སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཚོགས་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།
སྤེལ་དུས། 2017-12-14   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  བདེ་སྐྱིད་ཀྱིས་བསྒྱུར།
ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་རྟེན་འབྲེལ་ཞུས་པ། དབང་དབྱང་ཕྱིར་མིག་བལྟ་བའི་བྱེད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་12ཉིན་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་ཞིང་ལས་སློབ་ཚོགས་བཙུགས་ཏེ་ལོ་100འཁོར་བར་རྟེན་འབྲེལ་ཞུས་པ་དང་ཀྲུང་གོ་ཞིང་ལས་སློབ་ཚོགས་ཀྱི་བློ་མཐུན་ཚང་མ་དང་རྒྱ་ཆེའི་ཞིང་ལས་ཚན་རྩལ་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
          ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོ་ཞིང་ལས་སློབ་ཚོགས་ནི་རང་རྒྱལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ཞིང་ལས་ཀྱི་རིག་གཞུང་རང་བཞིན་གྱི་མང་ཚོགས་ཚོགས་པ་ཞིག་ཡིན་པ་དང་དེ་ནི་ཀྲུང་གོའི་ཉེ་རབས་དང་དེང་རབས་ཞིང་ལས་ཚན་རྩལ་འཕེལ་རྒྱས་བརྒྱུད་མྱོང་མཁན་དང་སྐུལ་འདེད་པ་ཞིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་ཀྲུང་གོ་ཞིང་ལས་སློབ་ཚོགས་ཀྱིས“ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་ཞིང་ལས་ཚན་རྩལ་ཡར་ཐོན་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་འགན་འཁྲིར་འཛིན་ནས་ཞིང་ལས་ཚན་རྩལ་གསར་གཏོད་འཕེལ་རྒྱས་དང་ཁྱབ་གདལ་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་ཞིང་ལས་ཚན་རྩལ་ཤེས་ལྡན་པ་འཚར་ལོངས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་བས་རང་རྒྱལ་གྱི“ཞིང་གསུམ”བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བསྟན་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གནད་སྨིན་དབུལ་སྐྱོར་གཏིང་ཟབ་ཏུ་གཏོང་བ། རྒྱ་ཆེའི་ཞིང་པའི་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་བ་བཅས་བྱེད་པའི་ཐད་ཞིང་ལས་ཚན་རྩལ་དང་ཞིང་ལས་དང་གྲོང་གསེབ་ཀྱི་ཤེས་ལྡན་པར་བླང་བྱ་གསར་པ་བཏོན་ཡོད། ཀྲུང་གོའི་ཞིང་ལས་སློབ་ཚོགས་ཀྱིས་སྲོལ་རྒྱུན་དར་སྤེལ་དང་དུས་བསྟུན་འཕེལ་རྒྱས་བཏང་ནས་རྒྱ་ཆེའི་ཞིང་ལས་ཚན་རྩལ་ལས་དོན་པར་མཐུན་སྒྲིལ་དང་སྣེ་འཁྲིད་དེ་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་གཡུལ་ས་གཙོ་བོར་ཕྱོགས་ནས་རང་རྒྱལ་གྱི“ཞིང་གསུམ”བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱས་ཐོག“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རེ་ཡོད་ཅེས་ནན་བཤད་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་མཆན་བཀོད་མཛུབ་སྟོན་ནང་དེང་སྐབས་རང་རྒྱལ་གྱི“ཞིང་གསུམ”བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་ཡོད། རེ་བར་སློབ་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་དགོངས་པ་མཐའ་འཁྱོངས་བྱེད་པ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་དམིགས་ནས་འབྲེལ་བ་རྒྱ་ཆེན་པོ་དང་། རིག་སྟོབས་གཅིག་སྡུད། རང་བརྟེན་དང་ཕྱི་རོལ་ཡུལ་དང་མཐུན་པ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཞིང་ལས་ཚན་རྩལ་སྤེལ་རེས་དང་མཉམ་ལས་རྒྱ་ཁྱབ་བྱེད་པ་དང་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་དོན་དངོས་ཟུང་འབྲེལ་དང་ཞིང་པ་མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་ཞིང་ལས་ཚན་རིག་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། སྔོན་ཐོན་ས་བོན་དང་ལག་རྩལ་ཁྱབ་གདལ་གཏོང་བ། ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ཇུས་འདོན་ཚོགས་པ་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་གནང་བ་རེད།
          ཀྲུང་གོ་ཞིང་ལས་སློབ་ཚོགས་བཙུགས་ནས་ལོ་100འཁོར་བར་ཕྱིར་མིག་བལྟ་བའི་བྱེད་སྒོ་ཚེས་12ཉིན་གྱི་སྔ་དྲོ་པེ་ཅིང་དུ་སྤེལ་བ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་ཕྱིར་མིག་བལྟ་བའི་བྱེད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716