སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཚོགས་འདུ་འཚོགས་པ།
སྤེལ་དུས། 2017-11-21   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རིག་རྡོར་གྱིས་བསྒྱུར།
ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། 《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》 《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལག་བསྟར་ཞིབ་སྲོལ》སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
          ཚེས་19ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྨན་གླིང་གི་ཡོམ་འགོག་གེགས་སེལ་གྱི་ལས་བྱེད་མང་ཚོགས་དང་དཔུང་སྡེའི་དཔོན་དམག་ལ་བྱམས་བརྩེའི་འཚམས་འདྲི་གནང་ལུགས་དང་། བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་བཙུགས་ནས་ལོ་80འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་དང་། 《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》དང《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལག་བསྟར་ཞིབ་སྲོལ》བརྒྱུད་བསྒྲགས་དང་སློབ་སྦྱོང་། རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་སྐོར་གྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་ཡི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག རང་ལྗོངས་སུ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གཉིས་པ་སློབ་སྦྱོང་བྱེད་པའི་ལས་དོན་བཀོད་སྒྲིག རང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་དང་། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས། ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟ་ཟབ་གཏོང་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
          ཚོགས་འདུའི་ཐོག་བསྟན་དོན། སྨན་གླིང་རྫོང་དུ་ས་ཡོམ་བརྒྱབ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་འཕྲལ་དུ་བྱམས་བརྩེའི་འཚམས་འདྲི་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་བྱམས་བརྩེའི་ཐུགས་ཁུར་དང་ལྷག་པར་དུ་གེགས་ཁུལ་མི་དམངས་ལ་ཐུགས་ཁྲལ་གནང་ལུགས་གང་ལེགས་མཚོན་ཡོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་གེགས་ཁུལ་གྱི་ལས་བྱེད་མང་ཚོགས་ཁྲོད་འཕྲལ་དུ་བརྒྱུད་བསྒྲགས་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་ལ་ཏང་ཀྲུང་དབྱང་གི་གཟིགས་སྐྱོང་དང་དྲོ་སྐྱིད་ཚོར་བ་བྱེད་དགོས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་གེགས་སེལ་མི་སྣའི་བདེ་འཇགས་འགན་ལེན་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གནོད་འཚེ་ཕོག་ཚུལ་ལ་དཔྱད་དཔོག་བྱེད་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས་གེགས་ཁུལ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། 《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》དང《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལག་བསྟར་ཞིབ་སྲོལ》ནི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ངང་ཤུགས་སྣོན་རྒྱག་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱེད་པ། གཏན་འབེབས་དང་ཞིབ་སྲོལ་གྱི་དགོངས་དོན་ལ་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་བྱེད་པ་དང་གོ་བ་བླངས་ཏེ་དགོངས་དོན་ཇི་མ་ཇི་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔ་བར་ཕྱི་གསུམ་དུ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་བ། ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བ། ཏང་གི་སྲོག་ཤིང་ལ་བརྩི་བཀུར་ཞུ་བ། ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་བསམ་བློའི་ཐད་ཡིད་ཆེས་ཆེན་པོ་དང་། ཆབ་སྲིད་ཐད་མཐའ་གཅིག་ཏུ་སྲུང་སྐྱོང་། རྩ་འཛུགས་ཐད་རང་འགུལ་ངང་དང་ལེན་ཞུ་བ། བརྩེ་སེམས་ཐད་ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ལ་མོས་སེམས་བཅས་བྱས་ནས་སྔ་བར་ཕྱི་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་ལམ་བུ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཏང་གི་སྒྲིག་ཡིག་ལས་འགལ་བ་དང་། ཏང་གི་སྒྲིག་ཁྲིམས་ལ་གཏོར་བཤིག་གཏོང་བ། ཏང་ཀྲུང་དབྱང་གི་གཅིག་སྡུད་འགོ་ཁྲིད་དང་མཐུན་སྒྲིལ་གཅིག་གྱུར་ལ་གནོད་འཚེ་བཟོ་བའི་གཏམ་སྤྱོད་བཅས་ལ་རང་འགུལ་ངང་འཐབ་རྩོད་བྱེད་དགོས་པ་དང་། གཉིས་ནས་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རང་འགུལ་ངང་འགན་འཁྲི་འཁུར་བ་དང་ལས་དོན་སྒྲུབ་དགོས་པ། གསུམ་ནས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཟབ་ཏུ་གཏོང་དགོས་ཤིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་རང་ལྗོངས་ཀྱི་ལག་བསྟར་ཞིབ་སྲོལ་གྱི་བྱེད་ཐབས་གང་མགྱོགས་བཟོས་ནས་རྒྱུན་འཁྱོངས་ལྷོད་མེད་ངང“སྤྱོད་ཚུལ་བཞི”བཅོས་སྒྲིག་བྱེད་པ་དང་ལྷག་དོན་དུ་རྩོམ་སྲོལ་དང་ཚོགས་སྲོལ་ལེགས་སུ་གཏོང་བ་དང་བརྟག་དཔྱད་ཞིབ་འཇུག་དང་གསར་འགྱུར་སྤེལ་གཏོང་ཇེ་ལེགས་སུ་བཏང་ནས་རྒྱུན་ཆད་མེད་པར་སྤྱོད་ཚུལ་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་དགོས་པ། བཞི་ནས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་བློ་མཐུན་ཚོས་ཚད་ཤིང་བཙུགས་ནས་མུ་མཐུད་སྣེ་འཁྲིད་དེ་ལུས་ཚུགས་པ་དང་འཐབ་ས་མདུན་མར་བསྐྱོད་ནས་དྲང་གཏམ་ཉན་པ་དང་། གནས་ཚུལ་དངོས་ལ་རྟོག་ཞིབ། ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས་པ། ལྔ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་དགོས་ཤིང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱེད་པ། སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་ཆེ་རུ་གཏོང་བ། རུལ་སུངས་བྱེད་མི་རུང་བའི་རླུང་ཙི་དམ་དུ་གཏོང་བ། རུལ་སུངས་མི་བྱེད་པའི་རང་འགུལ་བསམ་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་བྱེད་པ་སྤྱོད་གཙང་དང་། སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་དྭངས་གཙང་བཅས་ཡོང་བ་བྱེད་དགོས་པ་བཅས་སོ།
          ཚོགས་འདུའི་ཐོག་བསྟན་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གཉིས་པས་ལྗོངས་ཡོངས་ཀྱི་ལས་བྱེད་མང་ཚོགས་ཚོར་རོགས་རམ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་གྱི་དར་ཆ་མཐོན་པོ་བསྒྲེངས་བ་དང་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་གོ་བ་ལེན་པ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་འཕྱུར་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ལྡན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཟུང་འབྲེལ་ཡག་པོ་བྱས་ནས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ཀྱི་བླང་བྱ་གཞིར་བཟུང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པ་སློབ་སྦྱོང་བྱ་རྒྱུ་དེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་བ་དང་། རིམ་ཁག་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)དང་རིགས་ཁག་གི་སློབ་གྲྭའི་སློབ་ཁྲིད་འཆར་གཞིའི་ནང་འཇུག་པ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་ནུས་ལྡན་དུ་བརྩི་བ་བཅས་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་བློ་མཐུན་ཚོས་གཏིང་ཟབ་ཞིབ་ཚགས་ངང་སློབ་སྦྱོང་བྱ་རྒྱུའི་སྣེ་འཁྲིད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྗོངས་ཡོངས་སུ་སློབ་སྦྱོང་བྱ་རྒྱུར་སྐུལ་ཁྲིད་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་ནི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁྲོད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཞིབ་ཕྲའི་མངོན་ཚུལ་ཞིག་རེད། རྒྱལ་ཡོངས་བརྟན་ལྷིང་སྲུང་སྐྱོང་གཞུང་དོན་ཁང་གི་ཀྲུའུ་རེན་ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཆེད་བཀོད་སྒྲིག་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀར་སྤྱི་འདོམས་བྱེད་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཏང་གིས་བརྟན་ལྷིང་སྲུང་སྐྱོང་ལས་ཀར་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། སྔ་བར་ཕྱི་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་བཟུང་བ། ཉེན་བརྡ་རྒྱུན་སྒྲོག་དང་ལྷོད་གཡེང་གཏན་ནས་མེད་པ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ལ་གཞིགས་པ་དང་། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ནས་ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་པ། མ་བྱུང་སྔོན་འགོག་རྩ་དོན་དུ་བྱས་ནས་ལས་དོན་སྒྲུབ་པ། དོན་ཆེན་མ་ཐོན་སྔོན་འགོག་བྱས་ནས་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། ལས་འགན་སྒྲུབ་ཕོད་པ་དང་འགན་འཁྲི་དོན་འཁྱོལ་ཐུབ་རྒྱུ་ཚད་གཞིར་འཛིན་ནས་ལས་བྱེད་པར་ལྟ་བ་དང་། ཤུགས་སྣོན་ཚད་མེད་དང་། སྙིང་རུས་གཏན་འཁྱོངས། རྒྱུན་སྲིང་ལྷོད་མེད་བཅས་ཀྱི་སྒོ་ནས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཏེ་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་ངང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་བཀོད་སྒྲིག་དང་། ཁོངས་གཏོགས་ས་ཆའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བཅས་བྱས་ནས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ཏེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་ཡོང་གང་ཐུབ་བྱེད་དགོས། ལས་བྱེད་པ་དང་ལས་བཟོར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ནས་འཁོར་ཞག་དང་རེས་འཁོར་ངལ་གསོ་ལུགས་མཐུན་བཀོད་སྒྲིག་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་བཙུགས་ནས་ལོ་80འཁོར་བར་སྤྲིངས་པའི་འཕྲིན་ཡིག་ནང་སྤྱི་ཁྱབ་ཧྲུའུ་ཅིས་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་གསར་འགྱུར་འཐབ་ཕྱོགས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་གང་ལེགས་མཚོན་པ་དེ་ནི་དུས་རབས་གསར་པའི་གསར་འགྱུར་གླེང་ཕྱོགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་གསར་འགྱུར་དྲིལ་བསྒྲགས་སྡེ་ཚན་དང་རྒྱ་ཆེའི་གསར་འགྱུར་ལས་དོན་པས་སྤྱི་ཁྱབ་ཧྲུའུ་ཅིས་སྤྲིངས་པའི་འཕྲིན་ཡིག་གི་དགོངས་དོན་དང་། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་བཙུགས་ནས་ལོ་80འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་སྐབས་27པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་སྤྲོད་པའི་སྙན་ཞུའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ནས“གདེང་ཚོད་བཞི”བརྟན་དུ་བཏང་སྟེ་རྒྱུན་ཆད་མེད་པར་གསར་འབྱེད་ཡར་བརྩོན་གྱིས་དུས་རབས་གསར་པའི་ཏང་གི་གསར་འགྱུར་བྱ་གཞག་གི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས། ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་དང་ཤུགས་ཆེར་བཏང་སྟེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བོད་དུ་གསོན་ཉམས་དོད་པོས་ལག་ལེན་བསྟར་ལུགས་དྲིལ་བསྒྲགས་ཤུགས་ཆེན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ་རླབས་ཆེན་གྱི་དུས་རབས་ཟིན་ཐོར་འགོད་པ་དང་བོད་གྱི་གཏམ་རྒྱུད་ཡག་པོ་བཤད་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ཆེད་བརྗིད་ཆེའི་དྲང་ནུས་གཅིག་ཏུ་འདུ་དགོས།
          ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཁབ་བདེ་འཇགས་ལས་དོན་སྐོར་གྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་ཡི་གསུང་བཤད་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་འཕྲིན་ལན་སྤྲིངས་པའི་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་དང་ལས་དོན་གྱི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་བརྟན་པོ་བྱེད་པ། སྣོད་བཅུད་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་གཏིང་ཟབ་སྤེལ་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་མི་སུ་འདྲ་ཞིག་གིས་དུས་གང་ཞིག་དང་རྣམ་པ་གང་རུང་ཞིག་གི་ཐོག་ནས་བོད་ཀྱི་ས་ཆ་ཚུན་གང་ཡང་མེས་རྒྱལ་ནས་ཁ་འབྲལ་དུ་གཏན་ནས་མི་འཇུག་པར་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ཡག་བརྩེགས། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་། ཡག་ཐོག་ཡག་བརྩེགས། ལེགས་འཕྲོད་བཟང་འཕེལ་བཅས་ཡོང་བ་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ་རང་སྐྱོང་ལྗོངས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། 《བོད་རང་སྐྱོང་ལྗོངས་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བའི་ཚོད་ལྟའི་ལས་དོན་གྱི་ལག་བསྟར་ཇུས་གཞི》དེ་ཀྲུང་དབྱང་གི་བཀོད་སྒྲིག་ལག་ལེན་བསྟར་ནས་བཏོན་པའི་དམིགས་ཚད་ལས་འགན་དང་། ལས་ཀའི་རྩ་དོན། ལག་བསྟར་གོ་རིམ་བཅས་སྤྱིའི་ཆ་ནས་ཀྲུང་དབྱང་གི་བླང་བྱ་དང་བོད་ཀྱི་དོན་དངོས་དང་མཐུན་ཡོད་པས་སྤྱིའི་ཆ་ནས་ལག་ལེན་བསྟར་ཆོག
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716