སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལིག་ཡུན་ཧྲན2017ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་མགོ་རྩོམ་པའི་མཛད་སྒོར་ཞུགས།
སྤེལ་དུས། 2017-09-18   ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་སྒྲིག་པ།  ཀླུ་མོ་མཚོ།

 
           ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། 2017ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་མགོ་རྩོམ་པའི་མཛད་སྒོ་ཧྲང་ཧེ་ཞི་ཅའོ་གྲོས་ཚོགས་ལྟེ་གནས་ནས་སྤེལ་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིག་ཡུན་ཧྲན་གྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་པར་མ་ཟད། དྲ་རྒྱའི་བདེ་འཇགས་འགྲེམ་སྟོན་ལ་ལྟ་སྐོར་བྱས།


           ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། 2017ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་མགོ་རྩོམ་པའི་མཛད་སྒོ་ཧྲང་ཧེ་ཞི་ཅའོ་གྲོས་ཚོགས་ལྟེ་གནས་ནས་སྤེལ་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིག་ཡུན་ཧྲན་གྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་པར་མ་ཟད། དྲ་རྒྱའི་བདེ་འཇགས་འགྲེམ་སྟོན་ལ་ལྟ་སྐོར་བྱས།

           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2017ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་མགོ་རྩོམ་པའི་མཛད་སྒོ་ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་ཧྲང་ཧེ་ཞི་ཅའོ་གྲོས་ཚོགས་ལྟེ་གནས་ནས་སྤེལ་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིག་ཡུན་ཧྲན་གྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་པར་མ་ཟད། དྲ་རྒྱའི་བདེ་འཇགས་འགྲེམ་སྟོན་ལ་ལྟ་སྐོར་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། དྲ་རྒྱའི་བདེ་འཇགས་དང་དྲ་རྒྱ་འཕེལ་རྒྱས་གཉིས་མཉམ་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་དང་ཁེ་ཕན་ལ་ཁག་ཐེག་བྱེད་པ་དེ་དྲ་རྒྱའི་བདེ་འཇགས་བྱ་བའི་རྩ་བའི་གཞིར་འཛིན་སར་བརྩིས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་དྲ་རྒྱའི་ཁོར་ཡུག་བཟང་བོ་སྐྲུན་དགོས་ཞེས་ནན་གྱིས་བཤད།

           ལིག་ཡུན་ཧྲན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་བསམ་བློ་ཡིས་དྲ་རྒྱའི་བདེ་འཇགས་ལག་ལེན་ལ་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་དྲ་རྒྱ་འཕེལ་རྒྱས་བགྲོད་ལམ་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་ཇེ་ཆེར་གཏོང་དགོས་ཟེར།

           ལིག་ཡུན་ཧྲན་གྱིས་བཤད་རྒྱུར། དྲ་རྒྱའི་བདེ་འཇགས་མི་དམངས་ཀྱི་ཆེད་དང་། དྲ་རྒྱའི་བདེ་འཇགས་མི་དམངས་ལའང་བརྟེན་དགོས་པས། དམངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་སློབ་གསོ་དང་ལག་རྩལ་གསོ་སྦྱོང་བྱ་བ་རྒྱུན་འཁྱོངས་ལྷོད་མེད་སྒོས་དམ་འཛིན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དྲ་རྒྱའི་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་བྱེད་པ་དང་ཁྱབ་གདལ་དུ་གཏོང་དགོས་ལ། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དྲ་རྒྱའི་བར་སྟོང་གི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས།

           ལིག་ཡུན་ཧྲན་གྱིས་ནན་གྱིས་བཤད་རྒྱུར། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དྲ་རྒྱའི་བདེ་འཇགས་འགན་འཁྲི་ལམ་ལུགས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་རང་རང་གི་འགན་འཁུར་ཏེ། ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། དྲ་རྒྱའི་བདེ་འཇགས་བྱ་བ་བཟང་བོར་སྒྲུབ་པར་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།

           ཧན་ཀྲིན་འབྲེལ་ཡོད་བྱ་འགུལ་ཁྲོད་ཞུགས། །
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716