སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་ལགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་ཆེན་མོའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་མུ་མཐུད་ནས་འབད་བརྩོན་བྱེད་དགོས་པར་གསུངས།
སྤེལ་དུས། 2017-09-27   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  པདྨ་ཚེ་རིང་གིས་བསྒྱུར།
          ཏང་གི་སྐབས་བཅུ་དགུ་པའི་ཚོགས་ཆེན་འཚོག་ལ་ཉེ་བའི་སྐབས་འདིར། ཀྲུང་གོ་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ལགས་ཀྱིས་ཟླ་9པའི་ཚེས་25ཉིན་པེ་ཅིང་འགྲེམ་སྟོན་ཁང་དུ་ཕྱིན་ནས་“འབད་བརྩོན་གྱི་མི་ལོ་ལྔ”ཞེས་པའི་འགྲེམ་སྟོན་ཆེན་མོར་གཟིགས། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ནས་མི་ལོ་ལྔ་འགོར་བ་དེ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ཁྲོད་ནས་ཁྱད་པར་ཅན་གྱི་མི་ལོ་ལྔ་ཡིན་སྟེ། མི་ལོ་ལྔའི་རིང་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་སྣེ་ཁྲིད་དེ་“གནས་ལྔ་གཟུགས་གཅིག”གི་སྤྱིའི་བཀོད་སྒྲིག་ལག་བསྟར་བྱས་པ་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་ཀྱང་ སྙོམ་སྒྲིག་ལྡན་པའི་སྒོ་ནས་ དོན་འཁྱོལ་གནང་། མཐུན་སྒྲིལ་སེམས་མཐུན་དང་། དུས་བསྟུན་ཧུར་བརྩོན། དཀའ་ངལ་ཁྱད་བསད་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་དང་། མི་དམངས་ཀྱི་འཚོ་བ་མངོན་གསལ་གྱིས་ལེགས་བཅོས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བཅས་བྱུང་བར་སྐུལ་འདེད་བྱས། ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཕྱོགས་ཀྱི་དངོས་ཐོག་ལག་ལེན་དང་། གྲུབ་འབྲས་གལ་ཆེན། ཉམས་མྱོང་རྩ་ཆེན། གཙོ་རྒྱུག་ལྟ་བ། དྲང་ཕྱོགས་ཀྱི་སྟོབས་ཤུགས་བཅས་དྲིལ་བསྒྲགས་ཤུགས་ཆེན་པོ་གནང་སྟེ་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ཕྱོགས་ལ་ཡིད་ཆེས་པ་དང་། གཞུང་ལུགས་ལ་ཡིད་ཆེས། ལམ་ལུགས་ལ་ཡིད་ཆེས། རིག་གནས་ལ་ཡིད་ཆེས་བཅས་བྱས་ཏེ་བློ་རྩེ་སྒྲིམ་ཞིང་འབད་བརྩོན་ཆེན་པོས་མུ་མཐུད་དུ་རླབས་ཆེ་བའི་འགྲན་རྩོད་ཁྲོད་དུ་ཞུགས་པ་དང་། རླབས་ཆེ་བའི་བཟོ་སྐྲུན་ཁྲོད་དུ་ཞུགས་པ། རླབས་ཆེ་བའི་བྱ་གཞག་ཁྲོད་དུ་ཞུགས་པ་བཅས་བྱས་ནས་“བརྒྱ་ལོ་གཉིས”ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་ཡོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་ཆེན་མོའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་ལ་མུ་མཐུད་ནས་འབད་བརྩོན་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ནས་འཚོག་པར་དགའ་བསུ་ཞུ་དགོས་པར་གསུངས།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆིང་དང་། ཀྲང་ཏེ་ཅང་། ཡུ་ཀྲིན་ཧྲིན། ལིག་ཡོན་ཧྲན། ཝང་ཀྲི་ཧྲན། ཀྲང་གོ་ལི་བཅས་འགྲེམ་སྟོན་གཟིགས་ཞིབ་ལ་ཞུགས།
          ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ་ཞེ་ལྔའི་སྟེང་། ཞི་ཅིན་ཕིང་སོགས་དབུ་ཁྲིད་བློ་མཐུན་རྣམས་པེ་ཅིང་འགྲེམ་སྟོན་ཁང་གི་འགྲེམ་སྟོན་ཚོམས་ཆེན་དུ་ཕྱིན་ནས་གཟིགས་ཞིབ་གནང་། འགྲེམ་སྟོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྱི་གསུང་བཤད་རབ་དང་རིམ་པ་རྣམས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་སྐྱོང་གི་བསམ་བློ་གསར་པ་འཐབ་ཇུས་གསར་པ་རྣམས་གཙོ་བོར་བརྗོད་ཡོད། འདི་ཡང་བརྗོད་གཞི་བཅུ་ཡི་འགྲེམ་ཁུལ་དང་ཁྱད་ཆོས་ལྡན་པའི་ཚོར་མྱོང་འགྲེམ་ཁུལ་གཅིག་གིས་གྲུབ་པ་སྟེ། འདི་དག་ལ་སྨྱན་མང་གཟུགས་དང་སྒྲ་འོད་གློག་གསུམ་གྱི་བྱེད་ཐབས་ཟུང་སྦྲེལ་སྒོས་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གཙོ་བོར་གྱུར་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་“གནས་ལྔ་གཟུགས་གཅིག་ལྟར”སྤྱིའི་བཀོད་སྒྲིག་ལག་བསྟར་བྱས་པ་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་ཀྱང་ སྙོམ་སྒྲིག་ལྡན་པའི་སྒོ་ནས་དོན་འཁྱོལ་གནང་བ། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཕྱོགས་ལ་གྲུབ་འབྲས་གསར་པ་གལ་ཆེན་བླངས་པ་སོགས་བསྟན་ཡོད་པས། ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་སྐྱོང་གི་ཤེས་རབ་རྣོན་པོ་དང་ནུས་པ་ཁྱད་དུ་འཕགས་པ་མཚོན་ཡོད་ལ། མི་དམངས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་གསར་པ་བྱུང་བ་དང་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བྱུང་བ། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་རྣམས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཚོགས་ཆེན་རྒྱལ་ཁའི་ངང་ནས་འཚོག་པ་ལ་དགའ་བ་འབུམ་གྱིས་བསུ་བའི་སྤྲོ་ཉམས་བཅས་ཀྱང་མངོན་པར་མཚོན་ཡོད། 
          དེ་ཡང་ཕྱོགས་ཡོངས་ནས་“ཀ་བཞི་གདུང་བརྒྱད”ཀྱི་སྒྲིག་གཞིར་བཅོས་བསྒྱུར་གཏིང་ཟབ་གཏོང་བའི་བརྙན་རིས་གསོན་ཉམས་ལྡན་པ་འགྲེམ་སྟོན་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་འཛུགས་ལས་ཀ་དང་མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བའི་གཞི་གྲངས་ཞིབ་གསལ་དུ་བསྟན་པ། སྔོན་ཐོན་གྱི་མ་དཔེ་དང་དུས་རབས་ཀྱི་“གྲགས་ཅན་མི་སྣ་སྐར་ཚོགས་འདྲ། སྐར་བདུན་འོད་སྣང་ཅིག་ཅར་འཕྲོ”་བའི་བསླངས་གཟུགས་ཀ་བ་བསྟན་པ། ཀྲུང་གོའི་ལས་རོགས་འབྲེལ་བ་ཡིན་པའི་དྲ་རྒྱ་འཛམ་གླིང་དུ་ཁེབས་པ་དེའི་སྨྱན་མང་གཟུགས་ཀྱི་ཐོན་རྫས་བསྟན་པ། ལས་བྱེད་དཔུང་སྡེ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་བཅས་ཀྱི་པར་རིས་བསྟན་པ། ཤང་ཀྲུའུ་ཨོ་གསུམ་གྱི་ཟམ་ཆེན་དཔེ་དབྱིབས་དང་བྱང་ཤར་ཞིང་ཆེན་གསུམ་གྱི་ནགས་ཚལ་སྲུང་སྐྱོབ་མ་ལག་གི་འཛུགས་སྐྲུན་བཟོ་སྐྲུན་(1978-2050)གྱི་དོན་མཚོན་རི་མོ་བསྟན་པ། འཛམ་གླིང་སྟེང་ཆུ་འཛུལ་ཟབ་ཚད་ཆེས་གཏིང་བའི་ཆུ་འཛུལ་འཕྲུལ་ཆས་“འབྲུག་མགོ་རྟགས་ཅན”གྱི་དཔེ་དབྱིབས་བསྟན་པ། ཀྲུང་གོས་བཟོས་པའི་འདྲུད་འཐེན་འཕྲུལ་འཁོར་རྟ་ཤུགས་400ཅན་གྱི་མྱུར་ཚད་འགྱུར་ལྡོག་ཚད་མེད་པ་ཅན་ཐོག་མ་དེ་བསྟན་པ། དམག་སྟོབས་རྒྱས་པའི་རྒྱང་བསྐྱོད་དྲག་ཆས་སྒྲིག་ཆས་ཀྱི་དཔེ་དབྱིབས་བསྟན་པ་སོགས་དཔེ་དབྱིབས་དང་། བརྙན་རིས། པར་རིས་བཅས་ཀྱིས་ཞི་ཅིན་ཕིང་སོགས་བློ་མཐུན་རྣམས་ཀྱི་མིག་དབང་ཡོངས་སུ་བཀུག  ཁོང་ཚོས་བསྟུད་མར་གོམ་མཚམས་བཞག་ནས་ཞིབ་གཟིགས་གནང་ཞིང་། ནན་ཏན་སྒོས་འགྲེལ་བཤད་པའི་སྐད་ཆར་ཉན་ཏེ་འབྲེལ་ཡོད་ཀྱི་གནས་ཚུལ་ཞིབ་འདྲི་གནང་། པེ་ཅིང་གི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན།  ཆེས་མཐོའི་མི་དམངས་ཞིབ་བཤེར་ཁང་གི་ཞིབ་བཤེར་མགོ་ཁྲིད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་སོགས་འགྲེམ་སྟོན་དུ་ཞུགས་པ་རེད།  
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716