སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་མེས་རྒྱལ་གྱི་རིག་གནས་ཤུལ་བཞག་རྩ་ཆེན་དག་དུས་རབས་གསར་པའི་ཁ་དོག་རྣམ་པར་བཀྲ་བར་བྱས།
སྤེལ་དུས། 2017-09-26   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་རིག་གནས་ཕྱོགས་ཀྱི་ཐོན་ལས་གོང་འཕེལ་དང་། རིགས་སོ་སོའི་ན་གཞོན་རྣམས་འབྲེལ་འདྲིས་བྱེད་པ་དང་།  བསམ་བློ་བརྗེ་རེས་ཡོང་བ། མི་རིགས་མཐུན་སྒྲིལ་ལྡན་པ་བཅས་ལ་སྐུལ་འདེད་ཡོང་ཕྱིར། ཟླ་༩པའི་ཚེས་༢༤ཉིན་བོད་ལྗོངས་རོགས་སྐྱོར་ཐེབས་རྩ་ཚོགས་པ་དང་བཞུགས་གཟིགས་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་གཉིས་ཀྱིས་བོད་ལྗོངས་གཞིས་ཀ་རྩེ་བདེ་ཆེན་སྐལ་བཟང་ཕོ་བྲང་ནང་ནས་ན་གཞོན་རིག་གནས་ཁེ་ལས་གསར་སྤེལ་ཐེབས་རྩ་སྤྱོད་ཐབས་ཀྱི་མཉམ་འབྲེལ་གྲོས་ཆོད་སྟེང་ལ་མིང་རྟགས་བཀོད།

བོད་ལྗོངས་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་ཁྲིམས་མི་དང་བཞུགས་གཟིགས་རིག་གནས་ཚོགས་པའི་འཐུས་ཚབ་པས་མཉམ་དུ་གྲོས་ཆོད་ལ་མིང་རྟགས་འགོད་བཞིན་པ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་གསུང་བཤད་གནང་བཞིན་ཡོད། 
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ཚོགས་པའི་དོན་གཅོད་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་མཛད་སྒོའི་སྟེང་གསུང་བཤད་གནང་། པཎ་ཆེན་ལགས་ཀྱིས་བསྟན་དོན། བོད་ལྗོངས་ཀྱིས་ལས་ཀ་འདི་ལྟ་བུ་བསྒྲུབ་པ་དེས་ས་གནས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཕྱོགས་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད་མི་རིགས་མཐུན་སྒྲིལ་སྐུལ་འདེད་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་མི་རིགས་སོ་སོ་ཕན་ཚུན་མཉམ་འདྲེས་ཆེན་མོ་དང་། བརྗེ་རེས་ཟབ་མོ། འཕེལ་རྒྱས་ཆེན་པོ་བཅས་ཀྱང་འབྱུང་ཐུབ། དེ་རིང་ང་ཚོས་བོད་ལྗོངས་ནས་བསྒྲུབ་པའི་དོན་མཐའ་དག་ནི་དོན་སྙིང་འབའ་ཞིག་ལྡན་པ་ཞིག་སྟེ། རྣམ་དཀར་དགེ་བའི་ལས་འདི་དག་གིས་ས་གནས་སུ་རོགས་སྐྱོར་བྱུང་ཐུབ་ལ། དེ་ལས་ཀྱང་ལྷག་པ་ནི་ཀྲུང་ཧྭ་མི་རིགས་དང་རྒྱལ་ཁབ་ཧྲིལ་བོའི་བདེ་འཇགས་ལ་བྱས་རྗེས་འཇོག་ཐུབ། 
          པཎ་ཆེན་ལགས་ཀྱིས་གསུང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིན་གཙོ་བོར་གྱུར་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཕུལ་དུ་བྱུང་བ་དག་རྒྱུན་འཛིན་དར་སྤེལ་གཏོང་རྒྱུར་གཙིགས་ཆེན་གནང་བཞིན་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཆེས་གཏིང་རུམ་ན་ཡོད་པའི་བསམ་བློའི་ཟབ་ཚད་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ལ་བལྟ་ཞིང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ཀྱིས་ཀྲུང་ཧྭའི་རིག་གནས་ཀྱི་རྒྱུན་འཛིན་ལ་བལྟ་བཞིན་ཡོད། འདི་ནི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་ཡུལ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཆེན་མོའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་སྒུལ་ཤུགས་གཙོ་བོའང་ཡིན་པས་ཞི་ཅིན་ཕིན་གྱིས་གཏམ་བཤད་རབ་དང་རིམ་པ་ཞིག་སྤེལ་ཡོད། ད་ལྟ་ང་ཚོ་ནི་རླབས་ཆེ་བའི་དུས་རབས་ཤིག་ཏུ་གནས་ཡོད་དེ། ང་ཚོས་རང་ཉིད་ཀྱི་ལང་ཚོ་དང་བརྩེ་བ་འཁྱེར་ནས་བོད་ཀྱི་རིག་གནས་དར་སྤེལ་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བར་ཆ་རྐྱེན་སྔར་ལས་ལྷག་པ་ལྡན་ཞིང་།  ལྷག་དོན་དུས་རབས་ཉེར་གཅིག་པའི་ཆ་འཕྲིན་གྱི་དུས་རབས་སུ་ང་ཚོའི་རྒྱལ་ཁབ་ཀྱི་རིག་གནས་ཤུལ་བཞག་རྩ་ཆེན་རྣམས་ལ་དུས་རབས་ཀྱི་ཁ་དོག་རྣམ་པར་བཀྲ་བ་བྱས་པས་ང་ཚོའི་སེམས་སུ་གཟི་བརྗིད་བཅངས་ཡོད་དོ། །
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གསུང་བཤད་གནང་བཞིན་པ།
          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གསུང་དོན། དེ་རིང་ང་ཚོས་ན་གཞོན་རིག་གནས་ཁེ་ལས་གསར་སྤེལ་ཐེབས་རྩ་སྤྱོད་ཐབས་ཀྱི་མཉམ་འབྲེལ་གྲོས་ཆོད་མཛད་སྒོ་འཚོག་པ་འདིས་ལེའུ་གསར་པ་ཞིག་དང་དུས་རབས་གསར་པ་ཞིག་གི་དབུ་འཁྱུད་བྲིས་པ་ལགས་ཤིང་། བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ཚོགས་པས་ཏང་ཀྲུང་དབྱང་གི་དབུ་ཁྲིད་འོག་དང་། རིགས་སོ་སོའི་ཁྱབ་ཁོངས་སོ་སོའི་འབད་བརྩོན་འོག ཤེས་ལྡན་པ་དང་བརྩེ་ལྡན་པ་དག་གིས་ཐུན་མོང་འབད་འབུངས་འོག ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ན་འོད་དུ་འཚེར་བའི་མུ་ཏིག་རྡོག་གཅིག་སྟེ་བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་སྔར་ལས་ལྷག་པ་ཐོབ་པར་ཡིད་ཆེས་གཏིང་ཟབ་མོ་ཡོད། ན་གཞོན་རིག་གནས་ཁེ་ལས་གསར་སྤེལ་ཐེབས་རྩ་སྤྱོད་ཐབས་ཀྱི་མཉམ་འབྲེལ་གྲོས་ཆོད་ཀྱིས་བོད་ལྗོངས་ཀྱི་རིག་གནས་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་བོད་རང་སྐྱོང་ལྗོངས་ཏང་ཨུ་སྲིད་གཞུང་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་བྱེད་པ་དང་། བོད་ལྗོངས་ཀྱི་མི་རབས་གསར་པར་རིག་གནས་གསར་གཏོད་ཕྱོགས་སུ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་ངེས་སོ། །
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་མཛད་སྒོའི་སྟེང་དུ་གསུང་བཤད་གནང་བཞིན་པ། 
          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ནན་གྱིས་བསྟན་དོན། བོད་ལྗོངས་ནི་མཚར་སྣང་གིས་ཕྱུག་པའི་ཡུལ་གྲུ་ཞིག་སྟེ། གནམ་གཤིས་གྲང་ངར་ཆེ། མི་མང་པོ་ཞིག་ལ་ཆ་མཚོན་ན་དེ་རུ་འགྲོ་འདོད་ཆེ་ཡང་མཚོ་འཕགས་མཐོ་བས་འགྲོ་སྐབས་ཉུང་། བོད་ལྗོངས་ནི་མཚར་ཉམས་ཀྱིས་ཕྱུག་པའི་ཡུལ་གྲུ་ཞིག་སྟེ། གནམ་གཤིས་གྲང་ངར་ཆེ་ཞིང་། རང་བྱུང་མཛེས་ལྗོངས་དང་། ཁོར་ཡུག་ལྟ་ན་སྡུག རིག་གནས་རྔམ་ཁ་སྟུག བོད་ལྗོངས་ནི་གནས་མཆོག་ཅིག་སྟེ། གནས་འདིར་ལས་ཀ་བྱེད་པའི་རིགས་སོ་སོའི་མི་རྣམས་ལ་བརྩེ་བ་རྣམ་དག་ཅིག་ཡོད། ཁོང་ཚོར་རང་བྱུང་ཁམས་ལ་བརྩེ་བ་ཟབ་མོ་ཡོད། མིའི་རིགས་ལ་བརྩེ་བ་ཟབ་མོ་ཡོད། ཁྱིམ་མི་ལ་བརྩེ་བ་ཟབ་མོ་ཡོད། དེར་བརྟེན། གནས་འདི་ནས་རང་ཉིད་ཀྱི་སེམས་ཁ་གཏད་ནས་འདུན་མ་མངོན་དུ་འགྱུར་ཆོག་ལ། རང་གི་ལག་ཟུང་གི་འབད་བརྩོན་ལ་བརྟེན་ནས་གནས་འདིར་འཚོ་ཞིང་བཞེས་པའི་མི་དམངས་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་འཕེལ་རྒྱས་བཅས་ལ་བྱས་རྗེས་གལ་ཆེན་འབུལ་ནུས་པ་ནི་མི་ཚེ་གཅིག་གི་ལས་འབྲས་ཡིན། དེར་བརྟེན་མི་རྣམས་ཀྱིས་ལས་འཕྲོ་འདི་ཉིད་ཆུད་མི་ཟ་བར་དམ་འཛིན་སྒོས་མཉམ་དུ་འབད་བརྩོན་བགྱིས་ཏེ་མཛེས་སྡུག་ལྡན་པའི་སང་ཉིན་གྱི་སྐྱ་རེངས་བསུ་བར་བྱའོ། །
སྐལ་བཟང་ཚེ་རིང་གིས་གསུང་བཤད་གནང་བཞིན་པ། 
          བོད་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཧྲུའུ་ཅིའམ་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ཚོགས་པའི་དོན་གཅོད་སྐུ་གཞོན། དྲུང་ཆེན་སྐལ་བཟང་ཚེ་རིང་མཆོག་གིས་མཛད་སྒོའི་མགོ་འཛིན་གནང་།  ཁོང་གིས་གསུང་དོན། ན་གཞོན་རིག་གནས་ཁེ་ལས་གསར་སྤེལ་ཐེབས་རྩ་སྤྱོད་ཐབས་ཀྱི་མཉམ་འབྲེལ་གྲོས་ཆོད་ནི་དེང་སྐབས་རྒྱལ་ཡོངས་སུ་ཁེ་ལས་སྣ་ཚོགས་འཛུགས། ཀུན་གྱིས་ཁེ་ལས་གཉེར་བའི་རྒྱབ་ལྗོངས་འོག་ཏུ་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ཚོགས་པ་དང་བོད་ལྗོངས་བཞུགས་གཟིགས་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་མཉམ་གཅིག་ཏུ་དོ་དམ་བྱེད་པ་ཞིག་ཡིན། ལས་ཀ་འདི་ལྟ་བུ་བསྒྲུབ་པ་དེས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཕྱོགས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས་ཤིང་། ན་གཞོན་རྣམས་འབྲེལ་འདྲིས་དང་།  བསམ་བློ་བརྗེ་རེས། མི་རིགས་མཐུན་སྒྲིལ་སྐུལ་འདེད་ཡོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། འདི་ལས་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་བོད་ཀྱི་རིག་གནས་ཀྱི་རྒྱུན་འཛིན་ལ་ཡར་སྐུལ་གྱི་བྱེད་ནུས་ཀྱང་ཐོན་ཡོད།
བཞུགས་གཟིགས་རིག་གནས་ཚོགས་པའི་འགན་འཛིན་པ་ཀྲང་པེ།
          བཞུགས་གཟིགས་རིག་གནས་ཚོགས་པའི་འགན་འཛིན་པ་ཀྲང་པེ་ལགས་ཀྱིས་མིང་རྟགས་འགོད་པའི་མཛད་སྒོ་མཇུག་རྫོགས་སྐབས་ཀྱི་གཏམ་བཤད་གནང་། བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ཚོགས་པ་དང་བོད་ལྗོངས་བཞུགས་གཟིགས་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འབྲེལ་ཡོད་མི་སྣ་མཛད་སྒོར་ཞུགས།
མཛད་སྒོའི་ཡུལ་དངོས།
མཛད་སྒོའི་ཡུལ་དངོས།
མཛད་སྒོའི་ཡུལ་དངོས།
མཛད་སྒོའི་ཡུལ་དངོས།
མཛད་སྒོའི་ཡུལ་དངོས།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་ཚོགས་ཞུགས་མི་སྣ་རྣམས་ཀྱི་རྗེས་དྲན་མཉམ་པར།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716