སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིས་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་སྐོར་གླེང་བ།
སྤེལ་དུས། 2017-10-25   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  
         ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་། སེམས་ཐག་གཙང་བཅད་ཀྱིས་དབུལ་སྒྲོལ་འགག་གཏོར་དམག་འཐབ་ཡག་པོ་བརྒྱབ་ནས་སྤྱི་ལོ་༢༠༢༠ལོར་སླེབས་སྐབས་རང་རྒྱལ་གྱི་ད་ལྟའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དབུལ་སྒྲོལ་ཐུབ་པ་དང་དབུལ་ཕོངས་རྫོང་ཚང་མའི་དབུལ་ཞྭ་ཕུད་ཐུབ་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཐག་གཅོད་བྱས་ནས་དངོས་སུ་དབུལ་སྒྲོལ་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།


         ལྷ་མཚོ་དང་ཉི་མ་སྲི་ཆོས་སོགས་འཐུས་མི་རྣམས་ཀྱིས། ཉེ་ལམ་ལོ་ཤས་རིང་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་གྲོང་ཚོའི་ནང་དབུལ་ཕོངས་དུད་ཚང་ཉུང་དུ་ཕྱིན་པ། ཕྱུག་འགྱུར་དུད་ཚང་མང་དུ་ཕྱིན་ཡོད་པས། གྲོང་ཚོའི་མང་ཚོགས་ཚང་མས་སྙིང་དབུས་ནས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་བ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད་ཅེས་བཤད་འདུག


         ཚོགས་ཆེན་བཅུ་དགུ་པའི་འཐུས་མི།   བྲག་གཡབ་རྫོང་ཨུད་ཀྱི་ཧྲུའུ་ཅི་རེན་ཧོའུ་མིང་གིས།  རྫོང་ཡོངས་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་དབུལ་སྐྱོར་རྣམ་གྲངས་ཆེ་བ་རིགས་༧གྱི་རྣམ་གྲངས་༨༡འཆར་འགོད་བྱས་པ་དང་། སྔོན་དཔག་བྱས་ན་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་༨.༢བཏང་ནས། ཡིག་ཚགས་བཟོས་པ་དང་ཁ་ཤོག་སྤྲད་པའི་དབུལ་ཕོངས་དུད་ཚང་༡༤༢༡གི་མི་གྲངས་༥༡༣༡ཡོང་སྒོ་འཕར་ནས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་འདུག


         འཐུས་མི་རྣམས་ཀྱིས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་པ། ལག་བསྟར་གཏིང་ཟབ་བཅས་བྱེད་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ཏེ། སྤྱི་ལོ་༢༠༢༠ལོར་སླེབས་སྐབས་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་ཐུབ་པའི་འགན་ལེན་བྱེད་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་ནས།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་བློ་བདེ་པོ་ཡོང་བ་དང་རྒྱལ་ཡོངས་མི་དམངས་ཡིད་ཚིམས་པོ་ཡོང་བ། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ཡིན་ཞེས་བཤད་འདུག

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716