སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་མཚོ་བོད་ས་མཐོར་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་ཐེངས་གཉིས་པ་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ།
སྤེལ་དུས། 2017-08-21   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།
ལིའུ་ཡན་ཏུང་གིས་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་སྟེ་ཚན་རིག་རྟོག་ཞིབ་ཞིབ་འཇུག་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་མ་ཟད། ཚན་ཞིབ་རུ་མིར་དར་ཆ་ཡང་སྤྲད་གནང་བ།
ཝུའུ་དབྱིང་ཅེ་དང་། པའེ་ཁྲུན་ལི། ཝང་ལི་མིང་བཅས་ཀྱིས་གསུང་བཤད་གནང་བ། བློ་བཟང་རྒྱལ་མཚན་དང་། ཅང་ཞའོ་ཅོན། ལིའུ་ཤུས། ཝང་ཧོ་ཧྲེང་། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཕེབས་པ། ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ།

          ཟླ་8ཚེས་19ཉིན་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་ཐེངས་གཉིས་པའི་འགོ་འཛུགས་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་འགོ་འཛུགས་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་གསུང་བཤད་གནང་སྟེ་ཚན་རིག་རྟོག་ཞིབ་ཞིབ་འཇུག་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཚན་ཞིབ་རུ་མིར་དར་ཆ་སྤྲད་གནང་ཞིང་། འདི་ནི་མཚོ་བོད་ས་མཐོར་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་ཐེངས་གཉིས་པའི་འགོ་འཛུགས་མཛད་སྒོའི་ཀྲུའུ་ཞི་སྡིངས་ཆ་ཡིན་པ།
          ཟླ་8ཚེས་19ཉིན་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་ཐེངས་གཉིས་པ་འགོ་འཛུགས་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་ཚན་རིག་རྟོག་ཞིབ་ནང་ཞུགས་མཁན་ཚན་ཞིབ་མི་སྣ་དང་། ན་གཞོན་སློབ་མ། འགན་ལེན་མི་སྣ་བཅས་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་འགོ་འཛུགས་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་སྟེ་ཚན་རིག་རྟོག་ཞིབ་ཞིབ་འཇུག་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་མ་ཟད། ཚན་ཞིབ་རུ་མིར་དར་ཆ་ཡང་སྤྲད་གནང་བ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་པའེ་ཁྲུན་ལི། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཝང་ལི་མིང་བཅས་ཀྱིས་འགོ་འཛུགས་མཛད་སྒོའི་ཐོག་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་ཅང་ཞའོ་ཅོན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཀྲང་གཞོན་པ་ལིའུ་ཤུས། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧོ་ཧྲེང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་འགོ་འཛུགས་མཛད་སྒོར་ཕེབས་པ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་འགོ་འཛུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
          ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག སའི་གོ་ལའི་སྣེ་གསུམ་པ། རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན། འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི།
          ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་བཅས་ཡིན། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཞིབ་འཇུག་ལས་དོན་སྤེལ་བ་དེས་མཚོ་བོད་ས་མཐོའི་ཁོར་ཡུག་གི་འགྱུར་ལྡོག་རྐྱེན་རྩ་གསལ་སྟོན་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་མ་ལག་ལེགས་སུ་བཏང་ནས་མཚོ་བོད་ས་མཐོ་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་སྤེལ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད། གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཅས་གཏོང་རྒྱུར་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་རེད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཚན་རིག་རྟོག་ཞིབ་ནང་ཞུགས་མཁན་ཚན་ཞིབ་མི་སྣ་དང་། གཞོན་ནུ་སློབ་མ། འགན་ལེན་མི་སྣ་ཡོངས་ཀྱིས་ཚན་རིག་མཁས་ཅན་རྒན་གྲས་ཀྱི་དཀའ་སྤྱད་འབད་འཐབ་དང་། མཐུན་སྒྲིལ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད། ཡང་རྩེར་འཛེགས་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཆུ་དང་། སྣོད་བཅུད། མིའི་རིགས་ཀྱི་བྱེད་སྒོ་བཅས་ལ་དམིགས་པ། མཚོ་བོད་ས་མཐོའི་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་། གནོད་འཚེའི་ཉེན་ཁ། ལྗང་མདོག་འཕེལ་རྒྱས་ཐབས་ལམ་སོགས་ཐད་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱས་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་དང་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་བསྐྲུན་རྒྱུར་ལེགས་སྐྱེས་ཕུལ་ཏེ་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་འཚོ་བ་སྔར་བས་བདེ་སྐྱིད་ཁམས་བདེ་ཡོང་བ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
          ལིའུ་ཡན་ཏུང་གིས་ཚན་རིག་རྟོག་ཞིབ་ནང་ཞུགས་པའི་ཚན་པ་དང་རུ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ། ཚན་རིག་རྟོག་ཞིབ་གོ་རིམ་ལྡན་པའི་ངང་སྤེལ་བ། ཕྱོགས་བསྡུས་ཞིབ་འཇུག་སྣོལ་མར་སྣང་ཆེན་བྱེད་པ། མཐུན་སྦྱོར་གསར་གཏོད་དང་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཚན་ཞིབ་ཀྱི་ཚད་བརྒལ་གསར་པ་ཧུར་ཐག་ཡོང་བ་བཅས་བྱས་ཏེ་མཚོ་བོད་ས་མཐོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།
          ཝུའུ་དབྱིང་ཅེས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་ཚན་རྩལ་ལོ་རྒྱུས་ཐོག་རྒྱང་རིང་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་གོ་ཚན་རིག་ཁང་སོགས་སྡེ་ཚན་དང་མཉམ་དུ་ནུས་ཤུགས་ཡོད་རྒུས་ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།
          པའེ་ཁྲུན་ལིས་ཚན་རིག་རྟོག་ཞིབ་ཚོགས་པས་ནན་ལ་དངོས་སྒྲུབ་ཀྱི་ཚན་རིག་རྣམ་འགྱུར་ཐོག་ནས་ལམ་ལུགས་ཀྱི་གདེང་ཚོད་འཛུགས་པ་དང་། བློ་ཁོག་ཆེན་པོས་ཚན་རིག་ཞིབ་འཇུག་གི་ཁ་ཕྱོགས་གསར་འབྱེད་བྱེད་པ། ཆུ་ཚད་མཐོ་བའི་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་སྔར་བས་མང་པོ་སྔོག་འདོན་བྱེད་པ། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། མཚོ་བོད་ས་མཐོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཝང་ལི་མིང་གིས་མཚོ་སྔོན་ཞིང་ཆེན་གྱིས་སྣོད་བཅུད་སྲུང་སྐྱོང་སྔོན་ལ་བྱེད་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཚན་རྩལ་པུའུ་དང་ཀྲུང་གོ་ཚན་རིག་ཁང་དང་བོད་རང་སྐྱོང་ལྗོངས་དབར་མཐུན་སྦྱོར་སྦྲེལ་མཐུད་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་གཞོགས་འདེགས་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
          འགོ་འཛུགས་མཛད་སྒོའི་ཐོག་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཡའོ་ཐན་ཏུང་གིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་ཐེངས་གཉིས་པའི་གཞི་རྩའི་གནས་ཚུལ་ངོ་སྤྲོད་གནང་བ་རེད།
          འགོ་འཛུགས་མཛད་སྒོ་མ་འཚོག་གོང་ལིའུ་ཡན་ཏུང་དང་བཅས་པ་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ལྷ་ས་པུའུ་རུ་གཟིགས་སྐོར་དུ་ཕེབས་པ་རེད། འགོ་འཛུགས་མཛད་སྒོ་འཚོགས་རྗེས་ལིའུ་ཡན་ཏུང་དང་བཅས་པས་རྒྱ་ཆེའི་ཚན་ཞིབ་མི་སྣ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
          ལྷ་སར་ཡོད་པའི་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་འགོ་འཛུགས་མཛད་སྒོར་ཕེབས་པ་རེད། ཀྲུང་གོ་ཚན་རིག་ཁང་གི་འབྲེལ་ཡོད་སྡེ་ཚན་དང་། རྒྱལ་ནང་གི་འབྲེལ་ཡོད་ཚན་ཞིབ་ཁང་། རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་དང་ཚན་ཞིབ་མི་སྣའི་འཐུས་མི་འགོ་འཛུགས་མཛད་སྒོར་ཞུགས་པ་རེད།
          མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་ཐེངས་གཉིས་པ་དེ་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡིས་སྣེ་ཁྲིད་ནས་མཚོ་བོད་ས་མཐོའི་ཆུ་དང་། སྣོད་བཅུད། མིའི་རིགས་ཀྱི་བྱེད་སྒོ་སོགས་ཁོར་ཡུག་གནད་དོན་ལ་རྟོག་ཞིབ་དང་ཞིབ་འཇུག་བྱ་རྒྱུ་དང་མཚོ་བོད་ས་མཐོའི་ཁོར་ཡུག་གི་འགྱུར་ལྡོག་ལས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཐད་ཤུགས་རྐྱེན་ཐེབས་ཚུལ་ལ་དབྱེ་ཞིབ་བྱས་ཏེ་མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་ནུས་པ་སྲུང་སྐྱོང་དང་མཐའ་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཇུས་གཞི་འདོན་རྒྱུ་རེད། དུས་རབས་གོང་མའི་ལོ་རབས་བདུན་ཅུ་པ་ནས་བཟུང་རང་རྒྱལ་གྱིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་དང་པོ་བྱས་ནས་ད་བར་ལོ་20ལྷག་ཙམ་ཕྱིན་པ་དང་ཚན་རིག་གི་དཔྱད་ཡིག་འབོར་ཆེན་གསོག་འཇོག་བྱས་ཏེ་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་དང་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་སྲ་ཞིང་བརྟན་པའི་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716