སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་ལྔ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
སྤེལ་དུས། 2017-11-13   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  རྡོ་རྗེ།

          ཟླ་11ཚེས་11ཉིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་ལྔ་པ་ཝེ་ཐེ་ནམ་གྱི་གྲོང་ཁྱེར་ཤན་ཀང་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་འགོ་བརྗོད་ལ《ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མཉམ་ལས་གཉིས་ཁེའི་ལེའུ་གསར་པ་རྩོམ》ཞེས་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ།
          ཚེས་11ཉིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་ལྔ་པ་ཝེ་ཐེ་ནམ་གྱི་གྲོང་ཁྱེར་ཤན་ཀང་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་འགོ་བརྗོད་ལ《ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མཉམ་ལས་གཉིས་ཁེའི་ལེའུ་གསར་པ་རྩོམ》ཞེས་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཕྱོགས་ཁག་གིས་འབད་བརྩོན་ལྷོད་མེད་ངང་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལག་ལེན་ཧུར་ཐག་བསྟར་བ། རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་རེས་སྐོར་གསར་པའི་དར་རྒྱས་གོང་འཕེལ་ལ་སྣེ་ཁྲིད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ལོ་གསུམ་གོང་གི་དེ་རིང་། ང་ཚོས་པེ་ཅིང་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མཉམ་ལས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད། ལོ་གསུམ་རིང་། འཛམ་གླིང་དཔལ་འབྱོར་རིམ་གྱིས་སླར་གསོ་བྱུང་ནས་ཕྱོགས་ཁག་གི་ཡིད་ཆེས་ད་ལྟ་འཕེལ་བཞིན་ཡོད་པ་རེད། ང་ཚོས་འཛམ་གླིང་དཔལ་འབྱོར་ལ་གཏིང་ཟབ་པའི་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་པ་མཐོང་ཐུབ་པ་བྱེད་དགོས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཕྱོགས་ཁག་གིས་བབ་བསྟུན་སྣེ་ཁྲིད་དང་བྱ་སྤྱོད་སྤེལ་རྒྱུར་གཞི་ཚུགས་ནས་གོ་ལ་ཧྲིལ་པོའི་རེས་སྐོར་གསར་པའི་དར་རྒྱས་གོང་འཕེལ་ལ་སྣེ་ཁྲིད་བྱེད་དགོས་པ་སྟེ།
          གཅིག་ནས་འབད་བརྩོན་ལྷོད་མེད་ངང་གསར་གཏོད་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་གཏོད་དགོས་ཤིང་། ང་ཚོས་ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ཀྱི་འཁོར་ལོ་གཉིས་མཉམ་དུ་བསྐོར་རྒྱུར་སྐུལ་འདེད་གཏོང་བ་དང་ཁྲོམ་ར་དང་ལག་རྩལ་ཞི་མཐུན་མཉམ་དར་ཡོང་བ་བྱས་ནས་ལག་རྩལ་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་ལ་རྒྱུན་ཆད་མེད་པར་འབྲས་བུ་ཐོན་པ་བྱས་ཏེ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་འདོན་དགོས་པ་དང་།
          གཉིས་ནས་བློ་བརྟན་འགྱུར་མེད་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་བར་མཐོངས་གཏོད་དགོས་ཤིང་། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་ཉོ་ཚོང་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཛུགས་པ། ཕྱོགས་མང་ཉོ་ཚོང་ལམ་སྲོལ་ལ་སྲུང་སྐྱོང་དང་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་གོ་ལ་ཅན་བསྐྱར་དུ་དོ་སྙོམས་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས་པ།
          གསུམ་ནས་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལག་ལེན་ཧུར་ཐག་བསྟར་ནས་སྤྱི་དམངས་ལ་དེ་བས་མང་བའི་ཐོབ་ཚོར་ཡོད་པ་བྱེད་དགོས་ཤིང་། ང་ཚོས་བསྟུན་མཁས་རང་བཞིན་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། དྲང་གཞག་དང་ལས་ཆོད་དང་། མ་རྩ་དང་ངལ་རྩོལ། ལག་རྩལ་དང་ལས་ཞུགས་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། མི་དེ་བས་མང་བས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་པ།
          བཞི་ནས་རོགས་ཟླའི་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས་ཤིང་། ང་ཚོས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། སྲིད་ཇུས་མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས། མཚུངས་མིན་གྱི་མཉམ་མཐུན་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ལེགས་ཆ་གསབ་རེས་དང་། མཉམ་ལས་གཉིས་ཕན། འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་རེས་བཅས་ལ་སྐུལ་འདེད་གཏོང་དགོས།
          ཞི་ཅིན་ཕིང་གིས་ཟླ་བ་གོང་མར། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ནས། འབྱུང་འགྱུར་དུས་སྐབས་ཤིག་རིང་གི་གཞི་རྩའི་མཛད་ཇུས་དང་འཕེལ་རྒྱས་ཀྱི་འཆར་གཞི་བཟོས་ཡོད། ང་ཚོས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་རྒྱུར་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་རྣམ་པའི་རྒྱལ་ཁབ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ། ཕྱོགས་ཡོངས་ནས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་དགོས། འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་བས་འདང་ངེས་དང་། མི་དམངས་ཀྱི་ཐོབ་ཚོར་དེ་བས་ཆེ་བ། འཛམ་གླིང་དང་སྤེལ་རེས་དེ་བས་ཟབ་པའི་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་དང་འཛམ་གླིང་ལ་གོ་སྐབས་སྔར་བས་མང་བ་བཏོད་ནས་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716