སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ཧོ་པེའི་སའེ་ཧན་ཐང་ནགས་ར་འཛུགས་སྐྲུན་པའི་མི་སེམས་འགུལ་བའི་བྱས་རྗེས་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།
སྤེལ་དུས། 2017-08-30   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  བསོད་དབང་གིས་བསྒྱུར།
རྒྱུན་སྲིང་ལྷོད་མེད་ངང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གྲུབ་པ་བྱེད་དགོས་པའི་ནན་བཤད་གནང་བ།
          ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་པེའི་སའེ་ཧན་ཐང་ནགས་ར་འཛུགས་སྐྲུན་པའི་མི་སེམས་འགུལ་བའི་བྱས་རྗེས་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ལོ་55ཡི་རིང་ཧོ་པེའི་སའེ་ཧན་ཐང་ནགས་རའི་འཛུགས་སྐྲུན་པ་ཚོས་ཏང་གི་འབོད་སྐུལ་དང་ལེན་ཞུས་ནས“བྱེ་རླུང་གང་སར་ལྡང་བ་དང་། བྱ་བྱིའུ་འབབ་སའི་ལྗོན་ཤིང་མེད་པའི”མྱ་ངམ་ཐང་དུ་དཀའ་སྤྱད་འབད་འཐབ་དང་ལེགས་སྐྱེས་འབུལ་སེམས་ཀྱིས་ཐང་རྒོད་ནགས་ཚལ་དུ་བསྒྱུར་བའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་གཏོད་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མངོན་པ་བྱེད་པ་བཅས་བྱས་ཏེ་འགན་འཁྲི་བློ་ལ་བརྟན་པོ་ངེས་པ་དང་། དཀའ་སྤྱད་ལས་གཏོད་བྱེད་པ། ལྗང་མདོག་འཕེལ་རྒྱས་གཏོང་བ་བཅས་ཀྱི་སའེ་ཧན་ཐང་གི་སྙིང་སྟོབས་བཏོད་ཡོད། ཁོང་ཚོའི་བྱས་རྗེས་ནི་མི་སེམས་འགུལ་བ་ཞིག་ཡོད་པས་དེ་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་རེད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་སའེ་ཧན་ཐང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱུན་སྲིང་ལྷོད་མེད་ངང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། མི་རབས་ནས་མི་རབས་བར་འབད་བརྩོན་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་བྱེད་པ། སྙིང་རུས་གཏན་འཁྱོངས་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གྲུབ་པ་བྱེད་པ། རླབས་ཆེན་མེས་རྒྱལ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ་ཕ་ཚ་བུ་རྒྱུད་ལ་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱི་ཁོར་ཡུག་མཛེས་པོ་ཞིག་འཇོག་དགོས་པའི་ནན་བཤད་གནང་བ་རེད།
          ཚེས་28ཉིན་ཧོ་པེའི་སའེ་ཧན་ཐང་ནགས་རའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་མཚོན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལིའུ་ཆི་པའོ་ཡིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སའེ་ཧན་ཐང་གི་ནགས་ར་འཛུགས་སྐྲུན་གྱི་ལག་ལེན་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་དགོངས་པ་གལ་ཆེན་གསོན་ཉམས་ལྡན་པའི་ངང་མཚོན་པ་ཞིག་ཡིན་པས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་སའེ་ཧན་ཐང་གི་ནགས་ར་འཛུགས་སྐྲུན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་ཁྱབ་སྤེལ་གཏོང་བ་དང་། སའེ་ཧན་ཐང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་སུ་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་བརྟེན་པ་བཅས་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།
          སའེ་ཧན་ཐང་དེ་ཉིད་ཧོ་པེ་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས་པ་དང་དེ་སྔ་མུ་མཐའ་མེད་པའི་ཐང་རྒོད་ཅིག་ཡིན་པ་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་ཚུན་དུ་སའེ་ཧན་ཐང་གི་ནགས་སྲུང་བ་མི་རབས་གསུམ་གྱིས་གཞོམ་ཞིག་མེད་པའི་བློ་སྟོབས་དང་ཕམ་ཉེས་ལ་ནམ་ཡང་གཉའ་མི་ཞུམ་པའི་འགན་འཁྲི་ཁུར་སེམས་ཀྱི་ཐོག་ནས་ཤིང་འཛུགས་ནགས་བཟོ་མཐའ་འཁྱོངས་བྱས་ནས་མུའུ་ཁྲི་བརྒྱ་ཟིན་པའི་མི་བཟོས་ནགས་ཚལ་བསྐྲུན་ཡོད་པ་རེད། ད་ཆ་སའེ་ཧན་ཐང་གིས་ལོ་ལྟར་པེ་ཅིང་དང་ཐེན་ཅིན་ཁུལ་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་1.37སྐྱེལ་གཏོང་བྱེད་པ་དང་། གསོ་རླུང་ཏུན་ཁྲི་55འདྲེན་གཏོང་བྱེད་ཀྱི་ཡོད་པས། པེ་ཅིང་དང་ཐེན་ཅིན་གྱི་ཁོར་ཡུག་སྲུང་སྐྱོང་གི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716