སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲང་ཀའོ་ལིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་སྤེལ།
སྤེལ་དུས། 2017-09-13   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་སྒྲིག་པ།  སྒྲོལ་མ།

          ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ཚོང་དོན་དངུལ་གཏོང་མཐོ་རིམ་གྲོས་ཚོགས་ཀོང་ཞི་ནན་ཉིན་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།
 
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ཚོང་དོན་དངུལ་གཏོང་མཐོ་རིམ་གྲོས་ཚོགས་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་ཀོང་ཞི་ནན་ཉིན་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད། 

          ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་མཛའ་མཐུན་མཉམ་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔར་ལས་བཟང་བའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱས་ནས། དེ་ཨེ་ཤ་ཡའི་ལས་དབང་ཐུན་མོང་ཚོགས་པའི་མིག་དཔེ་ལྟ་བུར་སྒྱུར་དགོས་པ་གཏན་ལ་ཕབ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་མཛའ་མཐུན་དང་བཟོད་སྒོམ་གྱི་འདུ་ཤེས་བཅངས་ཏེ། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་མཉམ་དུ་དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་གསར་བ་སྐྲུན་འདོད་ཡོད། ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དམ་པོ་བྱེད་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་2030ལོའི་བར་གྱི་དམིགས་འབེན་གཏན་འཁེལ་བྱེད་པར་སྐུལ་འདེད་གཏོང་བ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་དེ་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ས་ཁོངས་འཐབ་ཇུས་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཇུས་གཞི་དང་འབྲེལ་མཐུད་བྱེད་པར་ཤུགས་སྣོན་དགོས་པར་མ་ཟད། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། དག་གཙང་ནུས་ཁུངས་དང་དེར་རབས་འཕྲིན་གཏོང་དང་ཨར་འདམ། གློག་ཤུགས། རྣོ་ལྕགས་སོགས་ཐོན་ནུས་མཉམ་ལས་གོ་རིམ་ལྡན་པའི་ངང་སྤེལ་དགོས། དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱུད་གཅིག་ལམ་གཅིག་ཉོ་ཚོང་མཉམ་ལས་བདེ་བླག་ངང་སྤེལ་པའི་གྲོས་གཞི་སོགས་མཉམ་དུ་ལག་བསྟར་བྱས་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་ས་ཁུལ་འཕེལ་རྒྱས་སུ་གཏོང་དགོས། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གནས་སྐོར་མཉམ་ལས་ལོའི་བྱ་འགུལ་བཟང་བོར་བསྒྲུབས་ནས། ཕྱོགས་གཉིས་བར་འགྲོ་འོང་བྱེད་པའི་དམངས་འདུན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར།

          བུན་ལེའི་སུའུ་ཏན་ཧ་སང་ན་ཨར་དང་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སིན། ཡོ་ནན་གྱི་རྒྱུན་ལས་ཙུང་ལི་གཞོན་པ་ཀྲང་ཧི་ཕིང་། ལའོ་ཝུའོ་ཡི་ཙུང་ལི་གཞོན་པ་སུང་སེ། ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་མཱ་མེན་བཅས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་སོ་སོར་ཞུ་ཚིག་ཕུལ།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716