སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
འབད་བརྩོན་ཆེར་བསྐྱེད་བྱས་པའི་ལོ་ངོ་ལྔ་སྟེ། སི་ཁྲོན་ཞིང་ཆེན་ནང་གི་བོད་ཁུལ་ཁ་གཏད་རོགས་སྐྱོར་ལ་མ་རྩ་བཏང་ནས་ད་ཆ་དབུལ་ཐར་བྱུང་བའི་གྲུབ་འབྲས་མངོན་པར་གསལ།
སྤེལ་དུས། 2017-10-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར།  ༢༠༡༢ལོ་ནས་༢༠༡༦ལོའི་བར་སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་ནང་ཁུལ་དུ་“7+20”སྒྲིག་གཞི་ལྟར་བོད་ཁུལ་ཁ་གཏད་རོགས་སྐྱོར་ཤུགས་ཆེན་པོས་བསྒྲུབས། ལོ་ལྔའི་རིང་ཁ་གཏད་རོགས་སྐྱོར་གྱི་རྣམ་གྲངས་༥༢༩ལག་བསྟར་བྱས་པས་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་ཡུན་རིང་བདེ་འཇགས་ལ་ཕན་པ་གང་ལེགས་བྱུང་། ༢༠༡༦ལོའི་ཟླ་༨པའི་ཚེས་༢༡ཉིན་སི་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་བོད་རིགས་ས་ཁུལ་དང་དབྱི་རིགས་ས་ཁུལ་གྱི་དབུལ་ཕོང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་གྲོས་ཚོགས་འཚོགས། ཞིང་ཆེན་ནང་ཁུལ་གྱི་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རིམ་པ་གསར་བའི་ལས་ཀ་“9+32”ལས་མགོ་བརྩམས་པས་བོད་ཁུལ་ཁ་གཏད་རོགས་སྐྱོར་བྱེད་པ་ཕྱོགས་ཡོངས་སུ་ཁྱབ། སི་ཁྲོན་ཞིང་ཆེན་གྱི་བོད་ཁུལ་སྤྱི་ཚོགས་དཔལ་འབྱོར་གྱི་ཁྱབ་ཁོངས་སོ་སོར་ས་གནས་གཞན་དང་འདྲ་བར་འཕེལ་རྒྱས་བྱུང་།
          གནད་འཁེལ་ཁ་གཏད་རོགས་སྐྱོར། མ་རྩ་གཏོང་བ་ནས་རང་རྐྱ་འཕེར་བར་གྱུར་པ།
          ད་ལོར་ལོ་ན་༤༠ལ་སོན་པའི་ལིག་ཧོང་པིན་ནི་སི་ཁྲོན་དཀར་མཛེས་བསྟན་པ་རྫོང་བོད་མི་ཡིན་ཞིང་།  བྱང་བུ་ཡོད་པའི་དབུལ་ཕོང་ཁྱིམ་ཚང་ནས་གྲོང་ཚོའི་ཕྱུག་འགྱུར་གྱི་འགོ་ཁྲིད་པར་གྱུར།  ལིག་ཧོང་པིན་ནི་ད་ལྟ་ཞིང་ཆས་ལས་སྣོན་ཁང་འགའ་ཞིག་གི་སྦྱིན་བདག་ཏུ་གྱུར་ཡོད་ལ།  འགྱུར་ལྡོག་འདི་ལྟ་བུ་ནི་ཁོང་གི་སྐད་ཆ་ལྟར་ལབ་ན། “འདི་ནི་ཏང་དང་སྲིད་གཞུང་གིས་བདག་ལ་སློབ་སྦྱོང་གི་གོ་སྐབས་དང་གར་སྟེགས་བསྐྲུན་པ་དེ་ཡིན”ཞེས་གསུངས་པ་ལྟར་རོ། །
རི་མོ་ནི་ལིག་ཧོང་པིན་ཡིན། 
          ལིག་ཧོང་པིན་ནི་སློབ་ཆུང་མཐར་ཕྱིན་རྗེས་ཁྱིམ་དུ་ཞིང་ལས་གཉེར་བ་ཡིན་ལ། ༡༩༩༨ལོར་ཤང་གི་ངོ་སྤྲོད་ལྟར་བསྟན་པ་རྫོང་ཞིང་ཆས་བཟོ་གྲྭར་ཕྱིན་ནས་ཟླ་༨རིང་ཚ་ལ་རྒྱག་སྟངས་སྦྱངས་པ་དང་། དེ་ནས་ཤང་ཡིད་རྟོན་ཁང་ནས་སྒོར་ཁྲི་༢བསྐྱིས་ཏེ་ལམ་དཀྱིལ་ཤང་འུ་མན་གྲོང་ཚོ་ནས་ཚོང་ཁང་ཞིག་གླས་ཏེ་ཞིང་ཆས་ལས་སྣོན་གྱི་ཚོང་ལས་གཉེར། ཡིན་ནའང་ལག་རྩལ་ཅུང་ཞན་པས་ལས་སྣོན་བྱས་པའི་ཞིང་ཆས་ལའང་སྐྱོན་ཆ་ལྡན་པས་ལིག་ཧོང་པིན་གྱི་ཚོང་ལས་ཡར་ཐོན་ཆེན་པོ་མ་བྱུང་། “དངུལ་བུན་སྤྲད་མ་ཚར་བས་སེམས་སུ་འཚུབ་ཆ་ལངས།”ད་ལྟ་ཁོང་གི་ཚོང་ལས་“ཡོང་འབབ་ཇེ་མང་དུ་གྱུར།”འདི་ནི་སི་ཁྲོན་ཞིང་ཆེན་ནང་གི་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀ་ནས་མགོ་བཙུགས་ཏེ་གླེང་དགོས། ལིག་ཧོང་པིན་ཡང་རོགས་སྐྱོར་ཐོབ་པའི་ཁྲོད་ཀྱི་མི་ཞིག་ཡིན་ལ།  བསྟན་པ་རྫོང་ལ་ཁྲིན་ཏུའུ་གྲོང་ཁྱེར་ཁྲིན་ཧྭ་ཁུལ་གྱི་ཁ་གཏད་རོགས་རམ་གནང་། རོགས་རམ་གྱི་བརྒྱུད་རིམ་ཁྲོད་དུ་ཁྲིན་ཧྭ་ཁུལ་གནད་འཁེལ་རོགས་སྐྱོར་བྱེད་མཁན་གྱིས་རྩ་འཛུགས་བྱས་ཏེ་དབུལ་ཕོང་ངལ་རྩོལ་པ་རྣམས་ལ་ལག་རྩལ་རིགས་གཅིག་སློབ་པའི་གོ་སྐབས་བྱུང་བ་རེད།   
          ༢༠༡༤ལོའི་ཟླ་༧པར་ལིག་ཧོང་པིན་ཁྲིན་ཧྭ་ཁུལ་གྱི་ཁ་གཏད་རོགས་སྐྱོར་བྱེད་པའི་བསྟན་པ་རྫོང་གི་བཟོ་ལས་ལག་རྩལ་གསོ་སྦྱོང་དུ་ཞུགས་ནས་དབྱང་རླུང་ཚ་ལ་རྒྱག་སྟངས་སྦྱངས། གསོ་སྦྱོང་བརྒྱུད་ནས་ལིག་ཧོང་པིན་གྱི་ལག་རྩལ་དང་ནུས་པ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། “ཚོང་ལས་ཀྱང་མྱུར་དུ་ཇེ་ལེགས་སུ་ཕྱིན།”མ་རྩ་ངེས་ཅན་ཞིག་གསོག་རྗེས་ལིག་ཡོན་པིན་གྱིས་ཚོང་ཁང་ཇེ་མང་དུ་བཏང་། སྔོན་ཆད་ཀྱི་ཚོང་ཁང་གཅིག་པུ་ནས་ད་ལྟའི་ཚོང་ཁང་བཞི་རུ་འཕེལ་བ་མ་ཟད།  བཟོ་པ་ལྔ་ཡང་གླས་ཡོད་ལ། རང་ཉིད་ཀྱིས་དགེ་ཕྲུག་གཉིས་སྐྱོང་བཞིན་ཡོད།  སྔོན་ཆད་ཞིང་ཆས་གཅིག་པུ་ལས་སྣོན་བྱེད་པ་ནས་ད་ལྟ་འཕྲུལ་ཆས་ཆེ་གྲས་རིགས་ལའང་ཞིག་གསོ་བྱེད་པའི་ལས་སྒོ་ཡོད།
རི་མོ་ནི་༢༠༡༧ལོའི་ཟླ་༥པའི་ཚེས་༨ཉིན་བསྟན་པ་རྫོང་ནས་སྤེལ་བའི་སི་ཁྲོན་ཞིང་ཆེན་ནང་གི་བོད་ཁུལ་ཁ་གཏད་རོགས་སྐྱོར་ལས་ཞུགས་དབུལ་སྐྱོར་གྱི་ལས་མི་བསྡུ་བའི་ཡུལ་དངོས་ཡིན།
          སི་ཁྲོན་ཞིང་ཆེན་གྱི་བོད་ཁུལ་དུ་ལིག་ཧོང་པིན་ལྟ་བུ་ནི་གང་སར་ཁྱབ་ཡོད། དཔེར་ན་ཁྲིན་ཏུའུ་ལྟ་བུར་ཆ་མཚོན་ན།  ༢༠༡༢ལོར་ཁྲིན་ཏུའུ་གྲོང་ཁྱེར་གྱིས་སི་ཁྲིན་ཞིང་ཆེན་ནང་གི་བོད་ཁུལ་དབུལ་ཕོང་རྫོང་ལ་ཁ་གཏད་རོགས་སྐྱོར་ལས་ཀ་མགོ་བརྩམས་པ་ནས་ལོ་ངོ་ལྔའི་རིང་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁུལ་༢༠ཡིས་བོད་ཁུལ་གྱི་དབུལ་ཕོང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུར་གཏན་འཁེལ་བྱུང་ཞིང་ལས་ཞུགས་དབུལ་སྐྱོར་གྱི་བྱ་འགུལ་རབ་དང་རིམ་པ་ཞིག་སྤེལ། ཆེད་ལས་མི་སྣ་ཁྱོན་བསྡོམས་༡༥༠༨བོད་ཁུལ་དུ་མངགས་ནས་དཔལ་འབྱོར་གོང་འཕེལ་དང་། ལས་ཞུགས་སྐུལ་ཁྲིད། བོད་ཁུལ་གྱི་“9+3”རིན་མེད་ལས་རིགས་སློབ་གསོ་རོགས་སྐྱོར་བྱས་ནས་ཐེངས་དང་པོར་ལས་ཞུགས་མི་གྲངས་༦༨༤༠ཟིན་པར་གྱུར། བོད་ཁུལ་དུ་བཀོད་སྒྲིག་བྱས་པའི་ཤེས་ལྡན་མི་སྣ་༥༠༨དང་། ནུས་རྩལ་སྣ་ཚོགས་གསོ་སྦྱོང་བྱེད་པ་མི་གྲངས་༣༡༥༣༡ལ་སླེབས། ས་གནས་ཀྱི་ལས་སྒོའི་རྐང་འཛིན་མི་སྣ་༤༠༨༡གསོ་སྐྱོང་བྱས། དབུལ་ཕོང་མི་སྣ་༧༦༠༣གསོ་སྦྱོང་བྱས། བོད་ཁུལ་གྱི་དབུལ་ཕོང་ཁྱིམ་ཚང་ལ་ཕན་ཁེ་ཐོགས་པ་༥༧༨༩ཡོད། 
          མ་རྩ་བཏང་བ་ནས་རང་རྐྱ་འཕེར་བར་གྱུར་པ་སྟེ། སི་ཁྲོན་ཞིང་ཆེན་ནང་གི་བོད་ཁུལ་ཁ་གཏད་རོགས་སྐྱོར་ལས་ཀ་ནི་ཐོན་ལས་སྣེ་ཁྲིད་དང་། ལས་གནས་རྒྱུན་མཐུད། ནུས་རྩལ་གསོ་སྦྱོང་། རིག་གནས་ཀྱི་རོགས་སྐྱོར་སོགས་རྣམ་པ་སྣ་ཚོགས་ཡོད།  འདི་དག་ལ་བརྟེན་ནས་གནད་འཁེལ་དབུལ་སྐྱོར་བྱས་ཤིང་། བོད་ཁུལ་གྱི་མང་ཚོགས་དབུལ་བོ་རྣམས་འབྱོར་འབྲིང་དུ་བསྐྱོད་པའི་ཕུགས་བསམ་མངོན་འགྱུར་བྱུང་།  
          གྲངས་ཀའི་ལམ་ནས་གྲུབ་འབྲས་གླེང་ཚེ། ལོ་ངོ་ལྔའི་རིང་མ་རྩ་སྒོར་དུང་ཕྱུར་20ལྷག་བཏང་། 
          ཁྲིན་ཏུའུ་གྲོང་ཁྱེར་ལྟ་བུར་ཆ་མཚོན་ན། ལོ་ངོ་ལྔའི་རིང་ཁྲིན་ཏུའུ་གྲོང་ཁྱེར་གསེར་གླང་ཁུལ་ནས་ནོར་སྲིད་མ་རྩ་སྒོར་དུང་ཕྱུར་༡.༡༦བཏང་སྟེ་རོགས་སྐྱོར་རྣམ་གྲངས་༣༦ལག་བསྟར་བྱས་པ་དང་།  རྣམ་གྲངས་འདི་དག་ལ་རྐྱེན་བྱས་ཏེ་མ་རྩ་གཞན་པ་བཏང་བ་སྒོར་དུར་ཕྱུར་༣.༢ལ་སླེབས་པས་རྫ་ཆུ་ཁའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་ཆེན་པོ་བྱུང་། ༢༠༡༦ལོར་རྫ་ཆུ་ཁ་རྫོང་གིས་ས་གནས་ཀྱི་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར་༨.༣༧མངོན་འགྱུར་བྱུང་བ་དང་། ༢༠༡༡ལོ་དང་བསྡུར་ན་༥༩.༤༥%འཕར་ཡོད། འདི་ལས་དབུལ་ཕོང་དུད་ཁྱིམ་༡༢དང་། མི་གྲངས་༩༩༨དབུལ་ཐར་བྱུང་། བགྲོད་ལམ་དང་། ཁོར་ཡུག་སྲུང་སྐྱོབ། གློག་ཤུགས་སོགས་རྨང་གཞིའི་སྒྲིག་ཆས་ཀྱང་ལེགས་བཅོས་བྱུང་། གྲོང་ཚོ་རིམ་པའི་སྤྱི་བའི་ཞབས་ཞུ་དང་སྤྱི་ཚོགས་བཅོས་སྐྱོང་ནུས་པའང་མུ་མཐུད་དུ་གོང་འཕེལ་དུ་འགྲོ་མུས་ཡིན། 
          ལོ་ངོ་ལྔའི་རིང་། ཁྲིན་ཏུའུ་གྲོང་ཁྱེར་ཁྲིན་ཧྭ་ཁུལ་ནས་དབུལ་སྐྱོར་མ་རྩ་ཁྱོམ་བསྡོམས་སྒོར་དུང་ཕྱུར་༡.༡༤བཏང་བ་དང་། སྔ་གཞུག་ཏུ་བསྟན་པ་རྫོང་དུ་དབུལ་སྐྱོར་རྣམ་གྲངས་༢༣ལག་བསྟར་གནང་། འདི་དག་ནི་གཙོ་བོ་རྨང་གཞིའི་སྒྲིག་ཆས་དང་། ཐོན་ལས་འཕེལ་རྒྱས། སློབ་གསོ་གསོ་སྦྱོང་། ལས་ཞུགས་ལས་གཏོད་སོགས་སུ་གཏོགས་ལ། གནད་འཁེལ་དབུལ་སྐྱོར་གྱི་མཇུག་མཐའི་ལེ་དབར་བརྒྱ་ཞེས་པའི་བྱེད་ཕྱོགས་འཆར་འགོད་བྱས།
རི་མོ་ནི་དཀར་མཛེས་བོད་རིགས་རང་སྐྱོར་ཁུལ་བསྟན་པ་རྫོང་གི་བྱང་བུ་ཡོད་པའི་དབུལ་ཕོང་ཁྱིམ་ཚང་གིས་བསྒྲུབས་པའི་ཞིང་ཁྱིམ་རྩེད་ར་ཡིན། 
          ༢༠༡༢ལོར་སི་ཁྲོན་ཞིང་ཆེན་གྱིས་“7+20”ཞེས་པའི་ཞིང་ཆེན་ནང་གི་བོད་ཁུལ་རོགས་སྐྱོར་ལམ་ལུགས་བཙུགས་པ་ནས་བཟུང་། ཁྲིན་ཏུའུ་དང་། ཕན་ཀྲི་ཧྭ།  ལུའུ་ཀྲུའུ། མེན་དབྱང་། ལི་ཧྲན། དབྱི་པིན་སོགས་གྲོང་ཁྱེར་བདུན་གྱིས་བྱ་བ་ནན་ཏན་གྱིས་བསྒྲུབ་ནས་བོད་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོའི་ཡོང་འབབ་གཏན་འཇགས་ཡོང་བ་ལ་མི་ཤུགས་དང་རྒྱུ་ཤུགས་མང་པོ་བཏོན།  ༢༠༡༦ལོའི་བར་དུ་གྲོང་ཁྱེར་བདུན་པོ་འདི་དག་གིས་ལོ་ལྟར་སྤྱི་བའི་ནོར་སྲིད་ཡོང་འབབ་ཀྱི་༠.༥%དེ་དངུལ་སྨར་གྱི་རྣམ་པས་མ་རྩ་གཏོང་བཞིན་ཡོད་ལ།  སི་ཁྲོན་ཞིང་ཆེན་ནང་གི་བོད་ཁུལ་ཁ་གཏད་རོགས་སྐྱོར་གྱི་དབུལ་ཕོང་རྫོང་༢༠བར་“7+20”ལྟར་གྱི་དབུལ་སྐྱོར་སྒྲིག་གཞི་ཆགས་ཤིང་། ༢༠༡༦ལོའི་ལོ་མཇུག་བར་དུ་བོད་ཁུལ་ཁ་གཏད་རོགས་སྐྱོར་གྱི་མ་རྩ་སྒོར་དུང་ཕྱུར་༢༤.༩༡ལ་སླེབས་ཡོད་པ་རེད།  འདིའི་ཁྲོད་དུ་རྣམ་གྲངས་ལག་བསྟར་བྱས་པ་༥༢༩དང་བོད་ཁུལ་རོགས་སྐྱོར་ཤེས་ལྡན་མི་སྣ་༣༦༧༧ཡོད། 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716