སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ།
སྤེལ་དུས། 2017-12-20   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  བདེ་སྐྱིད་ཀྱིས་བསྒྱུར།
སློབ་སྦྱོང་གི་གྲུབ་འབྲས་བོད་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོར་སྐུལ་མ་གཏོང་བའི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་དུ་འགྱུར་བ་བྱས་པ།
          ཉེ་དུས། བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱས་ཏེ། “འདུ་ཤེས་བཞི”སྔར་བས་བརྟན་དུ་གཏོང་བ་དང“གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ། འགན་སེམས་ཆེ་རུ་གཏོང་བ། དངོས་འཛིན་དངོས་གྲུབ་ལག་བསྟར་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་བོད་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་དང་ལག་ལེན་ནུས་ལྡན་དུ་འགྱུར་བ་བྱས་པ་རེད།
          ཉེ་དུས། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཆེད་མངགས་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་དོན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཚོགས་འདུའི་ཐོག་པུའུ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། གོ་བ་གཏིང་ཟབ་ལེན་པ། ཁོང་དུ་ཆུད་པ་བྱས་པ་རེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་གཙོ་གནད་ལས་དོན་ལ་དམིགས་ནས་དུས་སང་གི་ལས་དོན་འཆར་འགོད་ཡག་པོ་དང་ལྷག་པར་དུ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། མང་ཚོགས་ལ་སློབ་གསོ་གཏོང་བ། དྲང་ཕྱོགས་ནས་དྲིལ་བསྒྲགས། སྤྱི་ཚོགས་ཐོག་དྲིལ་བསྒྲགས། དྲ་ཐོག་ནས་དྲིལ་བསྒྲགས། ཕྱི་ཕྱོགས་སུ་དྲིལ་བསྒྲགས། རྩེར་སོན་གསར་རྩོམ། བསམ་པའི་དཔལ་ཡོན་སྲོལ་གཏོད། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་དོ་དམ་ཚོད་འཛིན་སོགས་ཀྱི་ལས་དོན་འཆར་འགོད་ནན་པོ་བྱས་ཏེ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་ཟམ་མི་ཆད་པར་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
          ཉེ་དུས། ལྗོངས་མི་སྤྱི་ཐིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོ་འཆང་བ། ནམ་ཡང་འབད་འཐབ་བྱེད་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ་དང་གཏམ་བཤད་འགྲན་བསྡུར་ལ་ཞུགས་མཁན་ཚོས་འགྲན་བསྡུར་གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱེད་པའམ་ཡང་ན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱས་པའི་ཉམས་མྱོང་ལོངས་སྤྱོད་བྱེད་པ་དང་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་ཏང་ཡོན་གྱི་གཏམ་རྒྱུད་བརྗོད་དེ་ཟུར་ཚད་མི་འདྲ་བ་ནས་གསོན་ཉམས་དོད་པའི་སྐད་ཆ་དང་བརྩེ་སེམས་ཟབ་མོས་ཏང་ལ་དགའ་ཞེན་བྱེད་པའི་བསམ་པ་མངོན་པར་བྱས་པ་རེད།
          ཉེ་ཆར། ཆབ་མདོ་གྲོང་ཨུད་རྩ་འཛུགས་པུས་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་འདས་ཟིན་པའི་ལོ་ལྔ་ཡི་ལས་དོན་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་སོགས་ནང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་གྲོང་ཨུད་ཀྱི་འགོ་ཁྲིད་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་བྱས་ཤིང་། ཚང་མས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་སྟངས་འཛིན་ནན་པོ་བྱས་ཏེ་འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་བ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་སློབ་སྦྱོང་གི་གྲུབ་འབྲས་ཆབ་མདོའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་དུ་འགྱུར་བ་བྱ་རྒྱུ་ཡིན་པ་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
          ཉིན་ཤས་བསྟུད་མར་བོད་ལྗོངས་སློབ་ཆེན་གྱིས་སློབ་གྲྭའི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་གྲྭའི་དྲ་བའི་དྲ་ངོས་གཙོ་བོ་དང་། སློབ་གྲྭའི་ཚགས་པར། “བོད་ལྗོངས་སློབ་ཆེན་གྱི་ཁྱབ་བསྒྲགས”ཞེས་པའི་སྐད་འཕྲིན་གྱི་སྤྱི་དམངས་ལས་སྟེགས་སོགས་སུ《ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ》ཞེས་པའི་ཆེད་སྒྲིག་ལེ་ཚན་བཏོད་དེ་བོད་ལྗོངས་སློབ་ཆེན་གྱིས་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་ཞུ་བའི་གསོན་ཉམས་དོད་པའི་ལག་ལེན་དྲིལ་བསྒྲགས་གཏིང་ཟབ་བྱས་པ་རེད། བོད་རྒྱ་ཡིག་རིགས་གཉིས་ཀྱི《ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་དྲིལ་བསྒྲགས་སྦྱར་ཡིག》དུས་ཐོག་ཏུ་སྒྲིག་བཟོ་དང་གཤམ་སྤྲོད་བྱས་ཏེ་སློབ་གྲྭའི་དྲིལ་བསྒྲགས་སྒྲོམ་དང་། ནག་པང་ཚགས་པར། LEDབརྙན་ཤེལ་སོགས་སུ་སློབ་མ་གསར་པ་སློབ་ཞུགས་ཀྱི་སློབ་གསོ་དང་ཟུང་འབྲེལ་གྱིས་གཅིག་སྡུད་ཐོག་དྲིལ་བསྒྲགས་ཡག་པོ་བྱས་པ་རེད།
          ཉེ་ཆར། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས“ཕུགས་འདུན་དོན་གཉེར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཕྱོགས་བསྡུས་ལག་ལེན་བྱེད་སྒོ་སྤེལ་འགོ་ཚུགས་ཡོད། ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་དཔེ་སྟོན་རང་བཞིན་གྱི་ཕྱོགས་བསྡུས་ལག་ལེན་རྟེན་གཞིའི་སྲིད་འཛིན་ཁོའི་འགན་འཁུར་བ་ལིའུ་ཡན་ཉིང་གིས“ང་ཚོའི་ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་ས་ཚིགས་ཐོག་མས་འདམ་གཞུང་རྫོང་གི་ཕུལ་བྱུང་སློབ་ཆུང་སློབ་མ་ལག་ལེན་དངོས་ཀྱི་རྟེན་གཞིར་གདན་དྲངས་པ་དང་ཉམས་ཞིབ་ཀྱི་བྱེད་སྒོ་དེ་ལྟ་བུའི་ནང་ཞུགས་པའི་དམིགས་ཡུལ་ནི་སློབ་མ་ཚོས་ལག་ལེན་ཁྲོད་སློབ་སྦྱོང་དང་། རྩེད་མོའི་ཁྲོད་སློབ་སྦྱོང་། ལག་པ་འགུལ་བའི་བརྒྱུད་རིམ་ཁྲོད་ཤེས་བྱ་སྦྱོང་བ་སོགས་བྱས་ཏེ་དགའ་སྤྲོ་ཉམས་སུ་མྱོང་བ་དང་འཚར་ལོངས་ཚོར་ཐུབ་པ་བྱ་རྒྱུ་དེ་རེད། བྱེད་སྒོ་དེ་ལྟ་བུ་བརྒྱུད་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བྱིས་པ་ཚོའི་སེམས་ལ་རྩ་བ་ཚུགས་པ་དང་མྱུ་གུ་འབུས་པ་མ་ཟད། མཚར་སྡུག་ལྡན་པའི་མེ་ཏོག་ཤར་ཐུབ་པའི་རེ་བ་ཡོད”ཅེས་བཤད།
          ཉིན་ཤས་བསྟུད་མར་དྲག་ཆས་ཉེན་རྟོག་ལྷ་ས་གྲོང་ཁྱེར་ཉིང་ལག་རུ་ཁག་རུ་འབྲིང་ཉེར་དགུ་པའི་དཔོན་དམག་ཚོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཏང་ནན་པོས་སྐྱོང་བའི་དཔོན་དམག་ཚོའི་ངོས་འཛིན་ཟབ་ཏུ་བཏང་བས། དཔོན་དམག་ཚོའི་ཏང་ལ་དགའ་ཞེན་དང་ཏང་གི་ཆེད་དུ་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་ཆབ་སྲིད་ཀྱི་དད་སེམས་སྔར་བས་བརྟན་དུ་སོང་ཡོད། རུ་འབྲིང་ཏང་ཀྲི་པུས་འཕྲལ་མར་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཇི་ལྟར་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན“སློབ་སྦྱོང་ཡག་པོ་བྱེད་པ་དང་། ཁོང་དུ་ཡག་པོ་ཆུད་པ། ལག་བསྟར་ཡག་པོ་བྱེད་པ”བཅས་ཀྱི་ཐད་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716