སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཀྱི་ཚོགས་འདུ་འཚོགས་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་རྩོམ་ཡིག《“གྲུ་དམར་གྱི་སྙིང་སྟོབས”དར་སྤེལ་བཏང་ནས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་དགོས》སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
སྤེལ་དུས། 2017-12-08   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  བདེ་དབང་གིས་བསྒྱུར།
ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ།
          ཚེས་6ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཀྱི་ཚོགས་འདུ་འཚོགས་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་རྩོམ་ཡིག《“གྲུ་དམར་གྱི་སྙིང་སྟོབས”དར་སྤེལ་བཏང་ནས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་དགོས》དང་སྲིད་གཞུང་གི་བུ་ལོན་བདེ་འཇགས་དང་དྲ་འཕྲིན་ལས་དོན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། རྒྱུན་ཨུ་དབང་དབྱང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། “གྲུ་དམར་གྱི་སྙིང་སྟོབས”དར་སྤེལ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་རྒྱུན་ཨུ་ཝང་ཧུའུ་ཉིང་གིས་གནང་བའི་གསུང་བཤད་ཀྱི་དགོངས་དོན། ཀྲུང་དབྱང་གི་རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་ཚོད་ལྟའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཧྲུའུ་ཅི་ཀྲའོ་ལེ་ཅེས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་གནས་ཚུལ་གྱི་སྙན་སེང་ཉན་པ་དང་རང་ལྗོངས་ཀྱི་གྲོང་སྡོད་ལས་དོན་སོགས་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་རྩོམ་ཡིག་ནང“གྲུ་དམར་གྱི་སྙིང་སྟོབས”ཀྱི་གོ་དོན་ཟབ་མོ་དང་དུས་རབས་ཀྱི་རིན་ཐང་ཞིབ་ཅིང་ཕྲ་བའི་སྒོ་ནས་འགྲེལ་བཤད་བརྒྱབ་པས། སྤྱི་ཁྱབ་ཧྲུའུ་ཅིས་ལོ་བཅུ་ཕྲག་ཁ་ཤས་ནང་ཉིན་གཅིག་ལྟར་གྱི་སྲ་ཞིང་བརྟན་པའི་ཕུགས་བསམ་དད་སེམས་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་དུས་ནམ་ཡང་འབད་འཐབ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་མངོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ཏེ།
          “གྲུ་དམར་སྙིང་སྟོབས”ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཞིབ་ཕྲའི་ལས་དོན་ནང་དོན་འཁྱོལ་བྱེད་དགོས་པ་དང་། “གྲུ་དམར་གྱི་སྙིང་སྙོབས”དར་སྤེལ་གཏོང་རྒྱུ་དེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པའི་ཁར། དགོངས་དོན་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱེད་པའི་ཐད་འབད་བརྩོན་བྱེད་དགོས། སློབ་སྦྱོང་བྱས་པ་བརྒྱུད་ལྷག་བསམ་ཟོལ་མེད་དང་། དད་སེམས་བརྟན་གཏོང་། ཡིད་ཆེས་ཆེར་གཏོང་། འགན་འཁྲི་འཁུར་ཕོད་པ། ལས་འགན་སྒྲུབ་ཐུབ་པ། ངར་ཤུགས་སྒྲིམ་ཐུབ་པ། སྤྱོད་གཙང་གཞུང་དྲང་ཐུབ་པ་བཅས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་མཛུབ་ཁྲིད་བྱས་ནས། ཐོག་མཐའ་བར་གསུམ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། དུས་རབས་ཀྱི་ཁྱད་ཆོས་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་དང་དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་ཀྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཤུགས་རྒྱག་ས་དང་། དམིགས་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་འཛིན་ལྷོད་མེད་དང་། དཀའ་ཉེན་ལ་མི་སྐྲག་པ། དཀའ་སྤྱད་འབད་འཐབ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་སྐྲུན་དགོས། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང“གྲུ་དམར་གྱི་སྙིང་སྟོབས”ནང་སེམས་སུ་ཟུག་པ་དང་ཕྱི་དོན་དུ་འཁྱོལ་བ་བྱས་ཏེ། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་དད་མོས་པ་བརྟན་པོ་ཞིག་དང་ལག་ལེན་རྣམ་དག་ཅིག་བྱེད་དགོས། ཚོགས་ཆེན་བཅུ་དགུ་པའི་ཐོག་འཆར་འགོད་བྱས་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ལ་དམིགས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་ཡུན་རིང་བདེ་འཁོད་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་བསྐང་རྒྱུ་འགན་ལེན། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་འགྲོ་རྒྱུ་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་ཡོང་རྒྱུ་འགན་ལེན་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་ལུགས་མཚོན་དགོས། རིམ་ཁག་སློབ་གསོ་སྡེ་ཚན་གྱིས་དམ་འཛིན་བྱ་གཞིར་ཤུགས་སྣོན་དང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་དྲིལ་བསྒྲགས་ལ་ཤུགས་སྣོན་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས“གྲུ་དམར་གྱི་སྙིང་སྟོབས”སློབ་གྲྭར་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།
          ཚོགས་འདུའི་ཐོག་རང་ལྗོངས་ཀྱི་སྲིད་གཞུང་གི་བུ་ལོན་བདེ་འཇགས་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཞིབ་བཤེར་ཐག་གཅོད་སོགས་ཐད་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་རེད། སྲིད་གཞུང་གི་བུ་ལོན་བདེ་འཇགས་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཐག་གཅོད་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལས་སྤྱི་ཁྱབ་ཧྲུའུ་ཅིའི་གནད་དོན་གྱི་འདུ་ཤེས་ཟབ་མོ་དང་མི་དམངས་ལྟེ་བར་བྱ་རྒྱུ་ མཐའ་འཁྱོངས་བྱེད་པའི་སྤྱི་ཞབས་པའི་བརྩེ་སེམས་ཟབ་མོ་མངོན་ཡོད། རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་། ཡུན་རིང་རྣམ་གྲངས་དང་དུས་ཐུང་རྣམ་གྲངས་དང་། གཡང་རྩེའི་སྒང་གི་ཡས་སྒྲོན་འདུ་འགོད། དགོས་གལ་ཆེ་བའི་འདུ་འགོད་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། མཐའ་མཚམས་འཛུགས་སྐྲུན་དང་། དབུལ་སྐྱོར་གནས་སྤོ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་རྣམ་གྲངས་གཙོ་གནད་ཐོག་ལག་བསྟར་བྱེད་པ། “གཉིས་གཏོད”ལས་དོན་དང་ཞིང་འབྲོག་ལས་ཐོན་ལས་ལ་རོགས་སྐྱོར་ཤུགས་ཆེན་བཅས་བྱས་ནས་ཏང་གི་ཉི་འོད་རྒྱ་ཆེའི་མང་ཚོགས་ཀྱི་སེམས་སུ་འཕྲོ་ཐུབ་པ་བྱེད་དགོས། གནད་དོན་གཙོ་བོའི་རིགས་སྔོན་འགོག་དང་། ཐག་གཅོད་དཀའ་བའི་གནད་དོན་རིགས་ལ་དམ་འཛིན། གླེང་མང་བའི་གནད་དོན་རིགས་གསེད་བཀྲོལ། སྤྱིར་བཏང་གི་གནད་དོན་རིགས་ལ་བསྐྱར་ཞིབ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཡིག་བསྐུར་ངོ་བཅར་གྱི་གནད་དོན་གྲལ་བཤེར་དང་། གསེད་བཀྲོལ། སེལ་བ་བཅས་ཀྱི་ལས་དོན་ཧུར་ཐག་སྒྲུབ་དགོས། ངལ་རྩོལ་འགན་སྲུང་གི་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་དགོས་ལ་ཁེ་ལས་ཀྱི་ཕན་འབྲས་ལ་ཡང་ལྟ་རྟོག་བྱས་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐོན་རྒྱུར་མཐའ་གཅིག་ཏུ་དོགས་ཟོན་དང་གཏན་འགོག་བྱེད་དགོས། ངལ་རྩོལ་འགན་སྲུང་གི་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་དང་འགྲེལ་བཤད་བརྒྱབ་ནས་ངལ་རྩོལ་གླ་ཆའི་རྩོད་གཞི་དང་དེ་བཞིན་ཡིག་བསྐུར་ངོ་བཅར་གྱི་འགལ་བ་ཧུར་ཐག་སེལ་དགོས་ཞེས་བསྟན་ཡོད།
          ཚོགས་འདུའི་ཐོག་ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་འཕྲིན་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་ནང་སྤྱི་ཁྱབ་ཧྲུའུ་ཅིས་དྲ་འཕྲིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་བསྐྲུན་རྒྱུའི་བློ་སྟོབས་བརྟན་པོ་མཚོན་ཡོད། རྒྱལ་ཡོངས་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་ཚོགས་འདུའི་ཐོག་ལུའུ་ཝུའེ་ཡིས་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བར་རྩ་འཛུགས་ཀྱི་ཞིབ་བཤེར་བྱ་རྒྱུའི་ཀྲུང་དབྱང་གི་གཏན་འབེབས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། རིམ་ཁག་སྡེ་ཚན་ཁག་གིས“འདུ་ཤེས་བཞི”བརྟན་པོ་བཙུགས་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་དགོས་པ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་བཀྲག་མདངས་འཚེར་ས་རྙེད་པ་དང་དྲང་ནུས་བརྒྱུད་སྤྲོད་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས། བོད་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་ནུས་ལྡན་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་དཔེ་མཚོན་གྱི་གྱོད་དཔེའི་ཐོག་ནས་གནས་ཚུལ་དངོས་བརྗོད་པ་དང་གསོན་ཉམས་དོད་པའི་སྟོན་ཕྱོགས་ཐོག་ནས་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་དགོས། “དོ་དམ་བྱེད་ཐུབ་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ་དྲ་སྦྲེལ་དང་དེ་བཞིན་སྨྱན་སྦྱོར་གསར་པར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སིམ་འཛུལ་ལ་ཕྱོགས་ཡོངས་ནས་བཀག་འགོག་བྱེད་དགོས་ཞེས་བཤད་པ་རེད།
          ཚོགས་འདུའི་ཐོག་རང་ལྗོངས་ཀྱི་གྲོང་སྡོད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དང་གྲོང་སྡོད་ལས་བྱེད་པས་བརྟན་ལྷིང་སྲུང་སྐྱོང་དང་། འཕེལ་རྒྱས་ལ་སྐུལ་འདེད། དབུལ་སྒྲོལ་ལ་དམ་འཛིན། རྩ་འཛུགས་འཛུགས་སྐྱོང་། སྣོད་བཅུད་སྲུང་སྐྱོང་བཅས་ཀྱི་ཐད་ཕུལ་བའི་མངོན་གསལ་དོད་པའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་བྱས་པ་རེད། དུས་རབས་གསར་པར་གྲོང་སྡོད་ལས་དོན་རུ་ཁག་ལ་བླང་བྱ་གསར་པ་བཏོན་ཞིང་། རིམ་ཁག་སྡེ་ཚན་ཁག་གིས་ཀྲུང་དབྱང་གི《གྲོང་ཚོ་དབུལ་པོར་གྲོང་སྡོད་ལས་དོན་རུ་ཁག་འདེམས་གཏོང་གི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》གཞིར་བཟུང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ་གནད་སྨིན་བླང་བྱ་དོན་འཁྱོལ་དང་གྲོང་སྡོད་ལས་དོན་རུ་ཁག་གི་འདེམས་གཏོང་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་སྔར་བས་ལེགས་སུ་གཏོང་དགོས་པ་དང་། རང་རེའི་ཏང་གི་གཅིག་སྡུད་སྟོབས་ཤུགས་ལ་བརྟེན་ནས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་དམངས་ལ་བྱ་བ་དངོས་སྒྲུབ་པའི་འགྲོ་གྲོན་ཤང་སྲིད་གཞུང་གིས་སྤྱི་འདོམས་བསྡུ་སྒྲིལ་བྱས་ནས་སྤྱད་དེ་གཙོ་བོ་དབུལ་སྒྲོལ་འགག་སྒྲོལ་དང་། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། དངོས་ཚན་ཐོན་ལས་གཉེར་རྒྱུ་བཅས་ལ་སྤྱོད་དགོས་པ། གྲོང་སྡོད་ལས་དོན་རུ་ཁག་གིས་ཤང་གྲོང་རྡལ་ཏང་ཨུད་ཀྱི་འགོ་ཁྲིད་འོག་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་ལས་དོན་སྒྲུབ་རོགས་བྱེད་དགོས་པ། དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་སྡོད་ལས་དོན་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པ་བཅས་བསྟན་ཡོད།
          ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་བྱས་ཤིང་། དུས་མཚུངས་སུ་སྤུ་གྲི་མཐོན་པོར་འཕྱར་ཐུབ་པ་བྱེད་དགོས། ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་དང་དྲི་མེད་སྤྱོད་གཙང་ཡོངས་སུ་ཁྱབ་པ་ལྟར་གྱི་ངར་ཤུགས་ཐོག་ནས་སྐོར་གཟིགས་དང་སྐོར་དཔྱོད་ཀྱི་ལས་དོན་སྤེལ་དགོས། ཆབ་སྲིད་ཀྱི་སྐོར་གཟིགས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་འགན་ལེན་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་སྔ་ཕྱི་བར་གསུམ་དུ་དར་ཆ་ཤིན་ཏུ་གསལ་སྟོན་དང་། ལངས་ཕྱོགས་ཤིན་ཏུ་བརྟན་པོ། བྱ་སྤྱོད་ཤིན་ཏུ་བློ་ཐག་ཆོད་པོ་བཅས་ཐུབ་པའི་འགན་ལེན་བྱེད་དགོས་པ། འགག་རྩ་ཉུང་ཤས་ལ་དམ་འཛིན་བྱས་ཏེ་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པ། གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཆེད་དོན་ཞིབ་བཤེར་དང་། མངོན་བཤེར་ལྐོག་ཞིབ། ཕན་ཚུན་ཞིབ་བཤེར་བཅས་བྱས་ནས་མངོན་གསལ་དོད་པའི་གནད་དོན་ལ་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་དང་ལྷག་པར་དུ་ཏང་ཡོན་ལས་བྱེད་པས་དགོས་པའི་ལས་མི་བྱེད་པ་དང་མི་དགོས་པའི་ལས་རྙོག་བཟོ་བ་དང་དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་ལྐོག་ཟ་དང་།ཧམ་བཟུང་། སྒེར་སྤྱོད་སོགས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ། གྲུབ་འབྲས་རྒྱ་སྐྱེད་དང་བརྟན་དུ་བཏང་ནས་སྐོར་གཟིགས་དང་སྐོར་དཔྱོད་ལས་དོན་བརྒྱུད། སྤྱོད་ཚུལ་འཛུགས་སྐྱོང་གི་བཀྲག་མདངས་ཆེ་བའི་མིང་བྱང་དེ་རྒྱུན་ཆད་མེད་པར་གསལ་དུ་གཏོང་བ་དང་ཏང་གི་སྤྱོད་ཚུལ་ཕྱོགས་ཡོངས་ནས་ལེགས་སུ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་ནུས་ལྡན་གྱི་སྤྱོད་ཚུལ་འགན་ལེན་མཁོ་འདོན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
          ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716