སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ཚོགས་ཆུང་བརྒྱད་པས་རང་ལྗོངས་ལ་སྐོར་ཞིབ་ཀྱི་གནས་ཚུལ་ཚུར་ལན་བྱས་པ།
སྤེལ་དུས། 2017-08-10   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  བདེ་སྐྱིད་ཀྱིས་བསྒྱུར།
ལུའུ་ཁྲུན་ཧྥང་གིས་སྐོར་ཞིབ་གནས་ཚུལ་ཚུར་ལན་གནང་བ་དང་། ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ། ཀྲོང་ཡན་ཕེབས་པ།
          ཚེས་8ཉིན་གྱི་ཕྱི་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐོན་སྐྱེད་སྐོར་ཞིབ་ཚོགས་ཆུང་གི་ལས་ཀའི་ཚུར་ལན་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ཚོགས་ཆུང་བརྒྱད་པའི་ཙུའུ་ཀྲང་ལུའུ་ཁྲུན་ཧྥང་གིས་སྐོར་ཞིབ་ཚོགས་ཆུང་གི་ཚབ་ཞུས་ཏེ་ཟླ་6ཚེས་10ཉིན་ནས་ཟླ་7ཚེས་7ཉིན་བར་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཐད་སྐོར་ཞིབ་བྱས་ཚུལ་ཚུར་ལན་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ཚོགས་ཆུང་བརྒྱད་པའི་ཁོངས་མི་ཡོངས། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅང་ཅེ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། བདེ་སྐྱིད། སྐལ་བཟང་ཚེ་རིང་། རྒྱལ་མཚན། འཆི་མེད་རིག་འཛིན། ལིའུ་ཅང་། ཀྲང་ཡུང་ཙེ། ཀྲང་ཡན་ཆིང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
          ལུའུ་ཁྲུན་ཧྥང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང《བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ལག་བསྟར་གཏིང་ཟབ་བྱེད་པ་དང་སྦྲགས་སྤྱོད་གོ་ཆོད་པའི་ལག་བསྟར་བསམ་འཆར་ཡང་བཟོས་ཡོད། བདེ་འཇགས་ཐོན་སྐྱེད་དང་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བདེ་འཇགས་ངང་འཕེལ་རྒྱས་གཏོང་བའི་འདུ་ཤེས་ལག་བསྟར་ཧུར་ཐག་བྱེད་པ་དང་། བདེ་འཇགས་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་འགན་འཁྲིའི་མ་ལག་འཛུགས་རྒྱུར་ཕྱོགས་ཡོངས་ནས་སྐུལ་མ་གཏོང་བ། བདེ་འཇགས་ལྟ་སྐུལ་དོ་དམ་གྱི་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་གསར་གཏོད་ལ་སྐུལ་མ་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་ཧུར་ཐག་གཏོང་བ་དང་། ཁྲིམས་ལྟར་བདེ་འཇགས་སྲུང་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ལས་རིགས་ཀྱི་ཁྱབ་ཁོངས་གཙོ་བོའི་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་ངང་བྱེད་པ་བཅས་བྱས་པས་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་མོད།
          འོན་ཀྱང་མངོན་གསལ་དོད་པའི་གནས་དོན་དང་ཉམས་ཞན་ལྷུ་ཚིགས་ཁག་གཅིག་གནས་ཡོད་པས་ཚད་མཐོའི་མཐོང་ཆེན་བྱས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་ནས་ལེགས་བཅོས་བྱེད་དགོས་ངེས་ཡིན་ཏེ། གཅིག་ནི་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་པོ་མེད་པ་དང་གནོན་ཤུགས་བརྒྱུད་སྤྲོད་བྱ་རྒྱུ་མི་འདང་བ་དང་། གཉིས་ནི་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འཛིན་ནུས་པ་ཤུགས་ཆེན་པོ་མེད་པ་དང་ཁྲིམས་འཛིན་ནན་པོ་མེད་པའི་གནད་དོན་ལྷག་པ། གསུམ་ནི་རྨང་གཞིའི་ལས་ཀ་བལྟོས་བཅས་ཀྱིས་ཞན་པ། བཞི་ནི་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དམིགས་སར་མ་འབྱོར་བ་སོགས་ཡོད་ལུགས་བསྟན་ཡོད་པ་རེད།
          སྐོར་ཞིབ་ཚོགས་ཆུང་གིས་མུ་མཐུད་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ངོས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་འཛུགས་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ། རྨང་གཞིའི་དོ་དམ་དང་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ལ་ཁྲིམས་ལྟར་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།
          སྐོར་ཞིབ་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་སྐོར་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དག་ཐེར་གྱི་གསལ་ཐོ་བཟོ་བ། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། དག་ཐེར་བྱས་ཚུལ་སྙན་ཞུ་བྱེད་པ་བཅས་བྱས་ཏེ། ཟླ་9ཚེས་30ཉིན་གྱི་གོང་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ལ་སྐྱེལ་དགོས་པའི་བླང་བྱ་བཏོན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་ལྷན་ཁང་གིས་དུས་བསྟུན་གྱིས་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་སྒྲིག་འཛུགས་ཡོད་པའི་སྒོ་ནས་སྤེལ་ཏེ་གནད་དོན་དག་ཐེར་བྱས་ཚུལ་ཞིབ་བཤེར་བྱས་ཐོག་བཀོད་སྒྲིག་དམིགས་སར་མ་འཁྱོལ་བ་དང་། འགན་འཁྲི་ཁ་གསལ་པོ་མེད་པ། བྱེད་ཐབས་ནུས་ལྡན་མེད་པ། ལས་དོན་དོན་འཁྱོལ་མ་བྱས་པ་བཅས་ཀྱི་འབྲེལ་ཡོད་འགན་འཁྲིའི་ཚན་པ་དང་འགན་འཁྲི་ཁུར་མཁན་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་རེད།
          ཆེ་དགྲ་ལྷས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྐོར་ཞིབ་ཚོགས་ཆུང་བརྒྱད་པས་ས་གནས་ས་ཐོག་ཏུ་ཚུར་ལན་བྱས་པའི་གནད་དོན་ལ་དམིགས་ནས་རང་སྐྱོང་ལྗོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དག་ཐེར་ལས་དོན་གྱི་ཇུས་གཞི་དང་རྩིས་ཐོ་དུས་ཐོག་ཏུ་བཟོས་ནས་ལས་འགན་ཁག་བགོས་ཁ་གསལ་དང་དག་ཐེར་གྱི་མཐའ་མའི་དུས་ཚད་གཏན་འཁེལ་བྱས་ཡོད། ད་ཐེངས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ཚོགས་ཆུང་བརྒྱད་པས་དུས་འགོའི་ས་གནས་ས་ཐོག་ཏུ་ཚུར་ལན་བྱས་པའི་རྨང་གཞིའི་ཐོག་ཤེས་རྟོགས་བྱུང་བའི་གནད་དོན་ལ་དབྱེ་ཞིབ་ཞིབ་ཚགས་བྱས་ནས་གཅིག་སྡུད་ཐོག་ཚུར་ལན་བྱས་པའི་གནད་དོན་ལ་དམིགས་སའི་རང་བཞིན་དེ་བས་ཡོད་པ་བྱས་ཏེ་ང་ཚོས་ཆ་ཚང་དང་ལེན་གྱིས་དག་ཐེར་ནན་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཆེ་དགྲ་ལྷས་ནན་བཤད་གནང་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ཚོགས་ཆུང་བརྒྱད་པའི་ཚུར་ལན་བསམ་འཆར་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ཚུར་ལན་གྱི་གནད་དོན་དག་ཐེར་དོན་འཁྱོལ་ཡག་པོ་བྱེད་པར་གཤམ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཏེ། གཅིག་ནས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ་བསམ་བློའི་ངོས་འཛིན་དམིགས་སར་འཁྱོལ་བ་དང་། གཉིས་ནས་ནང་དོན་རེ་རེ་བཞིན་གསེད་བཀྲོལ་དབྱེ་ཞིབ་བྱས་ཏེ་གནད་དོན་དག་ཐེར་དམིགས་སར་འཁྱོལ་བ། གསུམ་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་དོན་འཁྱོལ་དམིགས་སར་འབྱོར་བ། བཞི་ནས་ཁྲིམས་སྐྱོང་དང་འགན་འཁྲི་བདའ་འདེད་ནན་པོ་བྱས་ནས་འགན་འཁྲི་འཁུར་རྒྱུ་དམིགས་སར་འཁྱོལ་བ་བཅས་ཀྱི་འགན་ལེན་བྱེད་དགོས། གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ལངས་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་པ་མ་ཟད། ཚད་མཐོའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཐོག་ནས་ནུས་ཤུགས་ཡོད་རྒུས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ནུས་ཤུགས་ཡོད་རྒུས་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གནད་ལས་འགན་ཁག་དོན་འཁྱོལ་བྱེད་པ། ཞི་མཐུན་དང་བརྟན་ལྷིང་གི་བདེ་འཇགས་ཐོན་སྐྱེད་ཁོར་ཡུག་ཧུར་ཐག་བཏོད་པ་བཅས་བྱས་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716