སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་དྲུག་པའི་གྲོང་སྡོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་བདུན་པའི་གྲོང་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་ལྷ་སར་འཚོགས་པ།
སྤེལ་དུས། 2017-12-13   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་ཆོས་སྒྲོན།

          ཟླ་12ཚེས་11ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་དྲུག་པའི་གྲོང་སྡོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་བདུན་པའི་གྲོང་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་བྱ་དགའ་གནང་བཞིན་པ།

          ཟླ་12ཚེས་11ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་དྲུག་པའི་གྲོང་སྡོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་བདུན་པའི་གྲོང་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།
          ཚེས་11ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་དྲུག་པའི་གྲོང་སྡོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་བདུན་པའི་གྲོང་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་ལྷུན་རྩེ་རྫོང་ཡུལ་སྨད་ཤང་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལ་གཞིགས་པ། དུས་རབས་གསར་པས་ལས་བྱེད་པ་གྲོང་སྡོད་ལས་དོན་ཐད་བཏོན་པའི་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པ་བཅས་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ནམ་ཡང་འབད་འཐབ་བྱེད་པ། ཡིད་ཆེས་བརྟན་པོ་བྱེད་པ། སྙིང་སྟོབས་ཆེར་སྐྱེད་ཡོང་བ་བྱེད་པ། དཀའ་སྤྱད་སྡུག་རུས་བཅས་བྱས་ནས་ལས་བྱེད་པ་གྲོང་སྡོད་ལས་དོན་འདེམས་གཏོང་གནད་ལ་སྨིན་པ་དང་། རོགས་སྐྱོར་ཏན་ཏིག མང་ཚོགས་བློ་ཡིད་ཚིམ་པ་བཅས་ཡོང་རྒྱུ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྗོངས་ཡོངས་ཀྱིས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་བའི་ཁག་དྲུག་པའི་གྲོང་སྡོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཏན་འབེབས་སྒྲོག་སྦྱངས་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནོར་བུ་དོན་གྲུབ་དང་། བསྟན་ཁོ། ཝང་གཡུང་ཅུན། ཅང་ཅེ། ཧོ་ཝུན་ཧའོ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བ་རེད།
          ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚན་པ་དང་མི་སྒེར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་གྲོང་སྡོད་ལས་དོན་རུ་མི་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ལས་བྱེད་པ་གྲོང་སྡོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོང་ཚོ་དབུལ་པོར་གྲོང་སྡོད་ལས་དོན་རུ་ཁག་འདེམས་གཏོང་དང་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཐད་བཀོད་སྒྲིག་གལ་ཆེན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་ཡོངས་ཀྱི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་སྔ་རྗེས་སུ་རྩ་སྲ་རྨང་བརྟན་གྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་ལེན་བསྟར་འགོ་ཚུགས་ཡོད། ལས་བྱེད་པའི་གྲོང་སྡོད་ལས་དོན་སྤེལ་ཚུན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་རང་རྟོགས་ངང་ལས་བྱེད་པའི་གྲོང་སྡོད་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་གནས་བབ་མངོན་གསལ་དོད་སར་བཞག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་ལེན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡག་པོ་བཅས་བྱས་ཏེ་ལས་བྱེད་པའི་གྲོང་སྡོད་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་། གྲོང་སྡོད་ལས་བྱེད་པ་ཁག་དང་ཁག་བྱས་པ་དེ་དག་གིས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལྷག་བསམ་ཟོལ་མེད་དང་མི་དམངས་མང་ཚོགས་ལ་དགའ་ཞེན་ཆེན་པོ་བྱེད་པའི་བརྩེ་སེམས་བཅངས་ནས་ཆབ་སྲིད་ལ་སྣང་ཆེན་དང་། འགན་འཁྲི་འཁུར་རྒྱུར་སྣང་ཆེན། ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ། དཀའ་བ་མཐའ་དག་ཁྱད་བསད་བཅས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཐད་ཀའི་འགོ་ཁྲིད་འོག་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། གཞི་རིམ་ལས་བྱེད་མང་ཚོགས་ཚོའི་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ། མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པས་མི་རིགས་ཁག་གི་མང་ཚོགས་ཀྱི“བརྟན་ལྷིང་རང་འགུལ་དུ་འགྱུར་བའི”འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ། ཐོན་ལས་འཕེལ་རྒྱས་ཐད་བྱ་ཐབས་དངོས་སྤྱད་དེ་མི་རིགས་ཁག་གི་མང་ཚོགས་ཚོར་ཐག་ཉེ་ས་དང་སྟབས་བདེ་ས་དང་ཕ་ཡུལ་ནས་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་དེ་གྲོང་སྡོད་ལས་དོན་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་བ། རྒྱུན་བསྲིང་ལྷོད་མེད་ངང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས་ཞིང་འབྲོག་ཁུལ་གྱི་ཏང་གི་གནས་བབ་གཙོ་བོ་སྔར་བས་སྲ་བརྟན་དུ་ཕྱིན་པ། དམངས་ཆེད་ཞབས་འདེགས་ཞུ་བའི་རྩ་དོན་ལག་ལེན་ཤུགས་ཆེན་བསྟར་བས་ཏང་ཡོན་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ། གྲོང་སྡོད་ལས་བྱེད་པ་འདེམས་གཏོང་དང་དོ་དམ་བེད་སྤྱོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བས་གཞོན་ནུ་ལས་བྱེད་པ་འབོར་ཆེན་ཞིག་ལ་སྦྱོང་བརྡར་ཡག་པོ་ཐེབས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
          ཝུའུ་དབྱིང་ཅེས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་བྱེད་པའི་གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་བསམ་ཕྱོགས་ནི། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དང་། མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ། ལས་བྱེད་པའི་གྲོང་སྡོད་ཀྱི“ལས་འགན་ཁག་བདུན”ལ་དམིགས་པ། གཞི་རིམ་གྱི་རྨང་གཞི་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་གནད་དོན་ཐད་གནད་སྨིན་ཤུགས་འདོན་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བཅས་བྱ་ཆེད་གཞི་རིམ་གྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་ནན་བཤད་གནང་བ་སྟེ།
          གཅིག་ནས་བློ་བརྟན་འགྱུར་མེད་ངང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏིན་ཏིག་བཅས་ཡོང་རྒྱུའི་ཐད་ཤུགས་རྒྱག་དགོས་ཤིང་། “འདུ་ཤེས་བཞི”རང་རྟོགས་ངང་ཟབ་ཏུ་བཏང་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་གྲོང་སྡོད་ལས་དོན་གྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། སྣེ་ཁྲིད་ནས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། སློབ་སྦྱོང་བྱས་པ་བརྒྱུད་ལྷག་བསམ་ཟོལ་མེད་དང་། དད་སེམས་བརྟན་པོ། འགན་འཁུར་ཐུབ་པ། འཇོན་ཐང་ཆེ་བ། ངར་ཤུགས་འཕེལ་བ། སྤྱོད་གཙང་བཅས་ཡོང་བ་བྱས་ཏེ་སྲ་ཞིང་བརྟན་པའི་ཕུགས་བསམ་དང་དད་སེམས་གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་པའི་བྱ་སྤྱོད་དངོས་སུ་འགྱུར་བ་བྱེད་དགོས། བྱེད་ཐབས་གསར་གཏོད་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྟངས་ཐོག་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གནད་སྨིན་ངང་སྒྲོག་འགྲེལ་བྱེད་པ། རྒྱ་ཆེའི་མང་ཚོགས་ཚོར་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས། མི་དམངས་ཀྱི་གཙོ་འཛིན་བཅས་ལ་སྔར་བས་བརྩི་བཀུར་དང་ཏང་ཀྲུང་དབྱང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་སྔར་བས་བརྩི་བཀུར་བྱེད་དགོས་པའི་སློབ་གསོ་གཏོང་དགོས་པ་དང་།
          གཉིས་ནས་བློ་བརྟན་འགྱུར་མེད་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་ཐད་ཤུགས་རྒྱག་དགོས་ཤིང་། དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་གི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་མི་འབོར་དབུལ་པོ་གནད་སྨིན་དབྱེ་འབྱེད་བྱེད་ཤུགས་ཆེ་རུ་བཏང་སྟེ་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱ་ཆེད་བརྟག་དཔྱད་མཐིལ་རྟོགས་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་དང་དཀའ་གནད་ལ་སྔར་བས་དམིགས་ཏེ་རྩ་བའི་ཆ་ནས་རོགས་རམ་ཐུབ་པ་དང་གནད་སྨིན་རོགས་སྐྱོར་ཐུབ་པའི་འགན་ལེན་བྱེད་དགོས། དམངས་ཆེད་བྱ་བ་དངོས་སྒྲུབ་པའི་འགྲོ་གྲོན་སྤྱི་འདོམས་བསྡུ་སྒྲིལ་དང་བེད་སྤྱོད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། མྱུར་འགྲུབ་ཐོན་ལས་འཕེལ་རྒྱས་བཅས་ལ་གཙོ་བོར་སྤྱོད་དགོས། གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་དགོས་པ།
          གསུམ་ནས་བློ་བརྟན་འགྱུར་མེད་ངང་གཞི་རིམ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཤུགས་རྒྱག་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་གཞི་རིམ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་པའི་ནང་དོན་གལ་ཆེན་དུ་བརྩི་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཙོ་གནད་མངོན་གསལ་དོད་དུ་གཏོང་བ། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་པ། སྤྱི་ཚོགས་བཅོས་སྐྱོང་དེ་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་ཡག་པོ་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། མང་ཚོགས་ལ་སྒོ་དབྱེ་དང་། དགའ་བསུ། ཁོང་ཡངས་བཅས་ཀྱི་འདུ་ཤེས་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་གྱིས་གྲོང་ཚོར(གྲོང་ལྷན)ནང་སའི་འདེབས་འཛུགས་དུད་ཆེན་ནང་འདྲེན་བྱས་ནས་གྲོང་ཚོ་དེ་གའི་གྲོང་མི་དང་ཆ་སྒྲིག་རོགས་སྐྱོར་བྱེད་རོགས་བྱེད་པ་དང་། གཞི་ཁྱོན་ཅན་གྱི་གསོ་ཚགས་ལས་དོན་སྤེལ་བ། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས་པ།
          བཞི་ནས་བློ་བརྟན་འགྱུར་མེད་ངང་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེན་འཛུགས་རྒྱུའི་ཐད་ཤུགས་རྒྱག་དགོས་ཤིང་། གཞི་རིམ་ཏང་རྩ་འཛུགས་ལ་རོགས་རམ་གྱིས་མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ་དང་། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་རོགས་རམ་བྱས་ཏེ་སྒྲིག་སྲོལ་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་འཐབ་ས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་སྒྲིག་འཛུགས་ཀྱི་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མཛུབ་ཁྲིད་བྱེད་པ་ལས་འགོ་ཁྲིད་མི་བྱེད་པ་དང་། དོན་འཁྱོལ་ཏན་ཏིག་བྱེད་པ་ལས་ཚད་ལས་མི་བརྒལ་བ། སྒྲུབ་རོགས་བྱེད་པ་ལས་འགན་གཙང་མི་ལེན་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་གིས་མང་ཚོགས་ཁྲོད་སྙན་གྲགས་གཏོད་པ་དང་།“ཨུ་ལྷན་གཉིས”ཚན་ཁག་གི་སྙན་གྲགས་དང“ཨུ་ལྷན་གཉིས”ཚན་ཁག་གི་སྙན་གྲགས་ཆེ་རུ་འགྲོ་རྒྱུར་ཕན་པའི་བྱ་བཟང་དང་བྱ་བ་དངོས་སྒྲུབ་རོགས་བྱེད་པ། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ངོས་ནས་བྱ་བ་སྒྲུབ་པ་བཅས་བྱེད་དགོས་པ།
          ལྔ་ནས་བློ་བརྟན་འགྱུར་མེད་ངང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཤུགས་རྒྱག་དགོས་ཤིང་། མངགས་གཏོང་ཚན་པ་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ལས་ཀ་ཁ་གསལ་བཟོ་བ་དང་། དམིགས་ཚད་ལས་འགན་ཞིབ་ཕྲ་བཟོ་བ། འགན་འཁྲི་བདའ་འདེད་ནན་དུ་གཏོང་བ་བཅས་བྱེད་དགོས། གྲོང་སྡོད་ལས་བྱེད་པ་ཧྲག་སྒྲིག་བྱས་ནས་དཔལ་འབྱོར་ལས་དོན་ལ་མཁས་པ་དང་། གསར་འབྱེད་གསར་གཏོད་ཀྱི་འཇོན་ཐང་ཆེ་བ། བསམ་བློ་ལྡན་པ་དང་། བྱ་ཐབས་ཡོད་པ། ཉམས་མྱོང་ལྡན་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ལས་བྱེད་པ་གཤམ་གཏོང་བྱེད་པ། གྲོང་ཚོ་དབུལ་པོར་དབུལ་སྒྲོལ་འགག་སྒྲོལ་ཐད་འཕྲད་པའི་མངོན་གསལ་དོད་པའི་དཀའ་གནད་དང་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས། ལས་བྱེད་པའི་གྲོང་སྡོད་ལས་དོན་ལ་དཔྱད་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དཔྱད་ཞིབ་ལས་དོན་གྱི་དོན་དངོས་རང་བཞིན་དང་སྤྱི་མོས་ཐོབ་ཚད་མཐོ་རུ་གཏོང་བ། དཔྱད་ཞིབ་ཀྱི་འབྲས་བུ་སྤྱོད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གྲུབ་འབྲས་མངོན་གསལ་དོད་པ་དང་མང་ཚོགས་ཀྱིས་ཁས་ལེན་ཐོབ་མཁན་སྔོན་དུ་འདེམས་སྤྱོད་བྱེད་པ་དང་། ལས་ཀ་དོན་ཐོག་ཏུ་མི་འཁྱོལ་བ་དང་། ཕན་འབྲས་མངོན་གསལ་དོད་པོ་མེད་པ། མང་ཚོགས་ཀྱིས་བློ་ཡིད་ཚིམ་པོ་མི་བྱེད་པ། ལས་ཀའི་རྣམ་པ་གསར་འབྱེད་མི་ཐུབ་པ་བཅས་དུས་ཐོག་ཏུ་བརྡ་ཁྱབ་གཏོང་བ་དང་། བརྗེ་པོ་རྒྱག་པ། རྩ་འཛུགས་ཀྱིས་ཐག་གཅོད་བཅས་བྱས་ཏེ་འགྱུར་མེད་ཀྱི་སྒྲིག་ཁྲིམས་ཐོག་ནས་ལས་བྱེད་པའི་གྲོང་སྡོད་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་སྤེལ་རྒྱུ་འགན་ལེན་བྱེད་དགོས་པ་བཅས་སོ།
          བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཁག་བདུན་པའི་ལས་བྱེད་པའི་གྲོང་སྡོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ཐད་བླང་བྱ་བཏོན་གནང་བ་རེད།
          ཁག་དྲུག་པའི་སྔོན་ཐོན་གྲོང་སྡོད་ལས་དོན་རུ་ཁག་གི་འཐུས་མི་དང་ཁག་བདུན་པའི་གྲོང་སྡོད་ལས་དོན་རུ་ཁག་གི་འཐུས་མིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།
 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716