སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་2017ལོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་འཚོགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
སྤེལ་དུས། 2017-09-08   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  རིག་རྡོར་གྱིས་བསྒྱུར།
          ཤིན་ཧྭ་གསར་འགྱུར་ཁང་དབྱིན་ཁྲོན་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་2017ལོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་ཉིང་ཞ་དབྱིན་ཁྲོན་དུ་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ནི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་རེད། ལོ་རྒྱུས་ཐོག་ཀྲུང་ཨ་གཉིས་པོ་དར་གོས་ལམ་བུའི་དབང་གིས་ཕན་ཚུན་རྒྱུས་མངའ་དང་འབྲེལ་འདྲིས་བྱུང་ཡོད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་དེང་གི་དུས་འདིར་ཀྲུང་ཨ་ཉིད“རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཏུ་གྱུར་ནས་ཕྱོགས་གཉིས་པོའི་གཉིས་ཕན་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་ཕྱིན་པ་དང་གྲུབ་འབྲས་ཀྱང་སྔར་བས་དངོས་དངོས་རྗེན་རྗེན་ཐོབ་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་འདི་ལོའི་ཟླ་བ་ལྔ་པར་འཚོགས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ཐོག་ངས“རྒྱུད་གཅིག་ལམ་གཅིག”དེ་ཞི་བདེའི་ལམ་བུ་དང་། དར་རྒྱས་ལམ་བུ། སྒོ་དབྱེའི་ལམ་བུ། གསར་གཏོད་ལམ་བུ། ཤེས་དཔལ་ལམ་བུ་བཅས་སུ་འགྱུར་བ་བྱེད་དགོས་ཞེས་བརྗོད་སྐབས་ཨ་རབ་དང་འཛམ་གླིང་གི་དང་ལེན་ཧུར་ཐག་དང་རྒྱབ་སྐྱོར་ཆེན་པོ་ཐོབ་བྱུང་། སྐབས་འདིའི་དངོས་མང་སྟོན་ཚོགས་ཐོག“དངོས་སྒྲུབ་དང་། གསར་གཏོད། མཉམ་འགུལ། གཉིས་ཁེ”བཅས་ཀྱི་བརྗོད་དོན་གཙོ་བོ་མངོན་པར་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་འདུ་ཤེས་དང་འཚམ་པོ་ཡོང་བ་བྱས་ནས་ཀྲུང་ཨ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་ཆེད་ལས་སྟེགས་གལ་ཆེན་ཞིག་གཏོད་དགོས། ཀྲུང་གོས་ཨ་རབ་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཁག་དང་ལྷན་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་མཉམ་སྤྱོད་གོ་སྐབས་ལ་སྐུལ་འདེད་བཏང་སྟེ་ཞི་བདེར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716