང་། སྒྲིག་བཀོད་སོ་སོའི་ས་སྤྱོད་ཀྱི་འཆར་འགོད་ལ་ཚོད་འཛིན་དང་སྔོན་བཞག་བྱ་བར་ཤུགས་སྣོན་རྒྱག་དགོས། གྲོང་ཁྱེར་གྱི་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། མེ་གསོད་མེ་འགོག་དང་། མི་དང་། ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་བཤང་བ། ས་འགུལ་སྔོན་འགོག  ས་གཤིས་ཀྱི་གནོད་འཚེ་སྔོན་འགོག་སོགས་ཚུད་པའི་གྲོང་ཁྱེར་གྱི་ཕྱོགས་བསྡུས་གནོད་འགོག་མ་ལག་འཐུས་ཚང་འཛུགས་དགོས། 

          ལྔ། ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ། ཐོན་སྐྱེད་བྱ་ཡུལ་གྱི་བར་སྟོང་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བ་དང་། འཚོ་བའི་བར་སྟོང་འོས་ཤིང་འཚམ་པ། སྐྱེ་ཁམས་ཀྱི་བར་སྟོང་རི་མཛེས་ཆུ་དྭངས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་སྟེ་གྲོང་ཁྱེར་གྱི་བར་སྟོང་གྲུབ་ཚུལ་ལུགས་དང་མཐུན་པ་ཞིག་ཆགས་པར་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་ཡུལ་ཁམས་འཛུགས་སྐྲུན་བཅས་དུས་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། གྲོང་ཁྱེར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་། བཙོག་ཆུ་གཙང་བཟོ་བྱེད་ཚད་དང་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་མཐོ་རུ་བཏང་སྟེ་སྦགས་བཙོག་དངོས་རིགས་གཏོང་འབུད་ཀྱི་སྤྱི་གྲངས་ལ་ཚོད་འཛིན་ནན་མོ་བྱས་ཏེ་དུས་བཀག་ནང་《 སྤྱིའི་འཆར་འགོད་》 ནང་བཏོན་པའི་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་རིགས་སྣ་ཚོགས་སུ་སླེབས་དགོས། གྲོང་ཁྱེར་གྱི་སྔོ་ཐིག་སྲུང་སྐྱོབ་བྱེད་ཁོངས་དབྱེ་འབྱེད་གཏན་འབེབས་བྱས་ཏེ་ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་ནན་ཤོས་དོན་འཁྱོལ་དང་། ཆུ་ཁོངས་ཀྱི་རང་བྱུང་གི་རྣམ་པ་དང་ཟུང་འབྲེལ་བྱས་ནས་སྲུང་སྐྱོབ་དང་ལེགས་སྒྲིག་བྱས་ཏེ། ཆུའི་ཐོན་ཁུངས་བེད་སྤྱོད་པའི་ནུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་ཆུ་གྲོན་ཆུང་བྱ་བའི་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས། ཤུགས་རྐྱེན་དམའ་བའི་གསར་སྤེལ་བྱེད་སྟངས་ཀྱི་རྣམ་པ་དར་སྤེལ་དང་། འགྱིག་སོབ་ལྟ་བུའི་གྲོང་ཁྱེར་འཛུགས་སྐྲུན་བྱ་བ་སྐུལ་འདེད་བྱས་ཏེ་ལྗང་མདོག་གི་འཛུགས་སྐྲུན་འཕེལ་རྒྱས་སུ་གཏོང་བར་ཧུར་ཐག་བྱ་དགོས་པར་མ་ཟད།   གནམ་མཚོ་དང་གཉན་ཆེན་ཐང་ལྷ་སོགས་མཛེས་ལྗོངས་ཁུལ་གྲགས་ཅན་དང་། རང་བྱུང་སྲུང་སྐྱོབ་ཁུལ་དང་དེ་བཞིན་འདམ་ར་དང་། ཆུ་ཁུངས་ཁུལ་སོགས་དམིགས་བསལ་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་སྟེ་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་བྱ་ཐབས་གཏན་བཟོ་དང་ལག་བསྟར་ནན་མོ་བྱ་དགོས།

          དྲུག མི་སྡོད་སའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། མི་གཙོ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་སློབ་གསོ་དང་།  སྨན་བཅོས། གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་འཆར་གཞིའི་བཀོད་སྒྲིག་དང་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱ་དགོས་ཤིང་། གྲོང་ཁྱེར་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་དམིགས་ཚད་དེ་ཉེ་དུས་ཀྱི་འཛུགས་སྐྲུན་འཆར་འགོད་ནང་བཅུག་སྟེ། འགན་སྲུང་རང་བཞིན་གྱི་སྡོད་ཁང་གཞི་ཁྱོན་ལ་མཁོ་བའི་ས་ཆར་སའི་གཞི་ཁྱོན་དང་། ས་གནས་ཀྱི་སྒྲིག་བཀོད་དང་འབྲེལ་ཡོད་ཀྱི་མ་དངུལ་གཏོང་ཚད་སོགས་ཁག་བགོས་ནས་མཁོ་འདོན་བྱ་བར་ཁག་ཐེག་བྱེད་དགོས། སྤྱིལ་ཁྱིམ་ཁུལ་དང་། གྲོང་ཁྱེར་ནང་གི་གྲོང་སྡེ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོདདང་ཆ་འགྲིག་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་། གྲོང་ཁྱེར་གྱི་དགོས་མཁོ་དངོས་དང་མཐུ་ནུས་ལ་གཞིགས་ནས། གྲོང་ཁྱེར་གྱི་ཉམས་གསོ་དང་། སྐྱེ་ཁམས་སླར་གསོ་ཧུར་ཐག་སྒོས་དར་སྤེལ་དུ་བཏང་ནས་གོམ་པ་བརྟན་པོས་གྲོང་ཁྱེར་གྱི་སྐྱེ་ལྡན་གསར་བསྒྱུར་ལ་སྐུལ་སྤེལ་གཏོང་རྒྱུ་དང་། གྲོང་ཁྱེར་གྱི་དོ་དམ་དང་ཞབས་ཞུ་མཚམས་མི་ཆད་པར་འཐུས་ཚང་དང་། གྲོང་ཁྱེར་དུ་འཕེལ་བའི་གནས་འཕྲོད་རང་བཞིན་མཐོར་འདེགས་སུ་བཏང་སྟེ་གྲོང་ཁྱེར་དེ་མི་དང་མིའི་བར་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་འཛུགས་སྐྲུན་བྱ་བར་ཧུར་བརྩོན་བྱེད་དགོས།

          བདུན། ལོ་རྒྱུས་རིག་གནས་ལ་མཐོང་ཆེན་དང་མཛེས་ལྗོངས་དམིགས་བསལ་ཅན་ལ་སྲུང་སྐྱོང་བྱ་རྒྱུ། འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་འབྲེལ་བ་མཐུན་སྦྱོར་ཡོང་བར་གཅིག་གྱུར་འཆར་འགོད་བྱ་རྒྱུ་དང་།. ཁྱོན་ཡོངས་སྲུང་སྐྱོབ་ཀྱི་རྩ་དོན་ལྟར་གྲོང་ཁྱེར་སྤྱི་དང་ལྷག་པར་དུ་ལོ་རྒྱུས་ཀྱི་གྲོང་ཁུལ་གྱི་སྲོལ་རྒྱུན་རྣམ་པ་ཞིག་ཆགས་པར་སྲུང་སྐྱོབ་ལེགས་པོ་དང་དོན་འཁྱོལ་བྱེད་དགོས་ཤིང་། ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོབ་་ཀྱི་ཆེད་དོན་འཆར་འགོད་བཟོ་འགོད་དང་། ལོ་རྒྱུས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་སྨུག་ཐིག་དོ་དམ་གྱི་བླང་བྱ་དོན་འཁྱོལ་དང་། བར་སྐོར་ཁྲོམ་གཞུང་སོགས་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་དང་། ཕོ་བྲང་པོ་ཏ་ལ། ལྷ་ལྡན་གཙུག་ལག་ཁང་། ནོར་བུ་གླིང་ཁ་སོགས་འཛམ་གླིང་གི་རིག་གནས་ཤུལ་བཞག་དང་། ར་མོ་ཆེ། འབྲས་སྤུངས་དགོན་སོགས་རིག་དངོས་སྲུང་སྐྱོབ་ལས་ཁུངས་དང་དེའི་མཐའ་འཁོར་གྱི་ཁོར་ཡུག་ལ་སྲུང་སྐྱོབ་གཙོ་ཆེར་བྱས་ཏེ། “ གླིང་ཁ”རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱ་རྒྱུ་དང་།  སྔོ་སྒྱུར་གྱི་ལས་དོན་ལ་ཤུགས་སྣོན་དང་། གྲོང་ཁྱེར་གྱི་སྤང་ལྗོངས་ཀྱི་ལྗང་ཐིག་སྲུང་སྐྱོབ་བྱེད་ཁོངས་དབྱེ་འབྱེད་གཏན་འབེབས་བྱ་དགོས། གྲོང་ཁྱེར་གྱི་སྤྱི་ཡོངས་ཀྱི་ཇུས་འགོད་ཡག་པོ་བསྒྲུབ་རྒྱུ་དང་། གྲོང་ཁྱེར་གྱི་མཛེས་ལྗོངས་ལྟ་བའི་བར་འཁྱམས་ཀྱི་ཚོད་འཛིན་དང་ཁྲིད་སྟོན་ཤུགས་སྣོན་རྒྱག་རྒྱུ་དང་། ཡུལ་ལྗོངས་གྲགས་ཅན་ཁུལ་གྱི་མཐའ་འཁོར་གྱི་ཨར་ལས་ཀྱི་མཐོ་ཚད་ལ་ཚོད་འཛིན་ནན་མོ་བྱས་ཏེ་གངས་ལྗོངས་ས་མཐོ་དང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གྲོང་ཁྱེར་གྱི་རྣམ་པ་འབུར་དུ་ཐོན་དགོས། 
          བརྒྱད།《 སྤྱིའི་འཆར་འགོད》 ལག་བསྟར་ནན་པོ་བྱ་དགོས། གྲོང་ཁྱེར་འཛུགས་སྐྲུན་བྱ་བར་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཉམ་དུ་ཡར་ཐོན་ཡོང་བ་མངོན་འགྱུར་བྱ་དགོས། གྲོང་ཁྱེར་དོ་དམ་བྱ་བར་དམངས་གཙོ་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས། 《 སྤྱིའི་འཆར་འགོད》 ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་འཕེལ་རྒྱས་དང་། འཛུགས་སྐྲུན། དོ་དམ་བྱེད་པའི་རྩ་བའི་གཞི་འཛིན་ས་ཡིན་ཞིང་། གྲོང་ཁྱེར་འཆར་འགོད་ཁུལ་ནང་གི་འཛུགས་སྐྲུན་བྱེད་སྒོ་ཚང་མ་ངེས་པར་དུ《 སྤྱིའི་འཆར་འགོད》 ཀྱི་བླང་བྱ་དང་མཐུན་དགོས།  རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་《སྤྱིའི་འཆར་འགོད》ཀྱི་གཙོ་གནད་དང་འཛུགས་སྐྲུན་གྱི་དུས་རིམ་ལྟར་ལག་བསྟར་ཁ་གསལ་བྱེད་དགོས། གྲོང་ཁྱེར་འཆར་འགོད་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་བཅའ་ཁྲིམས་ལྟར་གྲོང་ཁྱེར་འཆར་འགོད་ཁུལ་གྱི་ཁྱབ་ཁོངས་ནང( གསར་སྤེལ་ཁུལ་སྣ་ཚོགས་ཚུད་ཡོད) གི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་དང་འཛུགས་སྐྲུན་བྱེད་སྒོ་ཚང་མར་གཅིག་གྱུར་དང་ནན་མོའི་འཆར་འགོད་ཀྱི་དོ་དམ་ལག་བསྟར་བྱ་རྒྱུ་དང་། གྲོང་ཁྱེར་རིམ་པའི་གྲོང་ཁྱེར་འཆར་འགོད་དོ་དམ་བྱེད་དབང་གཤམ་སྤྲོད་བྱེད་མི་ཆོག་པར་འཆར་འགོད་ལག་བསྟར་འགན་སྲུང་ཏན་ཏིག་བྱ་དགོས་ཤིང་། མང་ཚོགས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱི་གྲོང་ཁྱེར་འཆར་འགོད་ལ་བརྩི་སྲུང་བྱེད་པའི་འདུ་ཤེས་ཆེ་རུ་གཏོང་དགོས། ལྷ་ས་གྲོང་ཁྱེར་དུ་བཅའ་སྡོད་བྱས་པའི་ལས་ཁུངས་ཁག་ཚང་མས་འབྲེལ་ཡོད་ཁྲིམས་སྲོལ་དང་དེ་བཞིན《 སྤྱིའི་འཆར་འགོད》 ལ་བརྩི་སྲུང་བྱ་དགོས་པར་མ་ཟད། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་ཐུན་མོང་སྒོས་ལྷ་ས་གྲོང་ཁྱེར་འདི་འཆར་འགོད་ཡག་པོ་དང་། འཛུགས་སྐྲུན་ཡག་པོ།  དོ་དམ་ལེགས་པོ་ཡོང་བར་འབད་བརྩོན་བྱེད་དགོས། 
 ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཆན་བཀོད་བཀའ་ལན་འདིའི་དགོངས་དོན་ལ་གཞིགས་ནས《སྤྱིའི་འཆར་འགོད》ནན་ཏན་གྱིས་སྒྲིག་འཛུགས་དང་ལག་བསྟར་བྱ་དགོས་ཤིང་། སྡེ་ཚན་དང་སྐྱེ་བོ་གང་ཡིན་རུང་རང་འདོད་ལྟར་བཅོས་བསྒྱུར་བྱས་མི་ཆོག རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་《 སྤྱིའི་འཆར་འགོད》ལག་བསྟར་བྱ་བའི་ལས་དོན་ལ་མཛུབ་ཁྲིད་དང་། ལྟ་སྐུལ་དང་ཞིབ་བཤེར་བྱ་བར་ཤུགས་སྣོན་རྒྱག་དགོས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716