སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་སྤྱི་ལེ་གྲུ་བཞི་མ་ཁྲི་80ཡོད་པའི་ས་ཁོངས་ལ་སྲུང་སྐྱོབ་བཟང་བོ་བྱས་པ།
སྤེལ་དུས། 2017-08-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་གིས་བསྒྱུར།
སྔོན་མའི་བརྗོད་བྱང་།  བོད་ལྗོངས་ཀྱི་སྤྱི་ལེ་གྲུ་བཞི་མ་80ཡོད་པའི་ས་ཁོངས་ལ་བཀག་འགོག་དང་ཚོད་འཛིན་བྱས་ཏེ་དག་གཙང་གི་མཚོ་བོད་མཐོ་སྒང་ལ་སྲུང་སྐྱོབ་བྱེད་པ།
          ཟླ་8ཚེས་22ཉིན་ལྷ་ས་ནས་སྤེལ་བའི་གློག་འཕྲིན་ལྟར་ན།  ཧི་མ་ལ་ཡའི་རི་རྒྱུད་ཀྱི་བྱང་ཕྱོགས་ཀྱི་ལྷུན་རྩེ་གཙང་བོའི་རྒྱུད་ལ་སྔོ་ལྗང་གིས་ཡོངས་སུ་གཡོགས།  ཉེ་བའི་ལོ་འགའི་རིང་དུ་འདི་རུ་ས་མུའུ་ཁྲི་6.78ལ་སྡོང་འཛུགས་ནགས་བསྐྲུན་བྱས།  རིང་ཚད་ལ་སྤྱི་ལེ་40ལྷག་ཡོད་པའི་ནགས་ཁུལ་ཡོད་པར་མ་ཟད།  དུས་རབས་དུ་མའི་བྱེ་རླུང་གི་ཉེན་ཁ་ལས་གཡོལ་བ་དང་།  སྔོན་ཆད་གཙང་འགྲམ་དུ་རྡོ་དང་བྱེ་མའི་བཀང་ཞིང་རྩྭ་ཚུན་གང་མི་སྐྱེས།  ད་ལྟ་སྡོང་བོས་ནགས་ཚལ་གྲུབ་པས་མཁའ་དབུགས་ཀྱང་གཙང་མར་གྱུར། བོད་ལྗོངས་ལྷུན་རྩེ་རྫོང་གི་ལོ་61ལ་སླེབས་པའི་ནགས་སྲུང་བ་ཚེ་རིང་དབང་འདུས་ཀྱིས་དེ་ལྟར་བཤད།
          བོད་ལྗོངས་ནི་ཆ་སྙོམས་ཀྱི་མཚོ་ངོས་ལས་སྨིད་4000ཡན་ཡོད་ལ། རི་སྐྱེས་ཀྱི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས།  ཆུའི་ཐོན་ཁུངས་དང་གཏེར་རྫས་ཀྱི་ཐོན་ཁུངས་སོགས་རང་རྒྱལ་གྱི་སྐྱེས་ཁམས་བདེ་འཇགས་ཀྱི་ས་ཁོངས་གཙོ་བོར་གྱུར།  མཐོ་སྒང་གི་སྐྱེས་ཁམས་ཁོར་ཡུག་གི་གནས་བབ་གཙོག་པོར་ཆགས་ཤིང་།  ལྷག་པར་དུ་གོ་ལ་ཡོངས་ཀྱི་གནམ་གཤིས་ཇེར་དྲོད་གྱུར་བ་དང་། སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་ཡང་དཀའ་ཚེགས་ཅན་དུ་གྱུར།
          ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ཚོགས་ཚུན། བོད་ལྗོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་སྐབས་དྲུག་པའི་བོད་ལྗོངས་ཀྱི་བྱ་བའི་གྲོས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་སྙིང་སྟོབས་དངོས་འབེབས་རྒྱུན་འཁྱོངས་བྱས་པ་དང་། སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཨང་དང་བོ་བཞག་སྟེ།  རང་ཉིད་ཀྱི་མིག་ལ་སྲུང་བ་བཞིན་སྐྱེས་ཁམས་ཁོར་ཡུག་ཀྱང་དེ་ལྟར་སྲུང་དགོས་པར་རྟོགས།  
          རྒྱལ་ཁབ་ཀྱི་སྐྱེས་ཁམས་བདེ་འཇགས་སྲ་བརྟན་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཚད་མཐོའི་འཆར་འགོད་ལ་ཤུགས་སྣོན་དང་ལམ་ལུགས་འཛུགས་བསྐྲུན་ནི་གནད་ས་རུ་བཟུང་སྟེ། བོད་ལྗོངས་ཀྱིས་བཀག་འགོག་བྱེད་པའི་སྤྱི་ལེ་གྲུ་བཞི་མ་ཁྲི་80ཡོད་པའི་ས་ཁོངས་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། ལྗོངས་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི་70%ཟིན།  དེའི་ཁྲོད་སྤྱི་ལེ་གྲུ་བཞི་མ་ཁྲི་41སྟེང་དུ་འཛུགས་བསྐྲུན་བྱས་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་61འཛུགས་བསྐྲུན་བྱས་ཡོད།
          ཉེ་བའི་ལོ་འགའི་རིང་དུ། བོད་ལྗོངས་ཀྱི་གོམ་གང་མདུན་སྤོས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་བ་དང་།  སྔ་གཞུག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་དང་གཤེར་ས་སྲུང་སྐྱོབ་སྲོལ་ཡིག  སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐྱོང་དོ་དམ་ཐབས་བཀོད། གཏེར་རྫས་ཐོན་ཁུངས་ལྟ་ཞིབ་དོ་དམ་ཐབས་བཀོད་སོགས་30ལྷག་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྲིད་གཞུང་གིས་གཏན་འབེབས་བྱས།  རྣོ་ལྕགས་དང་བཙོ་སྦྱང་། རྫས་འགྱུར།  ཤོག་བཟོ་སོགས་ཁོར་ཡུག་ལ་འབག་གཙོག་བཟོ་བའི་ཉེན་ཁའི་རང་བཞིན་ལྡན་པའི་ལས་གཞི་བོད་ལྗོངས་སུ་སྤེལ་བར་བཀག་འགོག་ཤུགས་ཆེན་བྱས་ཤིང་།  གཏེར་རྫས་ཐོན་ཁུངས་སྔོག་འདོན་ལ་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྕགས་སྨྱུག་གཅིག་གིས་ཆོག་མཆན་དང་འདེམ་ཤོག་གཅིག་གིས་མཐར་འདེད་བྱེད་པའི་ལམ་ལུགས་ལག་བསྟར་བྱས།  བོད་ལྗོངས་ཀྱིས་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་ཆེས་ཆེ་བའི་དབང་ཤུགས་ཀྱི་ལྟེ་བར་བཞག་པར་མ་ཟད།  ལྗོངས་ཡོངས་ཀྱི་རྫོང་དང་ཁུལ་74ཡིས་སྲིད་གཞུང་གིས་སྲིད་ཕྱོགས་ཀྱི་ལོ་མཇུག་གི་དཔྱད་བསྡུར་བྱ་བར་བཞག
          སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དམངས་བདེ་དམངས་ཕན་གྱི་བྱ་བར་ཐག་གཅོད་བཟང་བོ་བྱས།  བོད་ལྗོངས་ཀྱི་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ལ་ལས་གནས་ཁྲི་70ལྷག་གི་སྐྱེས་ཁམས་ཁ་གསབ་ལས་རྐང་མཁོ་སྤྲོད་བྱས་པ་དང་།  ད་ལོར་ལས་གནས་འདི་དག་གི་མི་རེར་ལོ་རེའི་ཁ་གསབ་མ་དངུལ་སྒོར་3000མཐོར་འདེགས་སུ་བཏང་།  མེས་པོ་གྲངས་མེད་ཀྱིས་རི་ལ་བརྟེན་ནས་རིས་རང་ཁ་གསོས་པ་དང་།  ཆུ་ལ་བརྟེན་ནས་ཆུས་རང་ཁ་གསོས་པའི་ཞིང་འབྲོག་མང་ཚོགས་ཀྱིས་རི་དྭགས་རྔོན་པ།  ཤིང་གཅོད་པ་སོགས་ཀྱི་ལས་ཀ་བསྐྱུར་ནས་མཐོ་སྒང་གི་སྐྱེས་ཁམས་སྲུང་སྐྱོབ་པར་གྱུར། ད་ལོ་ནས་བཟུང་།  བོད་ལྗོངས་ཀྱི་སྡོད་དམངས་མཚོ་ངོས་ལས་སྨིད་4500ཡན་གྱི་སྐྱེས་ཁམས་ནུས་ལྡན་ཁུལ་དུ་གནས་པའི་ཞིང་འབྲོག་མང་ཚོགས་སྐྱེས་ཁམས་ཡུལ་སྤོར་བར་དངོས་འབེབས་བྱས་ལ། ལོ་3གྱི་འཆར་གཞི་ལྟར་ཧ་ལམ་མི་འབོར་ཁྲི་13གནས་སྤོར་རྒྱུ་རེད། སྐྱེས་ཁམས་དོ་མཉམ་གྱི་བར་སྟོང་ཆེན་པོ་ཞིག་བསྐྲུན་རྒྱུ་ཡིན་པར་མ་ཟད།  འཛམ་གླིང་ཡང་རྩེ་ཡི་རི་སྐྱེས་སྲོག་ཆགས་དང་སྐྱེས་དངོས་ལ་རང་དབང་གི་དབུགས་སྩོལ་རྒྱུ་རེད།
          འཛམ་གླིང་གི་མཇུག་མཐའི་དག་གཙང་གི་ཞིང་ཁམས་སྲུང་སྐྱོབ་བྱེད་ཆེད།  བོད་ལྗོངས་ཀྱིས་སྐྱེས་ཁམས་སྲུང་སྐྱོབ་ལ་ལག་རྗེས་ཆེན་པོ་བཞག་པར་མ་ཟད།  འདས་པའི་ལོ་10ནང་དུ།  བོད་ལྗོངས་ཀྱི་གཤེར་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་52.42རྒྱ་བསྐྱེད་པ་དང་།  བྱེ་འགྱུར་ཅན་གྱི་ས་རྒྱ་ཁྱོན་སྤྱི་ཆིང་ཁྲི་10.71ཇེ་ཉུང་དུ་བཏང་།  བོད་ཀྱི་རི་དྭགས་གཙོད་1995ལོའི་གྲངས་འབོར་ཁྲི་6ད་ལྟ་ཧ་ལམ་ཁྲི་20ལ་འཕར་བ་དང་།  འཇིག་ཉེན་ཆེ་བའི་བོད་ལྗོངས་ཀྱི་ཤྭ་བ་སེར་ཆེན་གྱི་གྲངས་འབོར་ཁྲི་1000བར་བརྒལ་བྱས།  བོད་ལྗོངས་ཀྱི་གྲོང་ཁྱེར་གཙོ་བོའི་མཁའ་དབུགས་ཀྱི་སྤུས་ཀ་ཆ་སྙོམས་ཀྱིས་ 90%ཡན་གཙང་བཟོ་བྱས་སོ།།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716