སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཡན་ལག་ཚོགས་པ་ཁག་གིས་མུ་མཐུད་སྒྲོག་འགྲེལ་བྱེད་པ།
སྤེལ་དུས། 2017-11-28   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བསོད་ནམས་སྟོབས་ལགས།
             ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་ས་ཁུལ་དང་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཁག་ཏུ་བསྐྱོད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་བྱ་རྒྱུ་གཙོ་རྐང་དུ་བྱས་ནས། གཞི་རྟེན་སྣ་མང་དང་རྣམ་པ་སྣ་ཚོགས་བརྒྱུད། དགོངས་པ་གསར་པ་དང་། ཆོད་གཏམ་གསར་པ། ལས་འགན་གསར་པ། བྱེད་ཐབས་གསར་པ་བཅས་ཡང་དག་པའི་ངང་འགྲེལ་བཤད་བརྒྱབ་སྟེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་དྲིལ་བསྒྲགས་ལག་བསྟར་བྱས་པ་རེད།
             རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་14ནས་ཚེས་20ཉིན་བར་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ལྷ་སའི་ཡན་ལག་ཚོགས་པའི་ཁོངས་མི། ལྷ་ས་དགེ་འོས་ཆེད་ཚན་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གཞོན་པ་ལུའོ་ཧྥང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཤང(གྲོང་རྡལ)ཁག་ཏུ་བསྐྱོད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། དགེ་རྒན་ཆེ་མོ་བ་གཞོན་པ་ལུའོ་ཧྥང་གིས“ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྤྱད་ནས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས”ཞེས་པ་འགོ་བརྗོད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་གཙོ་བོ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པ་སླེབས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། འདས་ཟིན་པའི་ལོ་5ཡི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་རྩ་བའི་གསར་བསྒྱུར། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཕྱོགས་དྲུག་ཐད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ཕྱོགས་ཡོངས་དང་། ཆ་ལག་ཚང་བ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་སྒྲོག་འགྲེལ་དང་འགྲེལ་བཤད་བརྒྱབ་པ་རེད། གདོང་དཀར་གྲོང་རྡལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མཱ་ལི་ལིང་གིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁུར་མཁན་ལས་བྱེད་པ་ཞིག་ཡིན་པའི་ཁོ་མོས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པར་སློབ་སྦྱོང་སྒྲིག་འཛུགས་བྱེད་ཀྱི་ཡོད་པ་མ་ཟད། གཞི་རིམ་དང་། གྲོང་ཚོ་དང་ཚོགས་ཆུང་། ཞིང་འབྲོག་མང་ཚོགས་བཅས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་ཀྱང་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཞིང་འབྲོག་མང་ཚོགས་མི་རེ་ངོ་རེར་དྲིལ་བསྒྲགས་དང་ཁྱིམ་ཚང་ཚང་མས་ཤེས་པ་བྱེད་ཀྱི་ཡོད།
             ཉེ་དུས། རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཉིང་ཁྲིའི་ཡན་ལག་ཚོགས་པ་རྫ་ཡུལ་རྫོང་དུ་བསྐྱོད་ནས། རྫོང་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཡོངས་ལ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་དར་པོ་ཚེ་རིང་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ནང་ཏང་ཡོངས་ཀྱི་འདུན་པ་གཅིག་ཏུ་འདུས་པ་དང་། མི་དམངས་ཀྱི་འབོད་སྒྲ་མཚོན་པ། ནང་དོན་ཧྲིལ་པོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱབ་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནས་འགོ་བཙུགས་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ་བཅས་འཛུགས་སྐྱོང་དང་ཏང་འཛུགས་སྐྱོང་སོགས་ཕྱོགས་ཁག་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་བཀོད་སྒྲིག་ཁ་གསལ་བྱས་ཡོད་པས། སེམས་ཤུགས་སྐྱེ་དགོས་པ་དང་ངར་ངར་ཤུགས་འཕེལ་བ་ཞིག་ཡོད་པ་དེ་ནི་རང་རེའི་ཏང་དུས་རབས་གསར་པར་སླེབས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་རེད་ལ། དར་ཆ་སྒྲེང་བའི་ཁ་ཕྱོགས་གཏན་འཁེལ་དང་འཐབ་ཇུས་བཀོད་ཇུས་ཀྱི་འབད་འཐབ་ཀྱི་རྩ་འཛིན་ཞིག་ཀྱང་རེད་ཅེས་བརྗོད།
             ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་གྱི“ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་སྒྲོག་འགྲེལ་དང་དོན་འཁྱོལ་བྱེད་པའི”སྒྲོག་འགྲེལ་ཚོགས་པས་རྩེད་ཐང་གྲོང་རྡལ་དུ་སྒྲོག་འགྲེལ་གྱི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ལས་དོན་ཡང་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་ཆུས་ཁག་དང་། ཁོངས་གཏོགས་ཁག ཚན་པ་ཁག་བཅས་སུ་དུས་གཅིག་ཏུ་སྤེལ་འགོ་ཚུགས་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀུའོ་ཧྲི་ཆིན་གྱིས་ལྷོ་ཁའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ངོས་འཛིན་དང་གོ་བ་གཏིང་ཟབ་ལེན་པའི་དོན་སྙིང་གལ་ཆེན་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ཁོང་དུ་ཏན་ཏིག་ཆུད་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་བཅས་ཕྱོགས་གསུམ་ཐད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་པའི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། བརྡར་ཆོད་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། རྒྱབ་ལྗོངས། བསམ་བློའི་ཉིང་བཅུད། ལག་ལེན་གྱི་བླང་བྱ་སོགས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་རེད།
             ཟླ་11ཚེས་19ནས་ཚེས་21ཉིན་བར། གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་མེས་བུ་ཆུང་གིས་འབྲོང་པ་རྫོང་གི་ས་བབ་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཀྱི་རིན་ཐོར་དང་། སྐྱེ་མ། སྤོ་སྟོད་སོགས་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་དུ་བསྐྱོད་ནས་ཞི་ཅིནཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་ཟླ་བ་གཙོ་བོར་འགྱུར་ལྡོག་བྱུང་བ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་འཐབ་ཇུས་བཀོད་སྒྲིག་བཅས་ལ་དམིགས་ཏེ་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་དང་དཀའ་ངལ་འདྲི་བ་དང་ཏང་གི་སློབ་ཚན་འཁྲིད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། འབྲོང་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དངོས་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།
             ཟླ་11ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ། ཆབ་མདོ་གྲོང་ཨུད་ཏང་གི་སློབ་གྲྭའི་འཆད་འཁྲིད་དགེ་རྒན་བཅས་ཡིན་པའི་ཧོ་ཀྲེ་ཅང་གིས་རི་བོ་ཆེ་རྫོང་ཁྲ་མོ་གླིང་ཤང་སློབ་ཆུང་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྐོར་སྐྱོད་སྒྲོག་འགྲེལ་བྱས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་པའི་རྒྱབ་ལྗོངས་དང་། དམིགས་ཡུལ། དོན་སྙིང་གལ་ཆེན་བཅས་ལ་དམིགས་ཏེ་འགྲེལ་བཤད་བརྒྱབ་པ་དང་འབྲེལ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ངོ་མཚར་ཆེ་བའི་བཞེད་དོན་གཙོ་བའི་སྒྲོག་འགྲེལ་བྱས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716