སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
སྤེལ་དུས། 2017-09-07   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ལྕགས་བྱམས་ཀྱིས་བསྒྱུར།
2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཐུན་མོང་ཐོག་དོན་འཁྱོལ་དང་རྒྱ་ཁྱབ་ཀྱི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་བཙུགས་ནས་ལག་གདང་སྦྲེལ་ཏེ་དྲང་གཞག་དང་། སྒོ་འབྱེད། ཕྱོགས་ཡོངས། གསར་གཏོད་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གཏོད་དགོས་པའི་ནན་བཤད་གནང་བ།
ཟླ་9ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མོན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་སུ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

          ཟླ་9ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མོན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་སུ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་པར་ཙིར་གྱི་ཙུང་ཐུང་ཐེ་མེར་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་བཅས་དང་དེ་བཞིན་གླེང་མོལ་ཚོགས་འདུར་གདན་ཞུ་བྱས་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་། ཀི་ནེ་ཡའི་ཙུང་ཐུང་ཁུང་ཏའེ། མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་། ཐེ་ལན་གྱི་ཙུང་ཐུང་པ་ཡུས་བཅས་གླེང་མོལ་ཚོགས་འདུར་ཕེབས་ཤིང་། འདི་ནི་གླེང་མོལ་ཚོགས་འདུ་མ་འཚོག་གོང་ཞི་ཅིན་ཕིང་དང་གླེང་མོལ་ཚོགས་འདུར་ཕེབས་པའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་མཉམ་བཞུགས་སྐུ་པར་སྐྱོན་པའི་གནས་ཚུལ་ཡིན་པ།
          ཤིན་ཧྭ་གསར་འགྱུར་ཁང་ཞ་མོན་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མོན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་སུ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཕྱོགས་ཁག་གིས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་ཐུན་མོང་ཐོག་བསྐྲུན་དགོས་པ་དང་། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཐུན་མོང་ཐོག་དོན་འཁྱོལ་བྱེད་པ། འཛམ་གླིང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་གི་ལོ་རྒྱུས་ཀྱི་གོ་སྐབས་ཐུན་མོང་ཐོག་སྟངས་འཛིན་བྱེད་པ། རྒྱ་ཁྱབ་ཀྱི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་བཙུགས་ནས་ལག་གདང་སྦྲེལ་ཏེ་དྲང་གཞག་དང་། སྒོ་འབྱེད། ཕྱོགས་ཡོངས། གསར་གཏོད་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གཏོད་དེ་འཛམ་གླིང་གི་དཔལ་འབྱོར་འཕར་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
          རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས“གཉིས་ཕན་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་རྒྱུ་གཙོ་རྐང་དུ་བྱས་ཏེ“རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ”དང“རྒྱ་ཁྱབ་ཀྱི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི”ཐད་སྤེལ་རེས་གཏིང་ཟབ་གནང་བ་དང་འབྲེལ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་དང་ལྷོ་ལྷོ་མཉམ་ལས་ཀྱི་ཇུས་ཆེན་ལ་ལྷན་དུ་གྲོས་བསྡུར་གནང་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད་པ་རེད།
          ཞི་ཅིན་ཕིང་གིས《གཉིས་ཕན་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འགོ་ཁྲིད་མི་སྣ་ཞལ་འཛོམས་གནང་རིང་འབོ་གསེར་རྒྱལ་ཁབ་ཀྱིས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གདན་དྲངས་ནས་འབྲེལ་གཏུག་སྤེལ་རེས་བྱས་ཡོད། གླེང་མོལ་དེ་རིགས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་པ་ཡོད་ལ་འབོ་གསེར་གྱི་ལམ་སྲོལ་རང་ངོས་འཕེལ་རྒྱས་ལའང་ཕན་པ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས་དུས་རབས་གསར་པར་སླེབས་ཚུན་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་དུས་གཅིག་ཏུ་གོང་འཕེལ་ཕྱིན་ནས་ལྡོག་ཏུ་མེད་པའི་དུས་རབས་ཀྱི་རླབས་རྒྱུན་ཞིག་ཏུ་གྱུར་ཡོད།
          ང་ཚོས་དུས་བབ་གསར་པའི་མདུན་དུ་འཕྱར་བ་གྲུ་འདེགས་དང་ཡིད་ཆེས་བརྟན་གཏོང་གིས་ལག་གདང་སྦྲེལ་ནས་འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་བཏོད་དེ་འཕེལ་རྒྱས་དེ་བས་ཆེ་བ་ཧུར་ཐག་ཡོང་བ་བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
          དེའང་གཅིག་ནས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་ཐུན་མོང་ཐོག་སྐྲུན་དགོས། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་ཏེ་དཔལ་འབྱོར་གོ་ལ་ཅན་དུ་གྱུར་ནས་ཁོང་ཡངས་དང་ཀུན་ཕན་གྱི་དོ་སྙོམས་སླར་ཡང་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས། མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྐབས་བཅུ་གཅིག་པའི་པུའུ་ཀྲང་རིམ་པའི་ཚོགས་འདུར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་ཏེ་ཧའི་འཕེལ་རྒྱས་ཀྱི་རེས་སྐོར་གསར་པའི་གྲོས་དོན་ལྷག་མར་སྐུལ་འདེད་གཏོང་བ་དང་འབྲེལ་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་འཕེལ་རྒྱས་ཡོང་ཆེད་ཁ་ཕྱོགས་གསལ་སྟོན་བྱེད་དགོས།
          གཉིས་ནས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཐུན་མོང་ཐོག་དོན་འཁྱོལ་བྱེད་དགོས། རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་རྒྱལ་ཁབ་དེ་གའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱས་ཏེ་དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་མཐུན་སྦྱོར་མཉམ་སྒྲུབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་མགྱོགས་མྱུར་བྱེད་དགོས།
          གསུམ་ནས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་གི་ལོ་རྒྱུས་ཀྱི་གོ་སྐབས་ཐུན་མོང་ཐོག་སྟངས་འཛིན་བྱེད་དགོས། གསར་གཏོད་ཕོད་པ་དང་སྒྱུར་བཅོས་ཕོད་པ་བྱས་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་ནང་ཐོན་སྒུལ་ཤུགས་སྔོག་འདོན་བྱེད་དགོས་པ་དང་དུས་མཚུངས་དམངས་འཚོ་འགན་ལེན་དང་ལེགས་བཅོས་ལ་མཐོང་ཆེན་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་། ཉམས་མྱོང་སྤེལ་རེས། འཇོན་ཐང་ཆེར་གཏོང་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་དགོས།
          བཞི་ནས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཁྱབ་ཀྱི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་དགོས། མེ་ཏོག་གཅིག་གིས་དཔྱིད་ཀ་ཤར་བ་མི་མཚོན་པ་དང་ཁྲུང་ཁྲུང་གཅིག་ལས་ཁྱུ་ཆགས་མི་སྲིད། དེས་ན། དོན་གཉེར་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་དགོས། འབོ་གསེར་རྒྱལ་ཁབ་དང་རྒྱལ་ཁབ་དོན་བདུན་པའི་ཚོགས་པ་སོགས་ཀྱི་ལམ་སྲོལ་གང་ལེགས་སྤྱད་ནས་ཁྱབ་ཁྱོན་དེ་བས་ཆེ་བ་དང་ཁྱབ་ཁོངས་དེ་བས་ཡངས་པོར་ལྷོ་ལྷོ་མཉམ་ལས་བྱས་ནས་ལག་གདང་སྦྲེལ་ཏེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་། མཉམ་འགུལ་འཕེལ་རྒྱས་ཀྱི་འབྲེལ་བ་ཆགས་པར་བྱས་ཏེ་མཉམ་འབྲེལ་ལ་བརྟེན་ནས་རང་ཉིད་སྟོབས་ཆེ་རུ་འགྲོ་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
          དེ་རྗེས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་གཞན་དག་དང་གླེང་མོལ་ཚོགས་འདུར་གདན་ཞུའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ཁག་སོ་སོར་གཏམ་བཤད་སྤེལ་ནས་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་ཀྲུང་གོས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གླེང་མོལ་ཚོགས་འདུ་འཚོགས་ནས་རྒྱ་ཁྱབ་ཀྱི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་གནང་བ་དང་། སླད་ཕྱིན་གླེང་མོལ་དེ་འདྲ་མུ་མཐུད་བྱས་ནས་ལྷོ་ལྷོ་མཉམ་ལས་དང་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་བ་རེད། ཕྱོགས་ཁག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ལ་ཐོན་པའི་དགེ་མཚན་ལྡན་པའི་དོན་སྙིང་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716