སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་སྐབས་དང་པོའི་དར་གོས་ལམ་བུའི་ལམ་རྒྱུད་ཀྱི་དམངས་ཁྲོད་རྩ་འཛུགས་ཀྱི་མཉམ་ལས་དྲ་བའི་གླེང་སྟེགས་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ།
སྤེལ་དུས། 2017-11-23   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ཉི་མ་ཚེ་རིང་།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། སྐབས་དང་པོའི་དར་གོས་ལམ་བུའི་ལམ་རྒྱུད་ཀྱི་དམངས་ཁྲོད་རྩ་འཛུགས་ཀྱི་མཉམ་ལས་དྲ་བའི་གླེང་སྟེགས་ཚེས་21ཉིན་པེ་ཅིང་དུ་འགོ་ཚུགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ་རེད།
          ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་དར་གོས་ལམ་བུའི་ལམ་རྒྱུད་ཀྱི་དམངས་ཁྲོད་རྩ་འཛུགས་ཀྱི་མཉམ་ལས་དྲ་བ་འཛུགས་རྒྱུ་ནི་ལམ་རྒྱུད་རྒྱལ་ཁབ་ཁག་གི་དམངས་ཁྲོད་སྤེལ་རེས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཚོགས་ཞུགས་འཐུས་མི་ཚོས་ད་ཐེངས་ཀྱི་གླེང་སྟེགས་གོ་སྐབས་ཤིག་ལ་བརྩིས་ཏེ་དམངས་སེམས་གཅིག་མཐུན་གྱི་ཇུས་ཆེན་ལ་སྐུལ་འདེད་གཏོང་རྒྱུ་ཐུན་མོང་ཐོག་གྲོས་མོལ་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་མཛའ་གྲོགས་ཡོང་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་ཡོད་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་སུང་ཐའོ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་ཤིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམངས་ཁྲོད་རྩ་འཛུགས་ཀྱི་མཉམ་ལས་དྲ་བ་འཛུགས་སྐྲུན་ལ་མཐོང་ཆེན་དང་ཐུགས་ཁུར་ཆེན་པོ་གནང་ནས་ཆེད་མངགས་ད་ཐེངས་ཀྱི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཡོད། སླད་ཕྱིན་རྒྱལ་ཁབ་ཁག་གི་དམངས་ཁྲོད་རྩ་འཛུགས་ཀྱིས་བདག་པོའི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་སྟེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་འབུལ་འོས་པའི་ལེགས་སྐྱེལ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་ཨེ་ཅིབ་ཀྱི་ཙུང་ལི་ཟུར་པ་ཧྲ་ལཱ་ཧྥུའུ་དང་། རོ་མ་ནི་ཡའི་ཙུང་ལི་ཟུར་པ་ཕེང་ཐ། ཀྲུང་གོ་དམངས་ཁྲོད་རྩ་འཛུགས་རྒྱལ་སྤྱིའི་སྤེལ་རེས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་སུན་ཅ་ཀྲེང་བཅས་ཀྱིས་ཤིས་ཚིག་གསུངས་པ་རེད།
          ད་ལོའི་ཟླ་ལྔ་པར་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག“དར་གོས་ལམ་བུའི་ལམ་རྒྱུད་ཀྱི་དམངས་ཁྲོད་རྩ་འཛུགས་ཀྱི་མཉམ་ལས་དྲ་བ་འཛུགས་རྒྱུ་ཡིན”ཞེས་ཁྱབ་བསྒྲགས་གནང་ཡོད། ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱ་ཆེད་ཀྲུང་གོ་དམངས་ཁྲོད་རྩ་འཛུགས་རྒྱལ་སྤྱིའི་སྤེལ་རེས་ཡར་སྐུལ་ཚོགས་པས་དར་གོས་ལམ་བུའི་ལམ་རྒྱུད་ཀྱི་དམངས་ཁྲོད་རྩ་འཛུགས་ཀྱི་མཉམ་ལས་དྲ་བ་འཛུགས་རྒྱུའི་གྲོས་འགོ་བཏོན་ཏེ“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཁག་གི་དམངས་ཁྲོད་རྩ་འཛུགས་ཀྱི་ཆ་འཕྲིན་སྤེལ་རེས་དང་། བྱ་སྤྱོད་མཐུན་སྦྱོར། མཉམ་ལས་ལ་ཤུགས་སྣོན་བཅས་ཀྱི་ནུས་ལྡན་ལས་སྟེགས་ཤིག་གཏོད་རྒྱུར་གཞོལ་བཞིན་ཡོད། མིག་སྔར་རྒྱལ་ཁབ་དང་ས་ཁུལ་60ལྷག་ཙམ་ནས་ཡོང་བའི་དམངས་ཁྲོད་རྩ་འཛུགས་300ལྷག་ཙམ་མཉམ་ལས་དྲ་བར་ཞུགས་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716