སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དུས་ཐེངས་དང་པོའི་བགྲོ་གླེང་འཛིན་གྲྭ་སློབ་མཇུག་འགྲིལ་བ།
སྤེལ་དུས། 2017-12-12   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  བསྟན་འཛིན་གཡུ་སྒྲོན་གྱིས་བསྒྱུར།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དུས་ཐེངས་དང་པོའི་བགྲོ་གླེང་འཛིན་གྲྭ་ཚེས་10ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་མཇུག་འགྲིལ་བ་རེད།
          ཀྲུང་དབྱང་གིས་ཆོག་མཆན་གནང་བ་བརྒྱུད། 2017ལོའི་ཟླ་12པའི་ཟླ་སྟོད་ནས་2018ལོའི་ཟླ་4པའི་ཟླ་མཇུག་བར་ཀྲུང་དབྱང་ཏང་གི་སློབ་གྲྭར་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་དུས་ཐེངས་7གཉེར་རྒྱུ་དང་དུས་ཐེངས་རེར་སློབ་ཚན་ཉིན་5འཚོག་རྒྱུ་ཡིན་པ་རེད། དུས་ཐེངས་དང་པོའི་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ་ནས་བཟུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ལིའུ་ཧེ་དང་། དབྱང་ཞའོ་ཏུའུ། ཁྲེང་ཤིས། ཧོང་ཁུན་མིང་བཅས་ཀྱིས《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འགོ་འཛུགས་དགོས》དང་། 《བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་སྟེ་རུལ་རྒོལ་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་དགོས》 《དུས་རབས་གསར་པའི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་ཀའི་སྐོར་གྱི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས》 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་དགོས》ཞེས་པའི་ཆེད་དོན་ཟུར་ཁྲིད་སྙན་སྒྲོན་གནང་བ་རེད།
          བགྲོ་གླེང་འཛིན་གྲྭར་ཞུགས་མཁན་སློབ་མ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་དང་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་སྙན་སྒྲོན་དང་ཟུང་འབྲེལ་བྱས་ཏེ་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་དག་བཅས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བགྲོ་གླེང་གཏིང་ཟབ་དང་གང་བསམ་ལྷུག་པོར་གླེང་བས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་གནས་བབ་དང་ནང་དོན་ཕུན་སུམ་ཚོགས་པོར་གོ་བ་སྔར་ལས་གཏིང་ཟབ་ལེན་པ་དང་དེ་བས་ཕྱོགས་ཡོངས་དང་ཡང་དག་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཤེས་རྟོགས་དང་ཁོང་དུ་ཆུད་ཐུབ་ཡོད། སློབ་མཇུག་འགྲིལ་བའི་མཛད་སྒོའི་ཐོག་ཚོགས་ཆུང་16གི་སློབ་མའི་འཐུས་མིས་ཁག་སོ་སོར་གཏམ་བཤད་སྤེལ་ནས་སློབ་སྦྱོང་གི་ཕན་འབྲས་སྙན་སེང་དང་སྤེལ་རེས་བྱས་པ་རེད།
          ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་ཁག མི་དམངས་ཚོགས་པ་ཁག ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས། ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་སློབ་བཅས་ཀྱི་འགོ་ཁྲིད་ལས་བྱེད་པ་320དུས་ཐེངས་དང་པོའི་བགྲོ་གླེང་འཛིན་གྲྭར་ཞུགས་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716