སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་ལྗོངས་སུ་ཡིག་བསྐུར་ངོ་བཅར་གྱི་ཡི་གེ་ཁག་དང་པོ་རྩིས་སྤྲད་པ།
སྤེལ་དུས། 2017-08-18   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཆོས་སྒྲོན།
          ཚེས་16ཉིན་གྱི་ཉིན་གུང་ཆུ་ཚོད་12དང་ཕྱེད་ཀར་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པའི་སྤྱི་ཁྱབ་མཐུན་སྦྱོར་པ་དབྱང་ཝུའེ་མིན་གྱིས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཞིབ་བཤེར་བསུ་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀྲང་ཡུང་ཙེར་བོད་ལྗོངས་ཀྱི་ཡིག་བསྐུར་ངོ་བཅར་ཁག་དང་པོ་རྩིས་སྤྲད་པ་རེད།
          ཟླ་8ཚེས་15ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་ལྟ་བཤེར་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་པ་མ་ཟད། སྤྱི་ཚོགས་ཐོག་ཐེར་འདོན་གོང་ཞུའི་ཁ་པར་དང་ཡིག་སྒམ་འཕྲལ་མར་ཡོངས་བསྒྲགས་བྱས་པ་རེད།
          ཚེས་16ཉིན་གྱི་ཆུ་ཚོད་12བར། ཐེར་འདོན་གོང་ཞུའི་ཁ་པར་14འབྱོར་བའི་ཁྲོད་ཀྱི་7ཐེར་འདོན་གོང་ཞུ། ནུས་ལྡན་ཡིན་པ་དང་7ནི་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་བློ་འདྲིའམ་ཡང་ན་ཐེར་འདོན་གོང་ཞུ་ནུས་མེད་ཡིན་པ་རེད།
          དབྱང་ཝུའེ་མིན་གྱིས་བོད་ལྗོངས་ཀྱིས་ལྟ་བཤེར་བྱེད་ཞོར་དུ་དག་ཐེར་བྱེད་དགོས་པའི་བླང་བྱ་གཞིར་བཟུང་། འཕྲལ་མར་ལས་འགན་དབྱེ་ཕྲལ་དང་། དག་ཐེར་གྱི་བླང་བྱ་བཏོན་པ། ལྟ་སྐུལ་ལ་སྐུལ་སློང་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གནད་དོན་མཐའ་དག་ཐག་གཅོད་ཐུབ་པ་དང་བརྡ་ལན་ཡོད་པ་བྱས་ཏེ་གནད་དོན་ཞིབ་བཤེར་གསལ་པོ་མ་བྱུང་བ་སྣང་མེད་དུ་མི་འཇོག་པ་དང་། དག་ཐེར་དམིགས་སར་མ་འཁྱོལ་བ་སྣང་མེད་དུ་མི་འཇོག་པ། འགན་འཁྲི་བདའ་འདེད་གནས་ལ་མ་འཁེལ་བ་སྣང་མེད་དུ་མི་འཇོག་པ། མང་ཚོགས་བློ་ཡིད་ཚིམས་པོ་མ་བྱུང་བ་སྣང་མེད་དུ་མི་འཇོག་པ་བཅས་གང་ཐུབ་བྱེད་པ་དང་ཆབས་ཅིག མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པ་དུས་ཐོག་ཏུ་ལྟ་བཤེར་ཚོགས་ཆུང་ལ་ཚུར་ལན་དང་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱིས་ཁོར་ཡུག་གནད་དོན་ལ་དོ་ཁུར་དང་རེ་སྒུག་བྱེད་པར་ལན་སློག་དགོས། གཅིག་ཤེས་ཀུན་གྲོལ་གྱིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཁོར་ཡུག་སྲུང་སྐྱོང་ཐད་གནས་པའི་གནད་དོན་འཚོལ་བཤེར་ནན་ཏན་བྱས་ཏེ་དག་ཐེར་བྱེད་ཤུགས་ཆེ་རུ་ཧུར་ཐག་བཏང་ནས་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་བ་བྱེད་ཀྱི་ཡོད།
          ཀྲང་ཡུང་ཙེས་རྩིས་སྤྲད་པའི་གྱོད་གཞིའི་གཞི་རྩའི་གནས་ཚུལ་དབྱེ་ཞིབ་བྱེད་སྐབས། ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གོང་ཞུ་མི་སེར་གྱི་བདེ་རྩར་ཐུག་པའི་ཁེ་ཕན་ཡིན་སྟབས། རང་སྐྱོང་ལྗོངས་ཞིབ་བཤེར་བསུ་བའི་གཞུང་ལས་ཁང་གིས་གསེད་བཀྲོལ་ནན་ཏན་བྱས་ཏེ་ལྟ་སྐུལ་བྱེད་ཞོར་དུ་དག་ཐེར་བྱེད་པའི་སྐོར་གྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ལས་ཀའི་བླང་བྱ་གཞིར་བཟུང་རྩིས་སྤྲད་པའི་ཡིག་བསྐུར་ངོ་བཅར་འཕྲལ་མར་བརྒྱུད་སྒྲུབ་དང་། ཞིབ་བསྡུར། ལས་སྒྲུབ། ཚུར་ལན་བཅས་བྱས་ཏེ་འགྱུར་མེད་ཀྱི་སྒྲིག་ལམ་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་གྱིས་དག་ཐེར་ལས་དོན་དམིགས་སར་འཁྱོལ་རྒྱུ་འགན་ལེན་བྱེད་ཚུལ་བསྟན་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716