སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་སྐུལ་ལྕག་གནང་བ།
སྤེལ་དུས། 2017-10-31   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ཆོས་སྒྲོན།
སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བརྟན་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་པ་ཞིག་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅིའི་ཡིག་ལན་ཡུལ་སྨད་ཤང་གི་མཐའ་སྲུང་གཅེན་གཅུང་གཉིས་ཀྱི་ལག་ཏུ་འབྱོར་རྗེས་ཁོང་གཉིས་པོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་མཐའ་མཚམས་སྲུང་སྐྱོང་ཡག་པོ་དང་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱས་ཏེ་ཏང་གི་བཀའ་དྲིན་འཇལ་རྒྱུ་ཡིན་ཞེས་བརྗོད་པ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོར་འཕྲིན་ལན་སྤྲིངས་ཏེ་ཁོང་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་རྒྱུན་མཐུད་ངང་རྒྱལ་ཁབ་ཀྱི་མཐའ་མཚམས་བསྲུངས་པའི་བྱ་སྤྱོད་ལ་ཁས་ལེན་གནང་བ་དང་འབྲེལ་དུས་ཡུན་རིང་པོའི་ནང་མཐའ་སྲུང་མཐའ་བརྟན་དང་ལྷག་བསམ་རྣམ་དག་ངང་ལེགས་སྐྱེས་འབུལ་མཁན་བློ་མཐུན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། རྒྱ་ཆེའི་ཞིང་འབྲོག་པས་མཐའ་མཚམས་སུ་གཞི་ཚུགས་ཏེ་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་དང་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།
          འཕྲིན་ལན་ནང་ཞི་ཅིན་ཕིང་གིས་ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཟིན་པ་དང་ལོ་ལྟར་ལོ་ཕྱེད་ལྷག་ཙམ་ཁ་བས་ལམ་འགོག་པའི་མཐའ་མཚམས་ས་མཐོར་ཁྱེད་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་སྐད་གྲགས་མེད་པར་བགྲང་བྱ་བཅུ་ཕྲག་འགའ་ཞིག་ཉིན་གཅིག་ལྟར་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་བརྟན་སྲུང་བྱེད་པའི་སྙིང་སྟོབས་ལ་མི་རྣམས་ཡི་རང་ཞུ་དགོས་པ་ཞིག་ཡོད། ངས་ཁྱེད་རྣམ་པ་དང་དུས་ཡུན་རིང་པོའི་ནང་མཐའ་སྲུང་མཐའ་བརྟན་དང་ལྷག་བསམ་རྣམ་དག་ངང་ལེགས་སྐྱེས་འབུལ་མཁན་བློ་མཐུན་ཡོངས་ལ་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།
ཞི་ཅིན་ཕིང་གིས་རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལ་མཚམས་ཀྱི་དུས་བདེ་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད། མེས་རྒྱལ་མཐའ་མཚམས་ཁུལ་གྱི་རྩྭ་རྩི་ཤིང་ཚུན་ཆད་ང་ཚོ་ཚང་མས་སྲུང་སྐྱོང་ཡག་པོ་བྱེད་དགོས། རེ་བར་ཁྱེད་ཚོས་མུ་མཐུད་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་གྱིས་འབྲོག་པ་མང་ཚོགས་སྔར་བས་མང་བའི་སྣེ་ཁྲིད་དེ་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ས་ཆ་བརྟན་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་པ་ཞིག་བྱེད་དགོས་ཞེས་གསུངས་ཡོད། (འཕྲིན་ལན་ཆ་ཚང་ཟུར་དུ་བཀོད་ཡོད)
          ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པ་འཚོགས་མ་ཐག་ཡིན་པས་ཏང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་ནས་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ངེས་ཡིན། ཚང་མའི་ཐུན་མོང་གི་འབད་བརྩོན་འོག་སྔོན་ཆད“མི་གསུམ་གྱི་ཤང”ཞེས་གྲགས་པའི་ཡུལ་སྨད་འདི་ཉིད་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་ཤང་ཞིག་ཏུ་བསྐྲུན་ཐུབ་ངེས་ཡིན་ལ་ཡུལ་མི་ཚོའི་འཚོ་བ་ཡང་སྔར་བས་ལེགས་སུ་འགྲོ་ངེས་ཡིན་ཞེས་གསུངས།
          བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དེ་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པ་དང་། རི་བོ་གཡང་གཟར་ལ་འགྲོ་ལམ་ཉེན་ཁ་ཆེ་བ་དང་འགྲིམ་འགྲུལ་སྟབས་བདེ་པོ་མེད། ད་ཆ་ཤང་དེར་དུད་ཚང་9དང་ཡུལ་མི་32ཡོད། དེ་ནི་རང་རྒྱལ་གྱི་མི་འབོར་ཉུང་ཤོས་དང་མི་རེའི་ཆ་སྙོམས་ས་ཆའི་རྒྱ་ཁྱོན་ཆེ་ཤོས་ཀྱི་ཤང་ཞིག་ཡིན། དུས་རབས་གོང་མའི་དུས་ཡུན་རིང་པོ་ཞིག་ནང་ཡུལ་སྨད་ཤང་དུ་དུད་ཚང་སངས་རྒྱས་ཆོས་འཕགས་གཅིག་པུ་ལས་མེད་པས་ཕྱི་མི་ཚོས“མི་གསུམ་གྱི་ཤང”ཞེས་བརྗོད་ཀྱི་ཡོད། ལོ་བཅུ་གྲངས་རིང་སངས་རྒྱས་ཆོས་འཕགས་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ཀྱིས་ཡུལ་སྨད་ཀྱི་མཐའ་མཚམས་རྒྱུན་མཐུད་ངང་བསྲུང་ནས་རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་བརྩམས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་གྲབས་ཡོད་པའི་མཚམས་སུ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་རྒྱལ་ཁབ་ཀྱི་མཐའ་མཚམས་བསྲུངས་བའི་ཉམས་མྱོང་དང་ཕ་ཡུལ་འཕེལ་རྒྱས་ཀྱི་འགྱུར་ལྡོག་སྙན་སེང་ཞུས་ནས་ཡུལ་མི་ཚོ་དང་མཉམ་དུ་མུ་མཐུད་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་རྒྱུ་མཐའ་འཁྱོངས་དང་ཏང་གི་དྲིན་ལན་འཇལ་རྒྱུའི་ཆོད་སེམས་མཚོན་པར་བྱས་པ་རེད།
འདི་ག་ཚགས་པར་ཁང་དུ་ཡུལ་སྨད་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གི་འཕྲིན་ལན་ཞིག་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཀྱི་མཐའ་མཚམས་ཤང་སྟེ། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་ལག་ཏུ་འབྱོར། འཕྲིན་ཡིག་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་རིང་མཐའ་སྲུང་མཐའ་བརྟན་ཆེད་དུ་ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་འབུལ་མཁན་གྱི་བློ་མཐུན་ཚང་མར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། མུ་མཐུད་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་འབྲོག་པ་དེ་བས་མང་བའི་སྣེ་འཁྲིད་དེ་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུའི་ཐུགས་རེ་གནང་བ་རེད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་གནང་བ་ཤེས་འཕྲལ། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོས་སེམས་འགུལ་ཚད་མེད་ཐེབས་བཞིན་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་སྔ་ས་ནས་གྲོང་ཁར་སྒུག་ནས་བསྡད། ནམ་རྒྱུན་ཆར་སིམ་ཆད་རྒྱུ་མེད་པའི་ཡུལ་སྨད་ལུང་ཤུར་དུ་དེ་ཉིན་ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་ལྷག་པར་འཚེར།
          “མེས་རྒྱལ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་ལ། རྒྱལ་ཁོངས་ཀྱི་དུས་བདེ་ཞི་འཇགས་མེད་ན། ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད……”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་ནང་དོན་མཐོང་རྗེས་གཅེན་གཅུང་གཉིས་པོ་སེམས་འགུལ་ཚད་མེད་ཐེབས་ནས་མཆི་མ་རང་དབང་མེད་པར་ཤོར།
          ངོ་གདོང་གྱི་མིག་ཆུ་འཕྱིད་བཞིན་སྒྲོལ་དཀར་གྱིས། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་ཉན་རྗེས‘མེས་རྒྱལ་གྱི་ས་ཆ་ཐོ་གང་ཡང་མ་ཤོར་བ་བྱེད་དགོས’ཞེས་པའི་ཕ་འདས་པོ་འཚོ་བཞུགས་སྐབས་རྒྱུན་དུ་ང་ཚོར་སློབ་གསོ་རྒྱག་པའི་སྐད་ཆ་དག་དྲན་འོངས་ཀྱི་འདུག མ་གཞི་ད་ཆ་ང་རང་ན་སོ་རྒས་ནས་གཟུགས་པོ་ཐང་པོ་དེ་ཙམ་མེད་མོད། འོན་ཀྱང་མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་སྲུང་བའི་འགན་འཁྲི་དུས་དང་རྣམ་པ་ཀུན་ཏུ་ཕྲག་སྟེང་དུ་འཁུར་ཡོད”ཅེས་བརྗོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་གནང་བ་ཤེས་རྗེས་ཡུལ་སྨད་ཤང་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། སྤྱི་བདེ་མཐའ་སྲུང་དཔོན་དམག་ཚུད་པའི་ཤང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་རྒན་སྐྱོར་གཞོན་ཁྲིད་ཀྱིས་མ་བགྲོས་གཅིག་མཐུན་ངང་གྲོང་ཁར་འཛོམས་ནས་འཚང་ཁ་ཤིག་ཤིག་གིས་འཕྲིན་ལན་ལ་ལྟ་བར་འོང་། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་ལ་ཉན་ནས་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་པར་བྱས་ཏེ་མེས་རྒྱལ་མཐའ་མཚམས་ཀྱི་རྩྭ་རྩི་ཤིང་རྐང་རྡོག་རེ་ལ་ཡང་སྲུང་སྐྱོང་ཡག་པོ་བྱས་ནས། ཡུལ་སྨད་དེ་ཉིད་བདེ་སྐྱིད་དང་མཛེས་སྡུག་གི་འབྱོར་འབྲིང་ཤང་དུ་བསྐྲུན་རྒྱུ་ཡིན་ཞེས་བཤད།
          ན་ནིང་ཟླ་10ཚེས་12ཉིན་ཧྲུའུ་ཅི་ཝུའུ་དབྱིང་ཅེ་གངས་གསོག་གིས་ལམ་བུ་མ་འགག་གོང་ཆེད་མངགས་ཡུལ་སྨད་ཤང་དུ་མཐའ་སྲུང་བྱེད་མཁན་གཅེན་གཅུང་གཉིས་ལ་གཟིགས་པར་ཕེབས་ནས། ཁོང་གཉིས་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ཐུགས་འཁུར་གནང་ལུགས་བརྒྱུད་སྤྲོད་གནང་བ་དང་། མཐའ་མཚམས་དམག་དམངས་ཀྱིས་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱས་ནས། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་རླབས་ཆེན་མེས་རྒྱལ་གྱི་ས་གཞིའི་སྟེང་ལྷབ་ལྷུབ་ཏུ་གཡོ་ཐུབ་པ་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།
          ལྷུན་རྩེ་རྫོང་ཡུལ་སྨད་ཤང་དེ་ཧི་མ་ལ་ཡའི་ལྷོ་རྒྱུད་དུ་གནས་པ་དང་གངས་རིའི་ཕྲེང་བས་བསྐོར་བ་མ་ཟད། འགྲིམ་འགྲུལ་སྟབས་བདེ་མེད་པ་དང་ཤང་ཡོངས་ལ་ད་ཆ་དུད་ཚང་9དང་མི་32ལས་མེད་ཅིང་། རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཀྱི་ཤང་ཞིག་རེད། དུས་རབས་གོང་མའི་ལོ་རབས་བདུན་ཅུ་ནས་ལོ་རབས་དགུ་བཅུ་པའི་བར་ཡུལ་སྨད་ཤང་དུ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་ཕ་སངས་རྒྱས་ཆོས་པ་བཅས་ནང་མི་གསུམ་འཛོམས་ཀྱི་དུད་ཚང་གཅིག་རང་ལས་མེད་པས“མི་གསུམ་ཤང”ཞེས་འབོད་ཀྱི་ཡོད། ལོ་བཅུ་ཕྲག་རིང་དུ་ཕ་དང་བུ་མོ་གཉིས་བཅས་མི་གསུམ་གྱིས་མཐའ་མཚམས་བསྲུངས་ནས་རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་བརྩམས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་ཉེའི་སྐབས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ་མེས་རྒྱལ་ཆེད་དུ་མཐའ་མཚམས་སྲུང་བའི་བརྒྱུད་རིམ་དང་མྱོང་ཚོར། ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་སྙན་སེང་ཞུས་ནས། ཡུལ་མི་རྣམས་དང་མཉམ་དུ་མུ་མཐུད་ནས་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་བ་དང་ཏང་གི་བཀའ་དྲིན་འཇལ་བའི་ཆོད་སེམས་མཚོན་པར་བྱས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716