སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”བྱ་སྤྱོད་ཀྱིས་མི་འབོར་དབུལ་པོ་ཁྲི་3ལྷག་ཙམ་ལ་རོགས་སྐྱོར་བྱས་པ།
སྤེལ་དུས། 2017-12-19   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  དཔའ་མོས་བསྒྱུར།
          ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ན་ནིང་ནས་བཟུང“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་སྤེལ་འགོ་ཚུགས་ཚུན་བོད་ཀྱི་སྤྱི་དབང་མིན་པའི་ཁེ་ལས་560དེའི་ནང་ཞུགས་ནས་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་551ལ་ཆ་སྒྲིག་རོགས་སྐྱོར་བྱས་ཡོད། རིམ་རྩིས་ལྟར་ན། དངུལ་སྒོར་དུང་ཕྱུར་4.25བཏང་ནས་མི་འབོར་དབུལ་པོ་ཁྲི་3.1དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”བྱ་སྤྱོད་ཀྱིས་བོད་ཀྱི་དབུལ་སྐྱོར་གྱི་དོན་དངོས་དང་དེའི་ནང་ཞུགས་པའི་ཁེ་ལས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས “ཁེ་ལས་གཅིག་གིས་གྲོང་ཚོ་མང་པོར་རོགས་སྐྱོར་བྱེད་པ”དང“ཁེ་ལས་གཅིག་གིས་གྲོང་ཚོ་གཅིག་ལ་རོགས་སྐྱོར་བྱེད་པ”“ཁེ་ལས་མང་པོས་གྲོང་ཚོ་གཅིག་ལ་རོགས་སྐྱོར་བྱེད་པ”“ཁེ་ལས་ཀྱིས་ཤང་འགན་གཙང་ལེན་པ”སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་ནས་ཐོན་ལས་ཀྱི་དབུལ་སྐྱོར་དང་། ཚོང་དོན་གྱི་དབུལ་སྐྱོར། ལས་ཞུགས་ཀྱི་དབུལ་སྐྱོར། ཞལ་འདེབས་ཀྱི་དབུལ་སྐྱོར། རིག་སྟོབས་ཀྱི་དབུལ་སྐྱོར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོང་ཚོ་དབུལ་པོའི་དུད་ཚང་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་དང་རོགས་སྐྱོར་ཧུར་ཐག་བྱས་ཡོད་པ་རེད།
          2016ལོར་ལྷོ་ཁ་ཡར་འབྲོག་གཡུ་མཚོ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིས་ཆ་སྒྲིག་རོགས་སྐྱོར་གྱི“དམག་བཀའ་ཁུར་ལེན་ཞུ་ཡིག”ལ་མིང་རྟགས་བཀོད་ནས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་2018ལོར་དབུལ་པོའི་ཞྭ་མོ་འབུད་རྒྱུར་རོགས་རམ་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། ལོ་གཅིག་ལྷག་ཙམ་རིང་ཡར་འབྲོག་གཡུ་མཚོ་འཛུགས་སྐྲུན་ཚད་ཡོད་ཀུང་སིས་དངུལ་སྒོར་ཁྲི་380ལྷག་ཙམ་བཏང་ནས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་བས་མི་འབོར་དབུལ་པོ་མི་ཐེངས་3800ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
          གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་ལེན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་དབང་མིན་པའི་ཁེ་ལས་དང་མི་སྣ་དེ་བས་མང་བ“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ནང་ཞུགས་རྒྱུའི་སྐུལ་སློང་བྱས་ཏེ་བོད་ཀྱིས་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་ཐུབ་རྒྱུར་རོགས་སྐྱོར་བྱས་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716