སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་རིང་གི་ཐོན་སྐྱེད་དང་ལས་དོན་གྱི་འཐབ་ཕྱོགས་དང་པོའི་འཐུས་མིའི་འགན་སྒྲུབ་གསོ་སྦྱོང་བྱས་པ།
སྤེལ་དུས། 2017-10-11   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཀླུ་མོ།
          ཚེས་9ཉིན་གྱི་སྔ་དྲོ་གྲོང་ཁྱེར་དང་ས་ཁུལ་ཐད་གཏོགས་ཚན་པ་7ནས་ཡོང་བའི་ཚོགས་ཆེན་བཅུ་དགུ་པའི་རིང་གི་ཐོན་སྐྱེད་དང་ལས་དོན་གྱི་འཐབ་ཕྱོགས་དང་པོའི་འཐུས་མིའི་འགན་སྒྲུབ་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་རེད།
          གསོ་སྦྱོང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》 《ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ལས་འགན་འཁུར་ཡུན་ལམ་ལུགས་ཀྱི་གནས་སྐབས་ལག་བསྟར་སྲོལ་ཡིག》 འཐུས་མིའི་འགན་འཁྲི་བསྒྲུབས་ནས་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཡག་པོ་ཞིག་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འབྲེལ་ཡོད་བླང་བྱ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པའི་རྩོམ་ཡིག《ཏང་ཡོངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་འགན་འཁྲི་ཏན་ཏིག་ངང་འཁུར་དགོས》 རྒྱལ་ཡོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་ལོ་རྒྱུས་དང་དེའི་འབྲེལ་ཡོད་ཤེས་བྱ། དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན། གསང་སྲུང་གི་འབྲེལ་ཡོད་ཤེས་བྱ་སོགས་ཀྱི་ནང་དོན་ལ་དམིགས་ནས། ཆེད་དོན་འཆད་ཁྲིད་དང་། ས་ཆ་དེ་རང་དུ་ལད་ཟློས་བྱེད་པ། བཞུགས་མོལ་སྤེལ་རེས་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་སློབ་ཁྲིད་བྱས་པ་རེད། དེ་དང་ཆབས་ཅིག་སློབ་མ་རྣམས་ལྷ་ས་གྲོང་ཁྱེར་འཆར་འགོད་ཁང་དང་། ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་ཚལ་གྲོང་ཚོ་སོགས་སུ་ལྟ་སྐོར་དང་རྟོག་ཞིབ་བྱེད་པར་བཀོད་སྒྲིག་བྱས་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716