སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ས་གནས་སོ་སོས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ལེགས་བཅོས་བྱས།
སྤེལ་དུས། 2017-08-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་གིས་བསྒྱུར།
          ཉིན་འགའི་རིང་དུ།  བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་གནས་སོ་སོས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་བཅོས་སྐྱོང་ཚན་ཆུང་གིས་བཏོན་པའི་ཁོར་ཡུག་ལེགས་བཅོས་ནི་ལོ་རྒྱུས་ཀྱི་དུས་སྐབས་ཡག་པོ་ཞིག་ཏུ་མཐོང་སྟེ།  ཕྱོགས་གཅིག་ནས་ལྟ་སྐུལ་དང་ཕྱོགས་གཅིག་ནས་བཅོས་སྐྱོང་བྱས་པ་དང་།  མང་ཚོགས་ཀྱིས་སེམས་ཁུར་དང་ལྟ་སྐྱོང་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ལ་ལེགས་བཅོས་སྐུལ་འདེད་བྱས།  
          ལྷ་སས་སྲིང་བལ་བཙོག་པོ་བཟོ་བ་ལྟ་སྐུལ་ལེགས་བཅོས་བྱས་པ།  
          ལྷ་སས་སྲིང་བལ་བཙོག་པོ་བཟོ་ལ་ལྟ་སྐུལ་བྱས་ཏེ།  ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་བཅོས་སྐྱོང་ཚན་ཆུང་གིས་ཁོར་ཡུག་བཙོག་པོའི་གནད་དོན་གྱི་ཡིག་ཆ་འབྱོར་རྗེས།  ལྷ་ས་གྲོང་ཁྱེར་གྱིས་ཚད་མཐོའི་སྒོ་ནས་མཐོང་ཆེན་བྱས་པར་མ་ཟད།  མྱུར་དུ་འགུལ་བསྐྱོད་སྣ་མང་སྤེལ་ནས་མང་ཚོགས་ཀྱིས་གཏུག་བཤེར་བྱས་པའི་གནད་དོན་ཐག་གཅོད་བྱས་པ་དང་མཉམ་དུ།  གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ཁྲོད་ནས་ཐུན་མོང་གིས་རྟོག་དཔྱོད་ནན་མོ་བྱས། གླ་གཏོང་མཛོད་ཁང་༢༥༨ཀྱི་དུད་ཁྱིམ་གྱི་ཚོང་རྫས་ཚོང་གཉེར་གྱི་གནས་ཚུལ་དང་དུད་ཁྱིམ་༡༡གྱིས་སྲིང་བལ་ལས་སྣོན་བྱེད་པའི་བཟོ་ཁང་ལ་རྟོག་དཔྱོད་ནན་མོ་བྱས།  སྲིང་བལ་བཙོག་པོ་ལས་སྣོན་བྱེད་པའི་དུད་ཁྱིམ་གྱི་བཟོ་ཁང་༣རྙེད་པ་དང་།  དུད་ཁྱིམ་གཅིག་གི་མིང་ལ “ཡོང་ཧྥེ་སྲིང་བལ་ལས་སྣོན་”ཞེས་པའི་བཟོ་ཁང་ཞིག་གི་སྒོ་བརྒྱབ་པ་དང་།  བཅའ་ཁྲིམས་ལྟར་ཐོན་སྐྱེད་གཏན་འགོག་བྱས།  དེ་དང་མཉམ་དུ་སྲིང་བལ་ལས་སྣོན་གྱི་འབྲེལ་ཡོད་མི་སྣ་དག་ལ་སློབ་གསོ་བཏང་བ་དང་།  མངགས་ཉོ་རྩིས་ཐོ་དང་ཚོང་གཉེར་ཚད་གཞི་ཅན་དུ་བཏང་སྟེ།  《འགན་ལེན་ཡི་གེ་》ལ་མིང་རྟགས་བཀོད་དུ་བཅུག  ཡུལ་དངོས་ནས་ལྟ་སྐུལ་ལེགས་བཅོས་བཟང་བོ་བྱས་པར་མ་ཟད།  སྲིང་བལ་བཙོག་པོ་ཚོང་ར་ནས་ཁྱིམ་ཚང་དུ་ཐོན་པ་མངོན་འགོག་བྱས།  སྲིང་བལ་གྱི་གནད་དོན་ལ་དག་ཐེར་དང་ལེགས་བཅོས།  སྙོམས་སྒྲིག  ཁྲིམས་ལྟར་དོ་དམ་ཡག་པོ་བྱས་པ་རེད།  
          གཞིས་ཀ་རྩེ་ནས་བྱེ་མ་གང་འདོད་དུ་འདོན་པ་ལེགས་བཅོས་བྱས།
          གཞིས་ཀ་རྩེ་ནས་འགོ་ཁྲིད་གཙོ་བོའི་འོས་འགན་ལམ་ལུགས་དངོས་འབེབས་རྗེས་འདེད་བྱས་པ་དང་།  བྱེ་མ་སྔོག་འདོན་ལ་ཆེད་དམིགས་ཀྱི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས། རིམ་པ་སོ་སོའི་འོས་འགན་ལག་བསྟར་དང་མཐའ་འཁྱོལ་བྱས་པ་རེད།  《ཡར་ཀླུང་གཙང་བོའི་འགྲམ་རྒྱུད་ཀྱི་བསམ་འགྲུབ་སྒང་ས་ཁུལ་གྱི་གཙང་ཤུལ་གྱི་བྱེ་མའི་དོ་དམ་འཆར་གཞི་》 ཞེས་པ་གཏན་འབེབས་ངོས་གཙང་བྱས་པར་མ་ཟད།  གཏན་འགོག་ས་ཁུལ་གཏན་ཁེལ་ལེགས་པོ་བྱས།  གཙང་བོའི་རྒྱུད་ཀྱི་བྱེ་མ་འོས་མཚམས་ཀྱིས་འཆར་འགོད་སྔོག་འདོན་བྱས་པ་དང་།  ཁྲིམས་ལྟར་ཡར་ཀླུང་གཙང་བོའི་རྒྱུད་ཀྱི་བྱེ་མ་སྔོག་འདོན་བྱེད་མཁན་༡༤གཏན་འགོག་བྱས།  མ་དངུལ་སྒོར་ཁྲི་༢༤.༥སྤྱད་དེ་བྱེ་མ་ལེན་སར་ལྕགས་ར་འཐེནཔ་དང་།  ཉེན་བརྡའི་བྱང་བུ་༡༥བཀལ་བ།  གཞི་རྒྱ་ཆེ་བའི་བྱང་བུ༤བཟོས་པ་དང་།   ཟུར་གསུམ་ཀ་བ་༦༨༠བཙུགས།  མ་དངུལ་སྒོར་ཁྲི་༢༥༠༠བཏང་སྟེ་ དུང་དཀར་ཤང་གི་བྱེ་མ་ལེན་སའི་སྐྱེས་ཁམས་ལེགས་བཅོས་བྱས།  སྡོང་བཙུགས་ནགས་བསྐྲུན་གྱི་འོས་འགན་བྱ་བཞག་སྤེལ་བ་དང་ཏང་ཡོན་གྱི་མུའུ་༡༥༠ནགས་སར་བསྒྱུར་ནས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱས།  
          ལྷོ་ཁས་གྲོང་ཁྱེར་གྱི་ནད་ཡམས་གཙང་སེལ་བྱས།  
          ལྷོ་ཁ་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་ནམ་རྒྱུན་སེམས་ཁུར་བྱེད་པའི་སྡོད་གནས་ཀྱི་གང་སར་རི་མོ་གང་འདོད་དུ་འབྲི་བ།  ཕྱི་རོལ་གྱི་བརྡ་ཁྱབ་སྣ་མང་།  རླངས་འཁོར་གང་འདོད་ལྟར་འཇོག་པ།  གཞུང་ལམ་བཟུང་སྟེ་ཚོང་གཉེར་བ།  ཁྲིམས་འགལ་གྱིས་ས་ལས་རྡོ་ལས་བྱེད་པ།  སྒྲ་བཙོག་པོས་སེམས་ཅན་ལ་གནོད་སྐྱེལ་བ་དང་ཕྱུགས་ཟོག་གང་སར་གཏོང་བ་སོགས་ཀྱི་གྲོང་ཁྱེར་གྱི་ནད་ཡམས་བཅོས་སྐྱོང་ལེགས་སྒྲིག་བྱས།  “ཏང་གི་སྐབས་བཅུ་དགུ་བསུ་བ་དང་།  མཛེས་སྡུག་གི་ལྷོ་ཁ་བསྐྲུན་པ་ ”ཞེས་པའི་བརྗོད་གཞི་གཏན་འབེབས་བགྱིས་ཏེ།  ཁོར་ཡུག་ལེགས་བཅོས་བྱ་འགུལ་སྤེལ།  མིག་སྔར་ཁྲིམས་འགལ་གྱི་སྒོ་བྱང་མང་བོ་མེད་པར་བཟོས་པར་མ་ཟད།   འཐེན་བྱང་༡༨༠བླངས་པ་དང་འཛུགས་བསྐྲུན་སྙིགས་རོ་མང་བོ་གཙང་བཟོ་བྱས།  བཟོ་བསྐྲུན་ས་རྡུལ་རྒྱ་དཔངས་གྲུ་བཞི་༨༠མེད་པར་བཏང་།  འཛིན་ཡིག་མེད་པའི་ལྗོངས་རྒྱུ་ཚོང་བ་༣༥གཏན་འགོག་བྱས་ལ།  ཚོང་གཉེར་ཁང་༣༥༠ཚད་ལྡན་དང་ལེགས་བཅོས་བྱས།  ཁྲིམས་ལྟར་ཐོ་འགོད་བྱས་ཏེ་གཞུང་ལམ་བཟུང་བའི་ཚོང་གཉེར་དངོས་རྫས་༡༢༠བླངས།  འདི་ལྟར་མང་ཚོགས་ཀྱི་སྡོད་ཁུལ་གྱི་ཁོར་ཡུག་ལེགས་བཅོས་བྱས་པར་མ་ཟད།  ས་གནས་ཀྱི་ཁོར་ཡུག་མིང་དོན་དང་མཚུངས་པར་གཙང་བཟོ་བྱས་པ་རེད། 
          ཉིང་ཁྲིས་བྱེ་མའི་ཚོང་ར་ལེགས་བཅོས་སྙོམས་སྒྲིག་བྱས།  
          ཉིང་ཁྲི་གྲོང་ཁྱེར་གྱིས་གཙང་བོའི་རྒྱུད་དུ་བྱེ་མ་སྔོག་འདོན་བྱེད་པ་སོགས་ཀྱི་ཡིག་ཆ་གཏན་ཁེལ་ཁྱབ་སྒྲོག་བྱས།  བྱེ་མ་སྔོག་འདོན་ལེགས་བཅོས་དང་བྱེ་མའི་ཐོན་ཁུངས་ལེགས་བཅོས་བྱས་ཏེ།  བྱ་བའི་ཆེད་ལས་ཁག་༤བསྐྱར་གསོ་བྱས་པ་དང་རྡོ་བྱེ་མའི་བཟོ་གྲྭ་དང་ས་ཁུལ་མང་བོ་ཁྱོན་ཡོངས་ནས་བཅོས་སྐྱོང་སྙོམས་སྒྲིག་བགྱིས་ནས་ཁྲིམས་མཐུན་གྱིས་སྒོ་བྱང་བཀལ་ཏེ་ལྟ་སྐུལ་བྱས་པ་རེད།  མིག་སྔར་གྲོང་ཁྱེར་ཡོངས་སུ་རྡོ་བྱེ་མའི་ཚོང་ར་སོགས་ཁྱབ་ཁོངས་ཀྱི་གནད་དོན་ཡོངས་རྫོགས་བཅོས་སྐྱོང་ལེགས་སྒྲིག་བྱས་པར་མ་ཟད།  གྲོང་ཁྱེར་ཡོངས་ཀྱི་བྱེ་རྡོ་འདོན་ས་༢༤༦ཡོད་པ་བཅོས་སྐྱོང་ལེགས་སྒྲིག་གི་རྗེས་སུ་བྱེ་རྡོ་འདོན་ས་༧༠རུ་བཏང་བ་དང་།  ཚོང་རྫས་ཨར་འདམ་བརྫི་ས་༣༢ཡོད་པ་བཅོས་སྐྱོང་ལེགས་སྒྲིག་གི་རྗེས་སུ་༢༢ལ་བཏང་། རྡོ་སོལ་བཙོང་ས་༡༠ཡོད་པ་དེ་བཅོས་སྐྱོང་ལེགས་སྒྲིག་གི་རྗེས་སུ་༢ལ་བཏང་བས།  ལུགས་དང་མི་མཐུན་པའི་ཁོར་ཡུག་གི་གནད་དོན་དང་ཐོན་སྐྱེད་ཚོང་གཉེར་སྒྲིག་ལམ་ཅན་དང་ཚད་ལྡན་ཅན་དུ་བཏང་སྟེ།  བོད་ལྗོངས་ཀྱི་རང་བྱུང་ཁོར་ཡུག་དང་མི་དམངས་ཀྱི་སྡོད་གནས་ཀྱི་མཁའ་དབུགས་གཙང་བཟོ་དང་གྲོང་ཁྱེར་ལྗང་བཟོ་ཡག་པོ་བྱས་སོ། །
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716