སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བ།
སྤེལ་དུས། 2017-10-12   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཆོས་སྒྲོན།
ཀུན་སེམས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་གྱི་ལེའུ་བརྩམས།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ན། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མཐའ་འཁྱོངས་དང་། སྲ་བརྟན། སྟོབས་ཆེ་བཅས་ཡོང་བ་བྱས་ཏེ་ཆེས་རྒྱ་ཁྱབ་ཀྱི་སྒོ་ནས་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་ནན་བཤད་ཡང་ཡང་གནང་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུའི་དགོངས་དོན་དང《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》སོགས་ཡིག་ཆ་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ། ཏང་གི་འགོ་ཁྲིད་མཐའ་འཁྱོངས། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས། གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པའི་མཛད་ཕྱོགས་མཐའ་འཁྱོངས། བརྗོད་དོན་གཙོ་བོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོར་དམ་པོར་དམིགས་པ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་དམ་པོར་དམིགས་པ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར། གང་ཐུབ་ཅི་ཐུབ་ཀྱིས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ། “འབྲེལ་བ་ཆེན་པོ་ལྔར”སྐུལ་འདེད་ཧུར་ཐག་གཏོང་བ། “ཞབས་ཞུ་གསུམ”གྱི་ལས་འགན་གཙོ་བོ་དོན་འཁྱོལ་བཅས་བྱས་ཏེ་སྤྱི་ཚོགས་ཞི་མཐུན་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་སྔར་བས་བཏོད་ནས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
          ཐུན་མོང་ངོས་འཛིན་གཅིག་སྒྲིལ་གྱིས“འཐབ་ཕྱོགས་གཅིག་གྱུར་ཆེ་མོའི”ལས་ཀའི་རྣམ་པ་བསྐྲུན་པ།
          མི་སེམས་གཏད་ཕྱོགས་དང་སྟོབས་ཤུགས་བསྡུར་བ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རྒྱལ་ཕམ་ཇི་ཡོང་གཏན་འཁེལ་བྱེད་པའི་འགག་རྩ་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་གྲོལ་མ་ཐག། ལྗོངས་ཏང་ཨུད་ཀྱིས་མགྱོགས་མྱུར་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཏང་ཕྱིའི་མི་སྣའི་ས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་སྙན་སྒྲོན་གྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་དང་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་གོ་བ་གཏིང་ཟབ་ལེན་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། སྦྲེལ་ཟམ་དང་སྒྲོག་ཐག་གི་ནུས་པ་འདོན་སྤེལ་གང་ལེགས། འགན་འཁྲི་ཏན་ཏིག་བསྒྲུབས་པ། བློ་གྲོས་དང་སྟོབས་ཤུགས་ཚོགས་འདུའི་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ཁག་གི་ཐོག་གཅིག་སྒྲིལ་བྱེད་པ། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀུན་སེམས་གཅིག་སྒྲིལ་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བཅས་བྱས་ཏེ་དུས་སྐབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་བཏོན་ཡོད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཕྱིའི་མི་སྣ་དང་གྲོས་མོལ་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་བསམ་འཆར་བསྡུ་ལེན་དང་། གནས་ཚུལ་གལ་ཆེན་བརྡ་ཁྱབ། ཐབས་ཇུས་གལ་ཆེན་བློ་འདྲི་སོགས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་འབྲེལ་ཐོག་མཐའ་བར་གསུམ་དུ་ཐབས་ཇུས་མ་བཏོན་གོང་དུ་དང་ཐབས་ཇུས་ལག་བསྟར་བྱ་བའི་ཁྲོད་གྲོས་མོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ལས་དོན་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་ནས་གང་ཐུབ་ཅི་ཐུབ་ཀྱིས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་ཐུབ་པ་བྱས་ཡོད།
          “རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱ་ཁྱབ་ངང་འཕེལ་རྒྱས་བཏང་བ་དང་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོའི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་བྱས་ཏེ་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་དང་སྐོང་འཐེན་བྱེད་ཐུབ་པའི་དགེ་མཚན་མཐའ་དག་སྐོང་འཐེན་བྱས་ནས་ཏང་ཕྱིའི་ཤེས་ཡོན་ཅན་དང་། ‘གསར་གཉིས’རྩ་འཛུགས་དང་སྨྱན་སྦྱོར་གསར་པའི་ལས་གཉེར་མི་སྣ། ཕྱི་སྦྱོང་མི་སྣ། སྤྱི་དབང་མིན་པའི་དཔལ་འབྱོར་མི་སྣ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་དགོས”ཞེས་པ་སྟེ།
          རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུ་དེ་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ནང་དོན་གལ་ཆེན་དུ་བརྩིས་པ་དང་འབྲེལ་འཐབ་ཇུས་བཀོད་སྒྲིག་ཀྱང་བྱས་ཡོད།
          ལྕགས་རྡུང་པར་ཐོ་བ་མཁྲེགས་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་དང་། ལས་ཀའི་འདུ་ཤེས་དང་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད། བསམ་བློ་དང་། རྩ་འཛུགས། ལམ་ལུགས། སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་ཤུགས་སྣོན། ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་ཤུགས་ཆེར་གཏོང་། མང་ཚོགས་ལ་འབྲེལ་བ་བྱེད་པ། དགོན་སྡེར་བསྐྱོད་པ། ལས་དོན་གཞི་རིམ་བར་སྤེལ་བ། མཉམ་ལས་མཉམ་སྒྲུབ་ཀྱི་ནུས་པ་ཆེ་རུ་བཏང་བ་བཅས་བྱས་པར་བརྟེན་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚན་རིག་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།
          “སྤྱི་ཁྱབ་ཧྲུའུ་ཅིའི་འཐབ་ཕྱོགས་གཅིག་གྱུར་གྱི་དགོངས་པ་གལ་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་གནང་ནས་ང་ཚོས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་བྱས་ཡོད”ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཐད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱེད་པའི་ལས་འགན་དང་པོར་བརྩིས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར། བསམ་བློ་དང་ངོས་འཛིན་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར། མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སྔར་བས་ཆེ་རུ་གཏོང་རྒྱུའི་རྣམ་འགྱུར་མངོན་ཡོད།
          བློ་ཁ་གཅིག་གཏད་ཀྱིས་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས
          འདི་ལོའི་ཟླ་6ཚེས་5ཉིན་རང་སྐྱོང་ལྗོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོགས་ཆེན་ཐེངས་གཉིས་པ་དེ་རྒྱ་ཆེའི་སྤྱི་དབང་མིན་པའི་དཔལ་འབྱོར་མི་སྣའི་རེ་སྒུག་ཆེན་པོའི་ཁྲོད་འཚོགས་ཤིང་། ཚོགས་འདུའི་ཐོག“འདུ་འགོད་ཆེན་པོ་བརྒྱད”ལག་བསྟར་ཤུགས་ཆེན་བྱས་ཏེ་ནུས་ཤུགས་ཡོད་རྒུས་བོད་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་གྱི“རིམ་སྤོར་རྣམ་པ”གཏོད་དགོས་ལུགས་བཏོན་པར་བརྟེན་རྒྱ་ཆེའི་སྤྱི་དབང་མིན་པའི་མི་སྣ་ཚོའི་སྤྲོ་སེམས་འཕེལ་ཐུབ་པ་བྱུང་ཡོད། རྒྱ་ཆེའི་སྤྱི་དབང་མིན་པའི་དཔལ་འབྱོར་མི་སྣ་ཚོས་ཡིད་ཆེས་ཀྱིས་ཁེངས་བཞིན་པར་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་བཏོན་པའི་བླང་བྱ་དང་རེ་བ་ཞིག་དང་། སྤྱི་དབང་མིན་པའི་དཔལ་འབྱོར་མི་སྣར་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་བཏོན་པ་ཞིག རྒྱུ་ནོར་གཏོད་པའི་ཡངས་པའི་བར་མཐོངས་གཏོད་པ་ཞིག་བཅས་རེད་ཅེས་བཤད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716