སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལོ་ལྔའི་ནང་རིམ་མཐོའི་གཞུང་ལམ་བདུན་བསྐྲུན་པས་ལམ་ཐག་ཐུང་དུ་ཕྱིན་པ་དང་སྤེལ་རེས་ཟབ་ཏུ་ཕྱིན་པ།
སྤེལ་དུས། 2017-09-19   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  པ་སངས་ཀྱིས་བསྒྱུར།
བོད་ལྗོངས་ཀྱི་མྱུར་བགྲོད་གཞུང་ལམ་བྱ་གཞག་འཕེལ་རྒྱས་ཆེན་པོ་ཕྱིན་པ།
          ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་བཀྲ་ཤིས་སྒང་གྲོང་ཚོའི་སྒྲོལ་སྐྱིད་ལ་གློ་བུར་དུ་ཀླད་ཁྲག་འདྲེས་པའི་ནད་ཕོག་པས་ལྷ་སའི་སྨན་ཁང་གཞན་དུ་ཕྱིན་ན་མ་གཏོགས་སྲོག་ལ་ཉེན་ཁ་ཆེན་པོ་ཡོད། དེ་རྗེས་ལྷ་ཉིང་རིམ་མཐོའི་གཞུང་ལམ་བརྒྱུད་དེ་ལྷ་སའི་སྨན་ཁང་ཞིག་ཏུ་བསྐྱོད་པ་དང་མགྱོགས་མྱུར་སྨན་བཅོས་བྱས་མཐར་སྲོག་ཉེན་ལས་མཐར་ཅིང་། ད་ཆ་དྲག་སྐྱེས་བྱུང་ནས་ཁྱིམ་དུ་ངལ་གསོ་བཞིན་ཡོད།
          ལྷ་ཉིང་རིམ་མཐོའི་གཞུང་ལམ་ལ་ཁྱོན་རིང་ཚད་སྤྱི་ལེ་400ལྷག་ཙམ་ཡོད་པ་དང་དེ་ནི་བོད་ལྗོངས་ཀྱི་གྲོང་ཁྱེར་གཉིས་འབྲེལ་བའི་མྱུར་བགྲོད་གཞུང་ལམ་དང་པོ་དེ་རེད། དུས་ཐེངས་དང་པོའི་ལས་གྲྭ་2015ལོའི་ཟླ་9ཚེས་9ཉིན་ཤར་གཏོང་ཐུབ་ཡོད་པ་དང་། དུས་ཐེངས་གཉིས་པའི་ལས་གྲྭ་འདི་ལོའི་ཟླ་བ་བདུན་པར་ལས་གྲྭ་ཨ་མ་བསྐྲུན་ཟིན་ཞིང་། ལམ་ཚང་མ་བསྐྲུན་ཟིན་རྗེས་མྱུར་ཚད་སྤྱི་ལེ་80ལྟར་བརྩིས་ན་ལམ་བཞུད་དུས་ཚོད་ཆུ་ཚོད་གསུམ་ཐུང་དུ་འགྲོ་རྒྱུ་རེད། མྱུར་བགྲོད་གཞུང་ལམ་དེ་འདྲ་ཡོད་པར་བརྟེན་སྒྲོལ་སྐྱིད་དང་འདྲ་བའི་གྲོང་མི་སྨན་ཁང་དུ་སྐྱོད་རྒྱུར་སྟབས་བདེ་བྱུང་ཡོད།
          ཉེ་ཆར་རང་སྐྱོང་ལྗོངས་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཅིན་ཧོ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱིས་སྔ་རྗེས་སུ་བྲག་ཡིབ་ནས་སྨན་གླིང་གནམ་ཐང་དང་། ལྷ་ཉིང་། གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར། རྩེད་ཐང་ནས་གོང་དཀར་གནམ་ཐང་བར། ལྷ་ས་ནས་རྩེད་ཐང་བར་བཅས་ཀྱི་མྱུར་བགྲོད་གཞུང་ལམ་དང་G6ནག་ཆུ་ནས་ལྷ་ས་བར་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་དང་ལྷ་སའི་གྲོང་སྐོར་ལམ་སོགས་རིམ་མཐོའི་གཞུང་ལམ་གྱི་རྣམ་གྲངས་བདུན་བསྐྲུན་ཡོད། འདི་ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་613ཟིན་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་།
          དེ་སྔ་བོད་ལྗོངས་སུ་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་སྤྱི་ལེ་38ཀྱི་མྱུར་བགྲོད་གཞུང་ལམ་གཅིག་པུ་ལས་མེད། ལོ་ལྔའི་ནང་བོད་དུ་མྱུར་བགྲོད་གཞུང་ལམ་བསྐྲུན་པའི་ཚ་རླབས་འཕྱུར་བ་དང་གྲངས་ཚད་དང་ལེ་དབར་ཐད་ལའང་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་བའི་ཐོག་མི་རྣམས་ཀྱིས་མྱུར་བགྲོད་གཞུང་ལམ་གྱི་ཕན་པ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
          “ངས་དྲན་གསལ་ལ། དེ་སྔ་ལྷ་ས་ནས་མལ་གྲོ་གུང་དཀར་དུ་འགྲོ་དགོས་ན། ཆུ་ཚོད་གཉིས་ལྷག་ཙམ་འགོར་བ་དང་ལམ་གཡས་གཡོན་དུ་གྲོང་ཚོ་མང་བར་བརྟེན་རླངས་འཁོར་དལ་བུར་གཏོང་དགོས་ཀྱི་ཡོད། མྱུར་བགྲོད་གཞུང་ལམ་བསྐྲུན་པར་བརྟེན་སྐར་མ་བཞི་བཅུའི་ནང་སྤྱི་ལེ་64བསྐྱོད་ཐུབ་ཀྱི་འདུག”ཅེས་བོད་དུ་ལས་ཀ་ལོ་བཅུ་གྲངས་ཁ་ཤས་བྱེད་མྱོང་བའི་ཤོན་ཀོ་ཡིས་མྱུར་བགྲོད་གཞུང་ལམ་བསྐྲུན་པའི་ཕན་པའི་སྐོར་བརྗོད་བྱུང་།
          ལྷ་ཉིང་གཞུང་ལམ་ཐོག་བསྐྱོད་སྐབས་ཁྲུང་ཁྲུང་མཇིང་ནག་དང་། དོམ། སྤྲེའུ། ཤྭ་བ་སོགས་ལ་སྲུང་སྐྱོང་བྱེད་དགོས་པའི་མཚོན་རྟགས་བཙུགས་ཡོད་པ་དེ་ཐོག་ནས་མི་རྣམས་ལ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱེད་པ་དང་མཚུངས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716